​རྩོམ་འབྲི་ན་གཞོན་རྣམས་ལ་གདམས་པ།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2020 ལོའི་ཟླ 5 ཚེས 31 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བཅད་རྩོམ། »​རྩོམ་འབྲི་ན་གཞོན་རྣམས་ལ་གདམས་པ།
​རྩོམ་འབྲི་ན་གཞོན་རྣམས་ལ་གདམས་པ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2016-08-30ལྟ་ཀློག (1250)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


རྩོམ་འབྲི་ན་གཞོན་རྣམས་ལ་གདམས་པ།

དོར་ཞི་གདོང་དྲུག་སྙེམས་བློ།
གང་ཞིག་མཐོང་ན་མཛེས་སྡུག་ལོངས་སྤྱོད་མཁན།།
ཡིད་འཛིན་ནུས་པ་ཉམས་པའི་ཕུལ་བྱུང་གཟུགས།།
ཐོས་ཚེ་འཁྱུག་འཁྱུག་དྲན་རྟོག་གསེར་མིག་མ།།
བདེ་ཆེན་དབྱིངས་སུ་འཆི་སྦྱོར་སྙན་འཇེབས་དབྱངས།།
ངོ་མཚར་རིག་པའི་འཕྲུལ་གྱིས་བསྐྲུན་མཁས་པ།།
དེ་དག་སྒྱུ་རྩལ་མཁན་དུ་འཇིག་རྟེན་གྲགས།།
དཀྱིལ་འཁོར་བསྐྱེད་བཞིན་ཕྱི་རོལ་ཡུལ་ལྗོངས་དང་།།
ལྷ་ཚོགས་བཀོད་བཞིན་ནང་གི་རྒྱལ་བློན་འབངས།།
འགྲོ་དོན་མཛད་བཞིན་ཅི་འདོད་ལས་བྱེད་པ།།
སྒྲུང་དང་ཟློས་གར་ལྷ་ཡི་བསྐྱེད་ཆོག་བཞིན།།
རིས་བྲིས་སྒྱུ་རྩལ་ཚོན་ལ་བརྟེན་པ་དང་།།
འབག་བཟོའི་སྒྱུ་རྩལ་འཇིམ་པར་བརྟེན་དགོས་བཞིན།།
རྩོམ་གྱི་སྒྱུ་རྩལ་ཚིག་ལ་བརྟེན་དགོས་ཕྱིར།།
ཚིག་གམ་ངག་གི་སྒྱུ་རྩལ་ཞེས་པར་གྲགས།།
ནེ་ཙོས་མི་སྐད་སྨྲ་བ་ཙམ་མིན་པར།།
མཚར་ཞིང་རྣོ་བའི་རང་སྐད་ཁྱད་ཐོན་པ།།
ཚིགས་བཅད་ཚིག་ལྷུག་ཀུན་གྱི་གཞི་ཡིན་པས།།
རྩོམ་ལ་དགའ་ན་ཐོག་མར་སྐད་ལ་སྦྱོངས།།
ཡིག་ངོར་སྦྱར་ན་དག་ཆ་བརྡ་སྤྲོད་དང་།།
སྙན་ཆ་སྙན་ངག་རྣོ་ཞིབ་ནུས་པའི་ཆ།།
བསྡུས་གྲྭའི་གཞུང་ལ་མ་བརྟེན་ཐོན་མིན་པས།།
སྒྲ་ཚད་སྙན་ངག་གཞུང་ལ་སྦྱང་བར་བྱ།།
མུ་ཏོའི་རྩམ་ཁུག་ལྟ་བུའི་བློ་མིག་ལས།།
ཟབ་ཡངས་ཤེས་བྱའི་རི་གླིང་ཐོན་དཀའ་བས།།
རྒྱ་ཆེན་གཞུང་ལུགས་ཤེས་བྱའི་ནམ་མཁའི་མཛོད།།
འབྱེད་པའི་ཐོས་བསམ་ལྡེ་མིག་ལག་ཏུ་ལོངས།།
ཚིག་གི་ཉམས་དང་དོན་གྱི་འགྱུར་བག་སོགས།།
མ་སྦྱངས་ལྷན་སྐྱེས་རྩལ་གྱིས་མི་ཐོན་པས།།
སྔོན་གྱི་མཁས་པའི་བཅད་ལྷུག་གསུང་རྩོམ་སོགས།།
ཡང་ལྟོས་འོར་ལྟོས་ལག་ཆ་ལེན་པ་གཅེས།།
སྐད་ཡིག་གཞུང་ལུགས་རྩྭ་ལྟར་དོར་བྱས་ཤིང་།།
མ་བསླབས་མ་སྦྱངས་གླེན་པའི་ང་རྒྱལ་གྱིས།།
རང་སྣང་གང་ཤར་ལྡབ་ལྡིབ་སྨྲ་བ་སོགས།།

རྩོམ་དུ་རློམ་པ་སྨྱོན་པའི་ཟློས་གར་ཡིན།།

རྩོམ་ཡིག་ཕབ་བཤུ་བ།  ནག་ཙན་དན།


རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་། 


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། sphv བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
6362206
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།