​​བོད་ཀྱི་གསོ་རིག་མཁས་དབང་སྨན་པ་ཏིང་འཛིན་ལགས་ཀྱི་མཛད་འཕྲིན།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 18 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། » ​​བོད་ཀྱི་གསོ་རིག་མཁས་དབང་སྨན་པ་ཏིང་འཛིན་ལགས་ཀྱི་མཛད་འཕྲིན།
​​བོད་ཀྱི་གསོ་རིག་མཁས་དབང་སྨན་པ་ཏིང་འཛིན་ལགས་ཀྱི་མཛད་འཕྲིན།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2016-08-27ལྟ་ཀློག (9782)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


 བོད་ཀྱི་གསོ་རིག་མཁས་དབང་སྨན་པ་ཏིང་འཛིན་ལགས་ཀྱི་མཛད་འཕྲིན། 

གསར་འགོད་པ།  ཀརྨ་ལམ་བཟང་། 

   དེ་ཡང་བོད་གངས་རིའི་ལྗོངས་ཀྱི་མཁས་གྲུབ་སྔ་མ་རྣམས་ཀྱིས་ཚད་མར་འཛིན་ཞིང་འཚོ་བྱེད་ཀུན་གྱི་སྤྱི་ནོར་ལྟ་བུའི་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་སྔ་གྲས་སུ་གྲགས་པ་སྨན་དཔྱད་ཟླ་བའི་རྒྱལ་བོ་ནི་དུས་རབས་བརྒྱད་པ་ཙམ་དུ་བྱུང་ལ། དེ་ནས་དུས་རབས་བཅུ་གསུམ་པའི་བར་དུ་གཞུང་འདི་ལ་སློབ་གཉེར་བྱེད་པ་ཆེས་མང་དུ་བྱུང་བ་དང་། ལྷག་པར་དུ་སྨན་པ་འབུམ་རམས་པའི་སྟེགས་སུ་འཛེགས་པའི་ཐེམ་སྐས་ཀྱི་རིགས་ཡ་གྱལ་ཞིག་ཡིན། གཞུང་ལུགས་འདིར་ལུས་ཀྱི་གྲུབ་ཚུལ་དང་ནད་གཞི་ངོས་འཛིན། ཐུན་མོང་མ་ཡིན་པའི་གསོ་ཐབས་ལག་ལེན་སོགས་འཐུས་སྒོ་ཀུན་ནས་ཚང་བ་ཞིག་ཡིན་ཡང་། གཞུང་ལུགས་ཆ་ཚང་གི་ཚིག་དོན་གཉིས་ཆ་ནས་གོ་བ་བྱང་ཆུབ་པར་ལེན་པ་ཤིན་ཏུ་དཀའ་བའི་གནས་སུ་འདུག་པས་ལོ་རྒྱུས་ཐོག་གསོ་རིག་སྨྲ་བ་སུས་ཀྱང་འགྲེལ་མ་ཕོག་པར་ད་ལྟའི་བར་དུ་ལུས། དེ་བས་དུས་རབས་བཅུ་གསུམ་པ་མན་ནས་རིམ་གྱིས་ཁྲིད་རྒྱུན་ཡོངས་སུ་ཉམས་ཤིང་ད་ལྟ་གངས་རིའི་ལྗོངས་སུ་རིག་གཞུང་འདིའི་ལུང་རྒྱུན་ཙམ་ཡོད་པ་ལས་འཆད་ཁྲིད་ཀྱི་རྒྱུན་རྩ་བ་ནས་ཆད་འདུག་པ་སུས་ཀྱང་མཁྱེན་གསལ་རེད། ཡིན་ཡང་དགའ་འོས་པ་ཞིག་ལ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གདན་ཞུས་སློབ་དཔོན། བོད་ཀྱི་གསོ་རིག་མཁས་དབང་མགོ་ལོག་དབང་ཆེན་འབུམ་གྱི་རྒན་ཏིང་འཛིན་མཆོག་གིས་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་འགང་ཆེན་འདི་ལྟ་བུ་ཞིག་ཉམས་རྒུད་དུ་གྱུར་བ་ཐུགས་ཀྱིས་མ་བཟོད་པར་མི་ལོ་དྲུག་གི་རིང་ལ་དཀའ་བ་ཁྱད་དུ་བསད་ནས་གཞུང་འདིའི་དཔེ་གཞི་མི་འདྲ་བ་དུ་མར་ཞིབ་འཇུག་དང་དཔྱད་བསྡུར་གནད་སྨིན་པ་བྱས་ཏེ་སྨན་དཔྱད་ཟླ་བའི་རྒྱལ་བོའི་འགྲེལ་ཆེན་ལྷག་བསམ་ཟླ་བ་དཀར་བོའི་ཟེར་མདངས་ཞེས་ཁ་གསལ་ཞིང་གནད་ལ་འཁེལ་བའི་པོད་ཏི་གསུམ་གྱི་བདག་ཉིད་ཅན་གྱི་གཞུང་འགྲེལ་ཆ་ཚང་བ་ཞིག་ལེགས་པར་བརྩམས་ཤིང་གྲུབ་པ་དང་། ད་ལན་ཁོང་གིས་བོད་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་འཚོ་བྱེད་དོན་གཉེར་ཅན་བརྒྱ་ཕྲག་གཉིས་ལྷག་ལ་གཞུང་ཆེན་འདིའི་རྩ་འགྲེལ་དང་གཞུང་བཤད་ལག་ལེན་ཆ་ཚང་གི་དཔེ་ཁྲིད་གནང་། དེ་དང་ཆབ་ཅིག་ཁོང་གིས་བརྩམས་པའི་དཔྱད་མཆོག་ཐུར་མའི་དགོངས་འགྲེལ་རིན་ཆེན་བཻ་ཌཱུར་སྔོན་པོའི་དོ་ཤལ་བློ་གསལ་མགུལ་རྒྱན་ཞེས་པའི་ཐུར་མའི་ལག་ལེན་གྱི་རྒྱས་འགྲེལ་དང་། རྡོ་རྗེ་དབྱུག་པའི་བཅོས་ཐབས་ཀྱི་མན་ངག་ཕྱོགས་བསྡུས་གཉིས་ཀྱང་རེ་རེ་ནས་ཞིབ་ཁྲིད་གནང་། འདི་ནི་དོན་དང་མཐུན་པའི་མི་རིགས་ཀྱི་རིག་གནས་ཉམས་པ་སླར་གསོ་ཞིག་ཡིན་ལ།  བོད་ཀྱི་གསོ་བ་རིག་པའི་འོད་སྣང་གསར་བ་ཞིག་སླར་ཡང་གངས་རིའི་ལྗོངས་སུ་ཤར་བར་བྱས་པའང་ཡིན་ནོ།། 


རྒན་ཏིངའཛིན་མཆོག་གིས་སྨན་དཔྱད་ཟླ་བའི་རྒྱལ་བོའི་འགྲེལ་ཆེན་གྱི་ཁྲིད་གནང་བཞིན་པ། 


མདོ་དབུས་ཁམས་གསུམ་ནས་ཐེངས་འདིའི་དཔེ་ཁྲིད་ལ་སླེབས་པའི་ཁོང་གི་སློབ་མ། 


ཁོང་གིས་བརྩམས་པའི་པོད་གསུམ་གྱི་བདག་ཉིད་ཅན་གྱི་སྨན་དཔྱད་ཟླ་བའི་འགྲེལ་ཆེན་ལྷག་བསམ་དཀར་པོའི་ཟེར་མདངས་ཞེས་བྱ་བ།




སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། khao བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23493368
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།