སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་ཉེ་ཆར་ཡུལ་ཤུལ་དུ་བསྐྱངས་པའི་མཛད་འཕྲིན།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་ཉེ་ཆར་ཡུལ་ཤུལ་
སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་ཉེ་ཆར་ཡུལ་ཤུལ་དུ་བསྐྱངས་པའི་མཛད་འཕྲིན།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2016-08-17ལྟ་ཀློག (7217)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

དུས་ཀྱི་འོད་སྣང་ཡུལ་ཤུལ་ཕྱོགས་སུ་འཕྲོས། 
    ( སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་ཉེ་ཆར་ཡུལ་ཤུལ་དུ་བསྐྱངས་པའི་མཛད་འཕྲིན། )

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་དཔོན་ཆེན་མོ། མཁས་དབང་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་སྤྱི་ལོ ༢༠༡༦ ལོའི་ཟླ ༨ པའི་ཚེས ༡༥ ཉིན་ཟབ་དོན་དབུ་མའི་བགྲོ་གླེང་སྐབས་དྲུག་པ་དང་། སེར་ཤུལ་དགོན་མཐོ་རིམ་ནང་བསྟན་སློབ་གླིང་གི་མཐོ་རིམ་རབ་འབྱམས་པའི་མཛད་སྒོ་བཅས་ཀྱི་མཛད་རིམ་དག་ལེགས་པར་མཇུག་གྲུབ་སྟེ། བོད་ཡུལ་མདོ་ཆེན་གསུམ་གྱི་ཡ་གྱལ་སྒ་སྐྱེ་དགུ་མདོ་རུ་ཕྱག་ཕེབས་གནང་། 
  
   ༡༽  ཕྱི་དྲོ་དེར་དཔལ་རི་གླིང་དགེ་ལས་ཚོགས་པས་གདན་འདྲེན་དང་གོ་སྒྲིག་ཞུས་པ་ལྟར་གེ་སར་གསོལ་མགྲོན་ཁང་དུ། ཡུལ་ཤུལ་ཁུལ་གྱི་བོད་སྐད་ཡིག་སློབ་གསོའི་བྱ་བཞག་ལ་མཛད་རྗེས་འབུར་དུ་ཐོན་པའི་མཁས་པ་ཚེ་དབང་བཀྲ་ཤིས་དང་། སློབ་གཙོ་དབང་འདུས་སོགས་དབུས་སུ་བཞུགས་པའི་བོད་ཡིག་དགེ་རྒན་གང་མང་དང་། མཁན་པོ་དམ་ཆོས་ཟླ་བ། མཁན་པོ་ཚེ་འགྱུར། སྦྱིན་པ་ཚོགས་པའི་ཚོགས་གཙོ་གཞོན་པ། དམངས་ཕན་ཚོགས་པ་དང་བྱམས་བརྩེ་ཚོགས་པའི་ཚོགས་གཙོ། ཁུལ་གྱི་སློབ་གྲྭ་ཁག་གི་སློབ་གཙོ་དང་དགེ་རྒན། ཁུལ་བརྙན་འཕྲིན་ལས་ཁུངས་དང་། ཁུལ་སྲིད་གྲོས་ཚང་བཅས་གདན་འཛོམས་པའི་ཚོགས་འདུའི་སྟེང་སློབ་དཔོན་མཆོག་གིས་མི་ལོ་ཉི་ཤུ་ལྷག་ལ་བོད་ཀྱི་གཞི་རིམ་སློབ་གསོར་ཕྱག་ལས་གནང་བའི་ཉམས་མྱོང་དང་འབྲེལ་དགེ་རྒན་གྱི་འགན་འཁྲི་སོགས་ཀྱི་སྐོར་ནས་གསུང་བཤད་དང་བགྲོ་གླེང་ཡིད་འཁུལ་བ་གནང་།

ཡུལ་ཤུལ་ཁུལ་གྱི་སློབ་གསོའི་བྱ་བཞག་ལ་འབྲེལ་བ་དམ་ཟབ་ཡོད་པའི་མི་སྣ་ཕོན་ཆེན་དང་ལྷན་དུ་བགྲོ་གླེང་གསུང་བཤད་གནང་བ།

༢༽ མཚན་མོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནས་སྔ་ཕྱིར་མཐར་ཕྱིན་པའི་ཡུལ་ཤུལ་གྱི་རྫོང་ཁག་དྲུག་གི་སློབ་མ་རྣམས་དང་ལྷན་འཛོམས་ཀྱིས། སློབ་མ་དག་ལ་བོད་ཀྱི་རང་གཤིས་གཙང་མ་འདོར་མི་ཉན་ཚུལ་ནས་སྤྱི་ཕན་གྱི་བྱ་བཞག་ཕྲ་མོ་ཚུན་ཆད་ལ་མཉམ་ཞུགས་བྱས་ཏེ། ཉག་ཕྲ་བའི་ཡུལ་ཤུལ་གྱི་སློབ་གསོའི་བྱ་བཞག་ལ་ལེགས་སྐྱེས་གང་ཐུབ་དབུལ་དགོས་པའི་ཐུགས་རེ་ནན་མོ་བཏོན།

༣༽ ཚེས་༡༦ ཉིན་གྱི་སྔ་དྲོར་བཀའ་བརྒྱུད་པའི་མཁན་ཆེན་ཚུལ་རྣམ་མཆོག་གི་ཐུགས་བསྐྱེད་ལས་འཁྲུངས་པའི་དཔལ་རི་གླིང་དགེ་ལས་ཚོགས་པའི་གདན་ཞུས་ཞལ་བཞེས་མཛད་དེ། དཔལ་རི་གླིང་སློབ་གྲྭར་གཟིགས་ཞིབ་དང་བཀའ་སློབ་ལམ་སྟོན་གནང་ཞིང་། ཁོང་སྐུ་དངོས་ནས་དཔལ་རི་གླིང་དགེ་ལས་ཚོགས་པར་རིན་ཐང་ཆེ་བའི་ཤིས་ཚིག་ལེགས་སྐྱེས་ཕྱག་བྲིས་གནང་།

  ཡུལ་ཤུལ་གྱི་མཁས་པ་ཚེ་དབང་བཀྲ་ཤིས་དང་། ཤེས་རབ་འོད་སྣང་སློབ་གླིང་གི་སློབ་གཙོ་ཕུན་ཚོགས་དར་རྒྱས། དཔལ་རི་གླིང་དགེ་ལས་ཚོགས་པའི་མཁན་པོ་ཀུན་དགའ་གསུམ་དང་ལྷན་དུ་འདྲ་པར་བསྐྱོན་པ།

ཁུལ་མཐོ་འབྲིང་གཉིས་པར་ཡུལ་ཤུལ་གྲོང་ཁྱེར་གྱི་མཐོ་འབྲིང་གསུམ་གྱི་དགེ་རྒན་དང་སློབ་མར་གསུང་བཤད་གནང་བ།

ཚོགས་ཞུགས་དགེ་སློབ་ཡོངས་ཀྱིས་གཏམ་བཤད་ལ་ནན་ཏན་གྱིས་ཉན་བཞིན་པ།

ཡུལ་ཤུལ་གྱི་བོད་སྐད་ཡིག་སློབ་གསོའི་བྱ་བཞག་ལ་མཛད་རྗེས་ཆེ་བའི་ཁུལ་མཐོ་འབྲིང་གཉིས་པའི་སློབ་གཙོ་དབང་འདུས་མཆོག་དང་མཉམ་དུ།


  ༤༽ ཚེས་༡༦ ཉིན་གྱི་ཉིན་གུང་སླར་ཡང་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནས་མཐར་ཕྱིན་པའི་ཡུལ་ཤུལ་གྱི་སློབ་མ་རྣམས་དང་མཉམ་དུ་གསོལ་ཚིགས་བཞེས་ཤིང་། མཛའ་བརྩེའི་གསུང་གླེང་གང་ཟབ་མཛད་གྲུབ་མཚམས། ཡུལ་ཤུལ་ཁུལ་མཐོ་འབྲིང་གཉིས་པས་གདན་དྲངས་ཏེ་མཐོ་འབྲིང་དགེ་རྒན་དང་། དཔལ་རི་གླིང་དགེ་ལས་ཚོགས་པའི་ཚོགས་མི། ཁུལ་མི་རིགས་མཐོ་འབྲིང་དང་བོ། ཁུལ་མི་རིགས་མཐོ་འབྲིང་གཉིས་པ། ཁུལ་བརྒྱད་གཅིག་ལག་རྩལ་སློབ་གྲྭ་སྟེ་སློབ་གྲྭ་གསུམ་གྱི་དགེ་སློབ་རྣམས་ལ་སློབ་སྦྱོང་གི་ཐབས་ལམ་སྐོར་ནས་དུས་ཚོད་གཅིག་ལྷག་རིང་འཆད་ཁྲིད་མཛད་ཅིང་། ཁུལ་མཐོ་འབྲིང་གཉིས་པའི་དཔེ་མཛོད་ཁང་དང་། གེ་སར་ལྷ་ཁང་། སློབ་ཁང་བཅས་སུ་གཟིགས་ཞིབ་ཏུ་ཕེབས། ཕྱི་དྲོར་དཔལ་རི་གླིང་དགེ་ལས་ཚོགས་པ་དང་། རྭ་རྒྱ་ནས་མཐར་ཕྱིན་པའི་ཡུལ་ཤུལ་སློབ་མ་དག་དང་ལྷན། ལོ་རྒྱུས་ཀྱི་དོན་སྙིང་ལྡན་ཞིང་བྱིན་རླབས་ཀྱི་ཚན་ཁ་གཞན་ལས་ཆེ་བའི་ཡུལ་ཤུལ་རྒྱ་ནག་མ་ཎི་དང་། འབིས་རྣམ་པར་སྣང་མཛད་གཉིས་སུ་མཇལ་སྐོར་དུ་བྱོན།

ཁྲ་འགུ་དགོན་པ་དང་གངས་ལྗོངས་རིས་མེད་སྨོན་ལམ་ཆེན་མོར་ཕེབས་པ།


༥༽  ཚེས ༡༧ ཉིན་བཀའ་བརྒྱུད་པའི་ཆོས་སྡེ་ཆེན་པོ་ཁྲ་འགུ་དགོན་པ་དང་། གངས་ལྗོངས་རིས་མེད་སྨོན་ལམ་ཆེན་མོའི་གོ་སྒྲིག་ཚོགས་པས་གདན་དྲངས་པ་ལྟར་སྡེ་དགོན་གཉིས་ལ་ཆོས་ཁྲིད་མཛད་དེ་ཐེངས་འདིའི་ཡུལ་ཤུལ་ཕྱོགས་ཀྱི་མཛད་རིམ་དག་ལེགས་པར་མཇུག་གྲུབ་བོ། །

གུས་སློབ་ཡོངས་ཀྱི་གྲལ་མཐར་འཁོད་པའི་སྤྲང་འཁྱམས་གླིང་རུ་བསམ་འགྲུབ་ཚེ་རིང་གིས་ཟླ་ཚེས་དགེ་བར་ཀུན་ལ་ཕན་པའི་བློས་བསྐུལ་ཏེ་གསར་འགྱུར་དུ་སྤེལ། ༢༠༡༦ / ༨ / ༡༧

གསར་འགྱུར་མཁོ་སྤྲོད་པ།  གསར་འགོད་པ་གླིང་བུའི་སྙེ་མ།


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ། ཨ་བུ་འབྲོང་།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། da2g བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23500253
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།