གསེར་ལྡན་རྒྱལ་ཁབ་དང་བདག་གི་མཐོང་ཐོས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »གསེར་ལྡན་རྒྱལ་ཁབ་དང་བདག་གི་མཐོང་ཐོས།
གསེར་ལྡན་རྒྱལ་ཁབ་དང་བདག་གི་མཐོང་ཐོས།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2016-08-17ལྟ་ཀློག (7134)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གསར་འགོད་པ་གསེར་ལྡན་རྒྱལ་ཁབ་ཏུ་བསྐྱོད་པ།

གསེར་ལྡན་རྒྱལ་ཁབ་གྱི་རྒྱལ་ས་མན་ཀུའུ་ཕོ་བྲང་།

ཕོ་བྲང་འདི་ནི་༡༧༨༢ ལོར་མན་ཀུའུ་རྒྱལ་རབས་དང་བོ་ནས་གསར་བཟོ་མཛད་ཅིང་ད་ལྟའི་བར་ཕོ་བྲང་འདིའི་ནང་དུ་རྒྱལ་རབས་དགུའི་རིང་དུ་ཆོད་སྲིད་ལུགས་གཉིས་ཀྱི་རྒྱུན་བསྐྱངས་པར་བཤད།  ཕོ་བྲང་འདིའི་སྤྱིའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་༢༡༨༠༠༠ ཡོད་པ་དང་། རིང་ཚད་ལ་རྨིད་༡༩༠༠ཡོད། མཐའ་སྐོར་དུ་འཛམ་གླིང་གི་ཡུལ་གྲུ་སོ་སོ་ནས་ཐོན་པའི་ཡུལ་སྐོར་ལྗོངས་རྒྱུ་བ་སྟོང་ཕྲག་མང་བོ་འདུ་བཞིན་ཡོད།

ཀུའུ་རྒྱལ་རབས་དང་བོ་ནས་དགུ་བའི་བར་གྱི་རྒྱལ་རབས་རིམ་བྱོན།

མན་ཀུའུ་ཕོ་བྲང་ཆེན་མོའི་མདུན་ཟུར་གྱི་གཡུ་སྐྱ་དགོན་པ།


དགོན་འདིའི་ནང་རྟེན་གཙོ་བོ་སྟོན་པའི་སྐུ་བརྙན་གྱི་རྒྱུ་ཆ་ནི་རིན་པོ་ཆེ་གཡུ་ལས་གྲུབ་པས་ན་གཡུ་སྐྱ་དགོན་པ་ཞེས་བཤད་པར་གྲགས་ལ། སྐུ་བརྙན་གྱི་མཐོ་ཚད་ལིས་རྨིད་༦༦ དང་ཞེང་ཚད་ལ་ལིས་རྨིད་༤༨-༣ ཡོད་པར་བཤད་ཅིང་། དགོན་པ་འདི་ལ་ལོ་ངོ་ཉིས་སྟོང་ལྷག་གི་ལོ་རྒྱུས་ཡོད་པར་གྲགས་སོ།།

གསེར་དང་རྡོ་རྗེ་ཕ་ལམ་སོགས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གོང་མའི་རིན་ཆེན་འགྲེམས་སྟོན་ཁང་ཆེན་མོ།


འགྲེམས་སྟོན་ཁང་འདིར་འཛམ་གླིང་ན་མིང་དུ་གྲགས་པའི་ཡུ་ཏ་ལིའི་རི་མོ་བ་གྲགས་ཅན་སོགས་ཆེད་ལས་མཁས་པ་མང་པོའི་ལག་རྩལ་ལས་ཐོན་པ། གསེར་དངུལ་སོགས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་བརྩམས་ཆོས་རྨད་བྱུང་བ་མང་བོ་ཡོད་པ་དེས་མིའི་ཡིད་དབང་ཅིག་ཅར་དུ་འཕྲོག་པར་བྱེད།

       རིན་པོ་ཆེ་མུ་མིན་མུ་ཏིག་དང་ཆུ་ཤེལ་སྣ་ཚོགས། གསེར་དངུལ་གྱི་ཕྲ་རྒྱན་སོགས་རིན་པོ་ཆེ་སྣ་ཚོགས་ཕྱིར་འཚོང་དང་འགྲེམས་སྟོན་བྱ་ཡུལ་གྱི་འགྲེམས་ཚོང་ཁང་ཆེ་ཤོས་སུ་གྲགས་པའི་ཚོང་ར།

ཚོང་རའི་ཕྱི་རོལ་ཏུ་མགྲོན་པོར་སྒུག་གྱིན་པའི་སྣེ་ཤན་པ་དང་ཡུལ་སྐོར་བ།


  མན་ཀུའུ་རྒྱལ་ས་ནས་ཤར་ཕྱོགས་སུ་སྤྱི་ལེ་༢༠༨ཀྱི་མཚམས་སུ་ཡོད་པའི་རོ་ཡོང་ཕོ་བྲང་དུ་གནས་པའི་རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་ས་ཁུལ་སྟེ་ཧྲ་མེ་བྱེ་གླིང་དང་ཞི་བདེ་རྒྱ་མཚོའི་གླིང་དུ་བསྐྱོད་པའི་བཞིན་པའི་ཡུལ་སྐོར་བ།

པ་ཐྲ་ཡ་མཚོ་འགྲམ་སྤྲོ་སྐྱིད་གླིང་དུ་ཁྱད་མཚར་བའི་མཛེས་ལྗོངས་དང་ཞི་བདེ་རྒྱ་མཚོ་ལ་རོལ་བཞིན་པ།

ཧྲ་མེ་བྱེ་གླིང་ནས་སྤྱི་ལེ་༡༢༠མཚམས་སུ་ཡོད་པ། གསེར་ལྡན་རྒྱལ་ཁབ་གྱི་ཁྱད་མཚར་བའི་མཛེས་ལྗོངས་ཆེན་གསུམ་གྱི་ཡ་གྱལ་དུ་གྲགས་པ། ཆེས་མིང་དུ་གྲགས་པའི་དགེ་བཤེས་རྣམས་ཀྱི་སྐུ་གདུང་མཆོད་རྟེན་བཞུགས་སའི་གོང་མའི་མཆོད་ཁང་།


རྒྱ་གར་རྡོ་རྗེ་གདན་གྱི་བཞེངས་ཚུལ་ལྟར་བཞེངས་ཤིང་སངས་རྒྱས་ཀྱི་མཛད་པ་མཛད་ཚུལ་དང་དགྲ་བཅོམ་པའི་སྐུ་བརྙན་སོགས་བཞུགས་པའི་ལྷ་ཁང་ཆེན་མོ།


གསེར་ལྡན་རྒྱལ་ཁབ་གྱི་གོང་མ་ཁྲིར་བཞུགས་ནས་ལོ་འཁོར་ལྔ་བཅུ་ལོན་པར་རྟེན་འབྲེལ་ཞུ་མཚོན་དུ་གསེར་ནག་རྒྱ་མ་སྟོང་ཕྲག་བརྒྱད་ལྷག་བཏང་སྟེ་ཆེད་དུ་བཞེངས་ཤིང་།  སྐུའི་གཟུངས་གཞུག་ལ་སྟོན་པ་ཤཱཀྱ་ཐུབ་པའི་རིང་བསྲེལ་སོགས་བཞུགས་པར་གྲགས་པའི་སྟོན་སྐུ་གསེར་བྲིས་ཆེན་མོ།


གསེར་ལྡན་རྒྱལ་ཁབ་གྱི་ཁྱད་མཚར་4D ཅན་གྱི་གློག་བརྙན་ཟློས་གར་ཁང་།

གླང་ཆེན་གྱིས་འཁྲབ་སྟོན་བརྒྱུད་ལྭ་བའི་སྟེང་རི་མོ་འབྲི་བཞིན་པའི་ཡུལ་དངོས།

      མིང་དུ་གྲགས་པའི་གསེར་མའི་གླིང་ཕྲན་དུ་མཆོང་གདུགས་ཕུབ་ཏེ་བར་སྣང་དུ་བསྐྱོད་པ་དང་མཚོ་གཏིང་དུ་འཛུལ་བ།  རྒྱ་མཚོའི་མཐའ་སྐོར་གྱི་རང་བྱུང་མཛེས་ལྗོངས་ལ་རོལ་བ།

མཆོང་གདུགས་ལས་བར་སྣང་ལ་བསྐྱོད་པར་ཕྲེང་སྒྲིག་ནས་སྟ་གོན་བྱེད་བཞིན་པ།

གྲུ་གཟིངས་སྟེང་བར་སྣང་ལ་ཆས་འགོ་རྩོམ་བཞིན་པའི་ཡུལ་སྐོར་བ།


པ་ཐྲ་ཡ་དང་མན་ཀུའུ་རྒྱལ་ས་གཉིས་ཀྱི་མཚམས་སུ་བཞེངས་ཡོད་པའི་ཚངས་པའི་ལྷ་ཁང་།

ལྷ་ཁང་འདིའི་རྟེན་གཙོ་བོ་ནི་འཕགས་ཡུལ་དུ་གདན་དྲངས་པའི་ཚངས་པ་སེར་བོ་གདོང་བཞི་བའི་སྐུ་བརྙན་ཡིན་ལ།  ས་དེའི་མི་རྣམས་དང་སྣེ་ཤན་པས་བཤད་པ་ལྟར་ན་འཇིག་རྟེན་བྱེད་པོ་ནི་ལྷ་ཚངས་པ་ཡིན་པས་དེ་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་ན་འགྲོ་དོན་མྱུར་དུ་འགྲུབ་ཅིང་ཚེ་རིང་ནད་མེད་འོང་བ་ཡིན་ཞེས་བཤད།

འཛམ་གླིང་གི་རི་མོ་བ་གྲགས་ཅན་གྱིས་བྲིས་པའི་འབུར་གཟུགས་རང་བཞིན་ཅན་གྱི་རི་མོ་འགྲེམས་སྟོན་ཁང་གི་ལྡེབས་རིས།


འཛམ་གླིང་གི་རི་མོ་བ་གྲགས་ཅན་གྱིས་བྲིས་པའི་འབུར་གཟུགས་རང་བཞིན་ཅན་གྱི་ལྡེབས་རིས་རི་མོ།

དུས་རབས་༡༧ པ་ནས་ད་ལྟའི་བར་དུ་བྱུང་མ་མྱོང་བའི་གནའ་རབས་ཤིང་བརྐོས་སྒྱུ་རྩལ་ཕུལ་དུ་བྱུང་བའི་བདེན་ལུགས་དགོན་པ།  འདི་ནི་སྤྱི་ལོ་1981 ལོར་གསར་བཞེངས་མཛད་པར་བཤད་ལ།    དགོན་པ་འདིའི་རྒྱ་ཁྱོན་ལ་ས་མུའུ་༣༢ དང་ལྷ་ཁང་ནང་གི་ཆེ་ཆུང་ལ་རྨིད་གྲུ་བཞི་མ་༢༡༡༥ ཡོད།  མཐོ་ཚད་ལ་རྨིད་བརྒྱ་དང་རིང་ཚད་ལ་རྨིད་བརྒྱ་ཡོད་པར་མ་ཟད། འདི་ནི་ཤར་ཕྱོགས་རིག་གནས་སྒྱུ་རྩལ་གྱི་ཉིང་བཅུད་ལྟ་བུར་གྱུར་ཡོད་ཞེས་བཤད་དོ།།

ཕུལ་ཏུ་བྱུང་བའི་ཤིང་བརྐོས་སྒྱུ་རྩལ་གྱི་ཟུར་ངོས་ཞིག

འཛམ་གླིང་ན་མིང་གྲགས་པའི་རྒྱལ་སྤྱིའི་ས་གདན་འགྲེམས་སྟོན་ཁང་།

རྒྱལ་སྤྱིའི་ས་གདན་འགྲེམས་སྟོན་ཁང་། འདི་ནི་ཀྲུང་གོ་བའི་འབངས་མི་དཀྱུས་མ་བྱ་རྫི་ཞིག་གི་རང་གི་འབད་བརྩོན་ལ་བརྟེན་ནས་བྱུང་བའི་གྲུབ་འབྲས་རེད། རྒྱལ་ཁབ་སོ་སོ་ནས་ཐོན་པའི་ཡུལ་སྐོར་བ་མང་བོས་ས་གདན་འདིའི་སྤུས་ཚད་དང་ཆེ་ཆུང་ནི་ད་ལྟའི་ཀྲུང་གོའི་མི་དམངས་ཚོགས་ཁང་ཆེན་མོའི་ནང་གི་ས་གདན་ལས་ཀྱང་ཆེས་མཆོག་ཏུ་གྱུར་བ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་སྟབས། ལོ་རེ་བཞིན་འཛམ་གླིང་གི་ཚོང་བ་དང་འབྱོར་ལྡན་པ། ཕྱུག་བདག་སོགས་ཁེ་ལས་པ་གྲགས་ཅན་མང་བོས་རྒྱུས་ལོན་དང་ཞིབ་འཇུག་གནང་ཡུལ་དུ་གྱུར་ཡོད་པར་བཤད།

རྒྱལ་སྤྱིའི་ས་གདན་འགྲེམས་སྟོན་ཁང་།


པ་ཐེ་ཡ་གྲོང་ཁྱེར་དུ་ཡོད་པའི་ཤིང་གླིང་ག


ཤིང་ཏོག་སྣ་ཚོགས་ཀྱི་བྲོ་བར་མྱོང་བཞིན་པའི་ལྗོངས་རྒྱུ་བ།


    མན་ཀུའུ་གྲོང་ཁྱེར་དུ་ཡོད་པའི་གསེར་སྐུ་དགོན་པ། དགོན་པ་འདིའི་རྟེན་གྱི་གཙོ་བོ་སྟོན་པའི་གསེར་སྐུ་ཆེན་མོ་ཞིག་ཡིན་པས་གསེར་སྐུ་དགོན་པ་ཞེས་མིང་བཏགས་པར་བཤད།  

༢༠༡༦ ལོསི་སྤྱི་ཟླ་༨ པའི་ཚེས་༡༢ཉིན་ནི་གསེར་ལྡན་རྒྱལ་ཁབ་གྱི་རྒྱལ་མོའི་སྐྱེས་སྐར་གྱི་ཉིན་མོ་ཡིན་སྟབས་ཐེ་གོ་མི་དམངས་ཀྱིས་དགའ་སྤྲོའི་དུས་སྟོན་གལ་ཆེ་ཤོས་ཤིག་ཏུ་ངོས་འཛིན་བྱས་ཡོད་པ་དང་གྲྭ་བ་མང་བོས་རྒྱལ་མོའི་སྐྱེས་སྐར་དང་འབྲེལ་ཆོས་ཚོགས་འཚོགས་བཞིན་པ།

མན་ཀུའུ་གྲོང་ཁྱེར་དུ་ཡོད་པའི་རྡོ་ཀ་མ་རུ་དགོན་པ།

རྡོ་ཀ་མ་རུ་དགོན་པའི་དགེ་འདུན་པ་རྣམས་ཚོགས་གྲལ་ཏུ་འཁོད་པའི་རྣམ་པ།

མན་ཀུའུ་རྒྱལ་སའི་གནམ་གྲུ་ཐང་།


 གནམ་གྲུ་ཐང་འདི་ནི་གསེར་ལྡན་རྒྱལ་ཁབ་གྱི་བཟོ་བསྐྲུན་ཇུས་འགོད་པ་དང་ལག་རྩལ་བ་སོགས་བཟོ་ལས་སྒྱུ་རྩལ་པ་སྟོང་ཕྲག་མང་བོས་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་གྲུབ་པར་བཤད་ཅིང་།  སྤྱི་ལོ་༡༩༦ ༨ ལོ་ཡས་མས་སུ་བཟོ་བསྐྲུན་གྱི་འགོ་བརྩམས་ཤིང་མི་ལོ་ཧྲིལ་བོ་ཞེ་དྲུག་གི་རིང་བཟོ་བསྐྲུན་གྱི་རྒྱུན་བསྐྱངས་ཏེ་གྲུབ་པར་བྱས་པའི་གནམ་གྲུ་ཐང་ཞིག་ཡིན་པར་མ་ཟད།  འཛམ་གླིང་སྟེང་གི་ཆེས་ཆེ་བའི་གནམ་གྲུ་ཐང་གཅིག་བུ་ཡིན་པར་བཤད།

 གསེར་ལྡན་རྒྱལ་ཁབ་གྱི་ཕྱི་དྲོ་ཆུ་ཚོད་8:30 སྟེང་གསར་འགོད་པ་འགྲུད་བཞུད་བྱས་པའི་ཡུལ་སྐོར་ལྗོངས་རྒྱུ་ཡོངས་སུ་མཇུག་སྒྲིལ་ཏེ་བར་སྣང་ནས་ཕྱིར་ཕ་ཡུལ་དུ་བསྐྱོད་པ།




སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 1xq5 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23501377
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།