སྙིང་རྗེའི་སྐད་དོད།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 10 ཚེས 22 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» ཆོས་ལུགས།» ནང་བསྟན་རིག་གཞུང་། »སྙིང་རྗེའི་སྐད་དོད།
སྙིང་རྗེའི་སྐད་དོད།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2016-08-15ལྟ་ཀློག (1344)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


 ༄༅།།སྙིང་རྗེའི་སྐད་དོད།

 རྗེ་གསེར་ཁང་བ་བློ་བཟང་བསྟན་འཛིན་རྒྱ་མཚོས་མཛད།
     སྙིང་རྗེའི་སྐད་དོད་ཀ་རུ་ཎ་ཞེས་པ་བདེ་འགོག་ལ་འཇུག་ཅིང་། དེ་ཡང་མི་གཉིས་ཕན་ཚུན་འཐབས་པས་གཅིག་གིས་གཅིག་ལ་མཚོན་བསྣུན་ཏེ་ཁྲག་དང་ཀླད་པ་སོགས་འོང་བ་གཞན་གྱིས་མཐོང་བ་ན་ཤ་རྩེད་དེ། དེ་ལ་ལྟ་མི་ཕོད་པ་ལྟར། སེམས་ཅན་གྱི་སྡུག་བསྔལ་མཐོང་བ་ན་ཤས་མི་བཟོད་པར་སེམས་རྩེད་པའི་སྙིང་རྗེ་ལ་བརྩེ་བ་ཟེར་གསུངས། མར་ཤེས་སྐབས།  སྐྱེ་བ་ཡོངས་སུ་ལེན་པ་ན།།འབྱུང་རྡུབ་དབང་བོ་བློ་དག་ནི།།རང་གིས་རིགས་ལ་ལྟོས་མེད་ཅན།། ཞེས་གསུངས་པ་ལྟར། རིག་པའི་ཡ་མཐའ་ཐུག་མེད་དུ་སྒྲུབ་པའི་རིག་པ་ལ་བརྟེན་ནས། འཁོར་བ་ཐོག་མ་མེད་པ་བསྒྲུབས། དེ་ལ་རང་གི་སྐྱེ་བ་ལ་ཐོག་མ་མེད་ཅིང་། ཡུལ་ཕྱོགས་དང་ས་ཕྱོགས་འདིར་མ་སྐྱེས་བྱ་བ་དང་། སེམས་ཅན་འདིའི་ལུས་མ་བླངས་བྱ་བ་མེད་པས། སེམས་ཅན་འདིས་བདག་གི་མ་མ་བྱས་བྱ་བ་མེད་ཚུལ་སྒོམ་དགོས་པས། དེ་ལ་རིག་པའི་ཡ་མཐའ་ཐུག་མེད་དུ་སྒྲུབ་ཚུལ་ནི།  དཔལ་ཆོས་ཀྱི་གྲགས་པས། སྐྱེ་བ་སྔ་ཕྱི་མི་འདོད་པའི་ཕྱི་རོལ་བ་ལ། ཁྱོད་ཀྱི་ཐམས་ཅད་མཁྱེན་པ་གང་ཡིན་དྲིས་པ་ན། དབང་ཕྱུག་ཐམས་ཅད་མཁྱེན་པ་ཡིན་ཟེར། དབང་ཕྱུག་ཐམས་ཅད་མཁྱེན་པ་ཇི་ལྟར་ཡིན་དྲིས་པས། འཇིག་རྟེན་ན་ཤིང་བཟོ་བ་དང་། ལྷ་འབྲི་བ་སོགས་ཀྱི་ལག་བཟོ་སྣ་ཚོགས་ཤེས་པ་ཞིག་ལ། དེ་ཐམས་ཅད་ཤེས་མཁན་ཞིག་ཡིན་ཟེར་བ་བཞིན་དུ། དབང་ཕྱུག་གིས་སྣོད་བཅུད་འདི་ཐམས་ཅད་བྱེད་ཤེས་པས་དབང་ཕྱུག་ཐམས་ཅད་མཁྱེན་པ་ཡིན་ཟེར། ཁྱོད་ཀྱི་ཐམས་ཅད་མཁྱེན་པ་གང་ཡིན་ཚུར་དྲིས་པས། ངེད་ཀྱི་ཐམས་ཅད་མཁྱེན་པ་སངས་རྒྱས་བཅོམ་ལྡན་འདས་ཡིན་ཞེས་པས། དེ་ཐམས་ཅད་མཁྱེན་པ་ཇི་ལྟར་ཡིན་ཞེས་འདྲི་བ་ལ། དེ་ཡིན་པའི་ལན་དུ། སངས་རྒྱས་ཐམས་ཅད་མཁྱེན་པ་ཡིན་ཏེ། འབྲས་བུའི་ཐམས་ཅད་མཁྱེན་པ་ནི་ཐོབ་བྱེད་རྒྱུ་དམིགས་ཡུལ་སེམས་ཅན་མཐའ་ཡས་པ་ལ་དམིགས་ནས་བརྩེ་བ་སྙིང་རྗེ་ཆེན་པོ་དང་བདག་མེད་རྟོགས་པའི་ཤེས་རབ་བསྐལ་བ་དུ་མར་གོམས་པ་མཐའ་མེད་དུ་འཕེལ་བ་ལས་འབྲས་བུའི་ཡོན་ཏན་མཐའ་མེད་པ་དང་ལྡན་པའི་ཐམས་ཅད་མཁྱེན་པ་གྲུབ་ནས། གདུལ་བྱའི་ཁམས་དང་བསམ་པ་བག་ལ་ཉལ་ཇི་ལྟ་བ་བཞིན་གཟིགས་ནས་ལན་ལ་ལྟོས་པ་མེད་པར་སེམས་ཅན་གྱི་དོན་མཛད་པས་ཐམས་ཅད་མཁྱེན་པ་ཟེར་ཞེས་པ་ལ།  སྣོད་བཅུད་ཐམས་ཅད་དབང་ཕྱུག་གིས་བྱས་པ་ཡིན་པས་སྐྱེ་བ་སྔ་ཕྱི་མེད་ལ། དེ་མེད་པས་བསྐལ་བ་དུ་མར་ལམ་ལ་གོམས་པ་མེད་པས། ཁྱོད་ཀྱི་ཐམས་ཅད་མཁྱེན་པ་ཡོད་ཚུལ་བཤད་པ་མི་འཐད་ཅེ་ན། འོ་ན་ཆུ་ཙག་ལ་བཙག་ནས་སྣོད་དུ་བླུག་པ་ཞག་འགའ་སོང་བ་ན་ཆུ་དེ་ཐམས་ཅད་འབུར་འགྱུར་དགོས་པ་ལ་དེ་ལྟར་མི་འགྱུར་བར་ཆུ་ནང་དུ་འབུ་ལུས་ཟེར་ཞིང་། མགོ་དམར་བ་འགའ་རེ་བྱུང་བ་ལ་རྣམ་ཤེས་ལས་གཞན་པའི་རྒྱུ་རྐྱེན་ལྷག་པོ་མེད་ཅིང་། མང་དུ་མ་བྱུང་བ་ལ་ཡང་རྒྱུ་རྐྱེན་རྣམ་ཤེས་ལས་གཞན་འདི་མ་ཚང་བྱ་བའི་རྒྱུ་མཚན་མེད་པའི་ཕྱིར་དང་།

    གཞན་ཡང་དེ་རིང་གི་ཕྱི་དྲོའི་ཤེས་པ་འདི་ཉིད་ཉིན་གུང་གི་ཤེས་པ་སྔོན་དུ་སོང་བ་ལ་ལྟོས། དེ་སྔ་དྲོའི་ཤེས་པ་ལ་ལྟོས་པ་ནས་བཙས་མ་ཐག་གི་ཤེས་པའི་བར་ཤེས་པ་ཕྱི་མ་ཕྱི་མ་རྣམས་ལ་རང་རང་གི་རིགས་འདྲའི་ཤེས་པ་སྔ་མ་སྔ་མ་སྔོན་དུ་སོང་བ་ལ་ལྟོས་དགོས་ལ། བཙས་མ་ཐག་གི་ཤེས་པ་ལ་རང་གི་རིགས་འདྲའི་ཤེས་པ་སྔ་མ་སྔོན་དུ་སོང་བའི་རྒྱུ་རྐྱེན་ལ་ལྟོས་མེད་དུ་འོང་བའི་རྒྱུ་མཚན་མེད་ཚུལ་རིགས་པས་སྒྲུབ་སྟེ། མངལ་དུ་ཉིང་མཚམས་སྦྱར་མ་ཐག་པའི་རིག་པ་ཆོས་ཅན། རིག་པ་སྔ་མ་སྔོན་དུ་སོང་སྟེ། རིག་པ་ཡིན་པའི་ཕྱིར། དཔེར་ན་ད་ལྟའི་རིག་པ་བཞིན་ཞེས་པ། རིག་པའི་ཡ་མཐའ་ཐུག་མེད་དུ་སྒྲུབ་པའི་རིགས་པ་དང་། རིག་པའི་ཕྱི་མཐའ་ཐུག་མེད་དུ་སྒྲུབ་པའི་རིགས་པ་ནི། སེམས་ཅན་ཐ་མལ་བའི་འཆི་སེམས་སྐད་ཅིག་ཐ་མ་ཆོས་ཅན། རིག་པ་ཕྱི་མ་ཉིང་མཚམས་སྦྱོར་ཏེ། ཆགས་ལྡན་གྱི་རིགས་པ་ཡིན་པའི་ཕྱིར། ཞེས་འགོད་ཅིང་། དེ་ལྟར་རིག་པའི་ཡ་མཐའ་ཐུག་མེད་དུ་བསྒྲུབས་ནས། རང་གི་རིག་པ་ལ་ཐོག་མ་མེད་པ་བཞིན་དུ་སྐྱེ་བ་ལ་ཐོག་མ་མེད་ཚུལ་སོགས་བསམས་ནས་སེམས་ཅན་རྣམས་མར་གྱུར་ཚུལ་སྒོམ་དགོས།


རྩོམ་ཡིག་ཕབ་བཤུ་བ། ནག་ཙན་དན། 

རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་།

དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 52t8 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
5870533
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号