 | བརྙན་མིང: | རྩོམ་སྒྲིག་པ།: ཁཱ་ཤེས་རབ་རྒྱ་མཚོ། | བལྟས་གྲངས : 16539 | སྤེལ་དུས : 2016-08-04 |
ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་ལམ་བརྙན་གཏོང་ཁང་།
བཟོ་བ་སྐྱ་པ་ལགས་ནི་བོད་རབ་བྱུང་བཅུ་དྲུག་པའི་ཤིང་ལུག་ཕྱི་ལོ༡༩༥༥ལོར་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་རྔ་བ་རྫོང་རྔ་སྟོད་སྒོ་མང་ཡུལ་ཚོའི་སྔོ་ཤུལ་མེ་སྐྱོང་རྒྱ་ལེབ་ཚང་དུ་སྐྱེས། ཁོ་ལ་དུས་ཀྱི་དབང་གིས་སློབ་གྲྭར་འགྲིམ་པའི་སྐལ་བ་མ་ཐོབ།
རང་ལོ་༡༧སྟེང་ནས་བཟོ་བ་གྲགས་ཅན་བཀྲ་ཤིས་རྒྱ་མཚོ། ནག་ཤེར། རྟ་མགྲིན་སྐྱབས་སོགས་དགེ་རྒན་ལ་བསྟེན་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་བཅུའི་ཡ་གྱལ་བཟོ་རིག་པའི་ཁོངས་གཏོགས་བོད་ཀྱི་ཁྱད་ཆོས་ལྡན་པའི་འཚེམ་བཟོའི་བྱེ་བྲག་འཚོགས་གུར་གྱི་རིགས་སྣ་ཚོགས། གྲྭ་ཆས་སྣ་ཚོགས། སྟོད་གོས། སྨད་གཡོགས། ཀོ་བའི་རིགས་དང་མི་སྐྱ་ཕོ་མོའི་གྱོན་ཆས་སྣ་ཚོགས།
གཞན་ཡང་ཐང་གའི་མཐའ་དང་མཆོད་རྫས་ཀྱི་སྐོར་ཀ་འཕན་གདུགས་ཟོམ་སོགས་བོད་ཀྱི་བཟོ་རིག་པར་སྦྱང་བ་ཧུར་བརྩོན་བྱས་ནས་གཟེངས་བསྟོད་ཐེངས་མང་བོར་ཐོབ་ཀྱིན་མི་ལོ་བཞི་བཅུའི་རང་ལ་འཚེམ་བཟོའི་ཕྱག་ལས་གནང་།
རང་ལོ༥༦སྟེང་ནས་གཅིག་སྒྲིལ་རྫོང་རྡོ་རྗེ་བརྟན་མི་རིགས་ལས་རིགས་ལག་རྩལ་སློབ་གྲྭའི་ཆེད་སྦྱོང་བོད་སྲོལ་བཟོ་རིག་འཛིན་གྲྭའི་དགེ་རྒན་གྱི་ལས་འགན་བཞེས་བཞིན་རྔ་བའི་བཟོ་རིག་བང་མཛོད་སློབ་གླིང་གསར་དུ་བཙུགས་ཏེ་སློབ་གྲྭའི་བྱ་བཞག་ཐམས་ཅད་གཅིག་ལྕོགས་གནང་བཞིན་ཡོད།
བཟོ་བ་འཇའ་སྒྲོན་ལགས་ནི་ཕྱི་ལོ༡༩༩༠ལོར་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་རྔ་བ་རྫོང་རྔ་སྟོད་སྒོ་མང་ཡུལ་ཚོའི་སྔོ་ཤུལ་མེ་སྐྱོང་རྒྱ་ལེབ་ཚང་དུ་སྐྱེས་ཤིང་།
སློབ་གྲྭ་ཆུང་འབྲིང་ནས་མཐར་ཕྱིན་རྗེས་ཨ་ཕའི་དྲུང་ནས་འཚེམ་བཟོའི་ཤེས་བྱ་དང་ཉམས་མྱོང་སོགས་མང་བོ་བསླབས།
ད་སྐབས་རྡོ་རྗེ་བརྟན་མི་རིགས་ལས་རིགས་ལག་རྩལ་སློབ་གྲྭ་དང་སྒེར་གཉེར་སློབ་གྲྭ་བཟོ་རིག་བང་མཛོད་སློབ་གླིང་གི་རྐང་འཛིན་དགེ་རྒན་གྱི་ཕྱག་ལས་གནང་ཞོར་བོད་ཀྱི་དམངས་སྲོལ་འཚེམ་བཟོའི་སྐྱ་ཐིག་དཔེ་རིས་ཞེས་པའི་དེབ་ཆུང་འདི་གསར་རྩོམ་བྱས་ཡོད།
བློ་འདྲི་ཡུལ།
དགེ་རྒན་འཇིགས་མེད་རྒྱལ་མཚན།
དགེ་རྒན་བཛྲ་ཚུལ་ཁྲིམས།
དགེ་རྒན་ལྡོང་ཡོན་ཏན་རྒྱ་མཚོ།
རྩོམ་སྒྲིག་འགན་འཁུར་བ།
མགར་རྩེའི་ཉི་ཟེར།
ཁཱ་ཤེས་རབ་རྒྱ་མཚོ།
ཨ་བུ་འབྲོང་།
འབའ་སྣང་གྲོལ།
བན་ཤུལ་འཇམ་དབྱངས།
བརྙན་ལེན་པ།
ཁཱ་ཤེས་རབ་རྒྱ་མཚོ།
གསར་འགོད་པ།
ཁཱ་ཤེས་རབ་རྒྱ་མཚོ།
ཚེ་ཆུང་།
སྒྲིག་སྦྱོར་བ།
མགར་ཚེ་རིང་བཀྲ་ཤིས།
སྤྱིའི་ཇུས་འགོད་པ།
ཁཱ་ཤེས་རབ་རྒྱ་མཚོ།
|