༢༠༡༦ལོའི་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་བསྡུའི་གསལ་བརྡ།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 11 ཚེས 19 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སློབ་ཞུགས་མིང་ཐོ། »༢༠༡༦ལོའི་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་བསྡུའི་གས
༢༠༡༦ལོའི་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་བསྡུའི་གསལ་བརྡ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2016-08-01ལྟ་ཀློག (18658)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


གསལ་བརྡ།

     གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་༢༠༡༦ལོའི་དབྱར་གནང་སྤྱི་ཟླ་༨པའི་ཚེས་༣༡ཉིན་མཇུག་རྫོགས་པ་ཡིན་པས་རྒྱུན་བཞུགས་སློབ་མ་སྤྱི་ཟླ་༩པའི་ཚེས་༡ཉིན་སློབ་གླིང་དུ་འབྱོར་ཏེ་མིང་ཐོ་འགོད་དགོས་པས་དེ་ལུགས་ཐུགས་འཇགས་ཡོད་པར་ཞུ།

༢༠༡༦ལོར་གསར་ཞུགས་སློབ་མ་རྣམས་ཀྱིས་གཤམ་གྱི་དོན་ཚན་དག་ཤེས་དགོས།

དང་བོ།      སློབ་གླིང་འདིར་ཞུགས་མཁན་རྣམས་ངེས་པར་དུ་སྐྱེས་པ་(འདིར་སྐྱ་སེར་གཉིས་ཀ་འདུ)ཡིན་དགོས།

གཉིས་པ།    མིང་ཐོ་འགོད་སྐབས་རང་ཉིད་དངོས་སུ་ཡོང་བའམ་ཡང་ན་མི་གཞན་གྱིས་ཚབ་ཏུ་སློབ་གྲྭའི་སློབ་སྟོན་ཁང་དང་སློབ་གྲྭའི་དྲ་རྒྱ་གཉིས་གང་རུང་དུ་མིང་ཐོ་འགོད་ཆོག 

གསུམ་པ།   མིང་ཐོ་འགོད་སྐབས་རང་གི་ཉེ་པར་གཅིག་དང་ཐོབ་དཔང་དང་ཁྱིམ་ཐོའི་སྟེང་གི་ཁྱིམ་བདག་ཁོ་གཉིས་ཀྱི་བསྐྱར་དཔར་དགོས། རྟེན་གྲྭ་པ་ཡིན་ན་དགོན་པའི་གནང་ཡིག་ཐོག་ཏུ་དགོན་པའི་དམངས་གཙོ་དོ་དམ་ཁང་གི་ཐམ་ག་ཡོད་དགོས་པར་མ་ཟད་རྫོང་དེའི་ཆོས་ལུགས་ཅུའུ་ཡི་ཐམ་ག་དང་ཆབ་སྲིད་ལ་མ་འགལ་བ་ཞིག་ཡིན་དགོས།  མིང་ཐོ་འགོད་བྱང་སོགས་ལ་སྒོར་བརྒྱ་དགོས།

བཞི་བ།     མིང་ཐོ་འགོད་པའི་དུས་ཡུན་ནི་ལོ་རེའི་སྤྱི་ཟླ་༩ བའི་ཚེས་༩ནས་འགོ་བརྩམས་ཏེ་ལོ་རྗེས་མའི་སྤྱི་ཟླ་༩བའི་ཚེས༤བར་ཡིན།

ལྔ་བ།       སློབ་མ་བསྡུ་ལེན་བྱེད་སྟངས་ནི་མིང་ཐོ་བཀོད་པའི་ཨང་རིམ་དང་རྒྱུགས་གཞིའི་སྐར་གྲངས་བསྡུར་ནས་བསྡུ་ལེན་བྱེད་བཞིན་ཡོད། 

དྲུག་པ།     སློབ་མ་གསར་དུ་བསྡུ་བའི་བརྒྱུད་རིམ་ཁྲོད་ནས་རྒྱུ་ཐོབ་ངོ་གསུམ་གྱི་འབྲེལ་བ་གཏན་འགོག་བྱས་ཡོད། 

བདུན་པ།   མིང་ཐོ་བཀོད་ཀྱང་ལོ་དེར་རྒྱུགས་ལ་མ་ཞུགས་ཚེ་མིང་ཐོ་ནུས་མེད་དུ་གྱུར་བ་ཡིན། 

བརྒྱད་པ།   སློབ་མ་གསར་བསྡུའི་རྒྱུགས་ལ་ཞུགས་པ་ཞིག་ཡིན་ཚེ་ལོ་དེར་རྒྱུགས་མ་འཕྲོད་ཀྱང་ལོ་རྗེས་མར་མིང་ཐོ་ནུས་ལྡན་ཡིན། 

དགུ་བ།     ཉུང་མཐར་ཡང་བསྟུད་མར་ལོ་གསུམ་གྱི་ཡན་རྒྱུགས་ལ་ཞུགས་པ་ཞིག་ཡིན་ཚེ་དམིགས་བསལ་གྱིས་ཞུགས་ཐུབ།

བཅུ་བ།     སློབ་བསྡུའི་རྒྱུགས་ལེན་སྐབས་སྐར་གྲངས་རྩེར་སོན་པ་ཞིག་ལེན་ཐུབ་ན་མིང་ཐོ་ཆེས་རྗེས་སུ་ལྷུང་ཡང་སློབ་གྲྭར་ཞུགས་ཐུབ།



༢༠༡༦ལོའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གསར་ཞུགས་སློབ་མ་བསྡུ་བའི་བརྡ་སྦྱོར།

གཅིག  མིང་ཐོ་ཞིབ་བཤེར།

༡     ཟླ་༩བའི་ཚེས་4—7བར་གྱི་སྔ་དྲོའི་དུས་ཚོད་ 08:00—12:00 དང་།  ཕྱི་དྲོའི་དུས་ཚོད་  14:00—1800 བར་གསར་ཞུགས་སློབ་མར་རྒྱུགས་ལེན་མིང་ཐོ་འགོད་རྒྱུ་ཡིན།

༢    མིང་ཐོ་འགོད་སྐབས་སློབ་མ་རང་ཉིད་ཡོང་དགོས་ལ།  སྔོན་བཀོད་ཟིན་པའི་མིང་ཐོ་ཁྱེར་ནས་རྒྱུགས་ཞུགས་མིང་ཐོ་འགོད་དགོས།

གཉིས།  རྒྱུགས་ལེན་འགྲིག་ལམ།

༡    ཟླ་དགུ་བའི་ཚེས་8 ཉིན་གྱི་སྔ་དྲོའི་དུས་ཚོད་08:30  སྟེང་རྒྱུགས་ཞུགས་མིང་ཐོ་སོགས་ཞིབ་བཤེར་བྱེད་རྒྱུ་དང་།   09:30—11:30བར་དངོས་སུ་རྒྱུགས་ལེན་རྒྱུ་ཡིན།

༢    རྒྱུགས་སྤྲོད་སྐབས་སློབ་མ་རང་ཉིད་ཀྱིས་མིང་ཐོ་དང་རྒྱུགས་ལེན་དཔང་ཡིག་ཁྱེར་ནས་རྒྱུགས་རར་ཞུགས་པ་ལས་མི་གཞན་པས་ཚབ་བྱེད་མི་ཆོག གལ་ཏེ་མི་གཞན་པས་ཚབ་བྱས་ནས་ རྒྱུགས་སྤྲད་མཁན་བྱུང་ཚེ་རྗེས་ཕྱོགས་སློབ་གླིང་འདིར་ཞུགས་པར་ལོ་གསུམ་རིང་མིང་ཐོ་འགོད་དུ་མི་འཇུག

༣    རྒྱུགས་སྤྲོད་མཁན་གྱི་སློབ་མ་ལོ་བཅུ་གཉིས་ཡན་ཡིན་དགོས་ལ་ཁྱིམ་ཐོ་སོགས་རྫུན་བཟོ་བྱས་ནས་ལོ་ཚོད་བསྒྱུར་མཁན་ལ་རྒྱུགས་སྤྲོད་དུ་མི་འཇུག

༤    རྒྱུགས་ལེན་སྐབས་སློབ་གྲྭས་བཀོད་སྒྲིག་བྱས་པའི་དགེ་རྒན་རྣམས་ལས་ཁྱིམ་བདག་སོགས་མི་གཞན་པ་རྒྱུགས་རར་ཡོང་མི་ཆོག  གལ་ཏེ་ཡོང་མཁན་ཡོད་ཚེ་སློབ་མ་དང་བཅས་ཕྱིར་འཕུད་བྱེད་རྒྱུ།

༥     གསར་ཞུགས་སློབ་མ་རྣམས་སློབ་གྲྭར་ཞུགས་ནས་ཉིན་འགའི་རྗེས་སུ་སློབ་མ་རེ་རེའི་མིང་ཐོ་དང་གློག་ཀླད་སྟེང་གི་འདྲ་པར་སོགས་སློབ་མ་རེ་རེ་བཞིན་ཡང་བསྐྱར་ཐེངས་གཅིག་ལ་ཞིབ་བཤེར་བྱས་ཏེ་རྫུན་ཞུགས་བྱེད་མཁན་བྱུང་ཚེ་སློབ་གྲྭ་ནས་ཕྱིར་དབྱུང་བྱེད་རྒྱུ།

གསུམ་པ།   ལོ་རྗེས་མའི་ཐོ་འགོད་གསལ་བཤད།

༡      ད་ལོར་སློབ་གྲྭར་ཞུགས་མ་ཐུབ་པའི་སློབ་མ་རྣམས་ལོ་སྔོན་མ་རྣམས་སུ་རྒྱུགས་ལ་ཞུགས་པའི་ལོ་རེ་རེའི་གོ་རིམ་དང་།  ལོ་རེ་རེའི་རྒྱུགས་ཞུགས་མིང་ཐོའི་གོ་རིམ་བཞིན་༢༠༡༦ལོའི་༩བའི་ཚེས་༩ཉིན་གྱི་ཕྱི་དྲོའི་དུས་ཚོད་ 15:00དེ་ནས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་བོད་རྒྱ་དབྱིན་གསུམ་དྲ་བའི་༼www.jmjzjy.com༽ཐོག་དང་སློབ་གླིང་གཉིས་གང་རུང་ནས་ཐོ་འགོད་བྱས་ཆོག

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་སྟོན་ཁང་གིས།


འདིའི་སྐོར་ཞིབ་ཏུ་ཤེས་འདོད་ན་གཤམ་གྱི་འབྲེལ་གནས་ལ་དྲིས་ཆོག


འབྲེལ་གཏུག་བྱ་ཡུལ། 

18097158222   18009756666  15283703999




དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 4 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། eb3h བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  ༢༠༡༦ལོའི་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་བསྡུའི་གསལ་བརྡ།   སྤེལ་མཁན།: མེ་ཕུང། སྤེལ་དུས:2016/9/17
བོད་ཀྱི་སློབ་གསོའི་འབྱུང་ཁུང་འདི་ཉིད་གཏན་དུ་དར་བར་སྨོན།
  ༢༠༡༦ལོའི་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་བསྡུའི་གསལ་བརྡ།   སྤེལ་མཁན།: གངས་རྩེན། སྤེལ་དུས:2016/8/24
བོད་ཀྱི་གནའ་དེང་ཤེས་རིག་གི་རྒྱུན་འཛིན་སློབ་གླིང་འདི་ཉིད་ཀྱི་བྱ་གཞག་ཚང་མ་ཡར་ཟླའི་དཔལ་ལ་འགྲན་པར་སྨོན།
sumial 40 sumial oposiciones sumial dosis
  ༢༠༡༦ལོའི་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་བསྡུའི་གསལ་བརྡ།   སྤེལ་མཁན།: བྱང་རྡོ། སྤེལ་དུས:2016/8/10
གནས་དེར་སློབ་གཉེར་བྱེད་པའི་ཀུན་སློང་རྣམ་དག་ཡོད་ཚེ་དགོན་པའི་གནང་ཡིག་སོགས་མེད་ན་མི་སྐྱོན་སྙམ།
buscopan read buscopan spc
  ༢༠༡༦ལོའི་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་བསྡུའི་གསལ་བརྡ།   སྤེལ་མཁན།: ཨུ་རུ་སའི་མི་རྐྱང་། སྤེལ་དུས:2016/8/1
ངོ་མ་བཀའ་དྲིན་ཆེ། སློབ་གྲྭའི་དགེ་སློབ་ཡོངས་ལ་ཁམས་བདེ་ཞུ།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
5937162
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号