གསར་འགོད་པ་དཔའ་རིས་སྟག་ལུང་དགོན་དུ་བསྐྱོད་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 23 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། » གསར་འགོད་པ་དཔའ་རིས་སྟག་ལུང་དགོན་དུ་བསྐྱོད་པ།
གསར་འགོད་པ་དཔའ་རིས་སྟག་ལུང་དགོན་དུ་བསྐྱོད་པ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2016-07-28ལྟ་ཀློག (4435)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གསར་འགོད་པ་དཔའ་རིས་སྟག་ལུང་དགོན་དུ་བསྐྱོད་པ། 
 གསར་འགོད་པ། འབའ་སྣང་གྲོལ། 

   དཔའ་རིས་སྟག་ལུང་དགོན་དགའ་ལྡན་དམ་ཆོས་གླིང་ནི་དཔའ་རིས་རྫོང་ནས་ཤར་ཕྱོགས་སུ་སྤྱི་ལེ་ལྔ་བཅུ་ལྷག་བསྐྱོད་པའི་སྟག་ལུང་ཞེས་པའི་རི་བོའི་ཉེ་འདབས་སུ་ཆགས་ཡོད་ཅིང་།  སྤྱི་ལོ་༡༦༤༤ལོར་སྟག་ལུང་བ་བཀྲ་ཤིས་དཔལ་སྐུ་ཕྲེང་དང་བོས་དགོན་པ་འདི་ཐོག་མར་ཕྱག་འདེབས་མཛད་ཅིང་། སྟག་ལུང་སྐུ་ཕྲེང་རིམ་བྱོན་གྱིས་རིམ་པ་བཞིན་བསྐྱངས་ཏེ་འོང་པ་ཡིན་ལ།   སྔོན་གྱི་སྐབས་ཤིག་ལ་རྒྱ་ཡུལ་དུ་ཆར་ཆུ་དུས་སུ་མ་བབ་པར་ཐན་པ་ཚབ་ཆེན་བྱུང་ནས་མི་རྣམས་འཚོ་སྡོད་བྱེད་དཀའ་བ་བྱུང་བ་ན་གོང་མ་ཁཱང་ཞིས་ཀྱིས་ཡུལ་ཕྱོགས་ཀུན་དུ་ཕོ་ཉ་མངགས་ནས་ཆར་འབེབ་མཁན་ཞིག་བཙལ་ཞིང་།   དེ་དུས་སྟག་ལུང་སྐུ་ཕྲེང་གཉིས་པ་བློ་བཟང་བསྟན་པའི་ཆོས་ཀྱི་ཉི་མ་མཆོག་གིས་གནས་ཚུལ་དེ་གསན་ནས་ཉིན་བདུན་གྱི་ནང་ལ་ཆར་འབབ་ཏུ་འཇུག་པར་ཁས་བླངས་ཤིང་།  ཉིན་དྲུག་འདས་ཀྱང་ཆར་འབབ་ལ་ཁད་ཙམ་ཡང་མ་བྱས་པས་སྟག་ལུང་སྤྲུལ་སྐུའི་འཁོར་གཡོག་རྣམས་ཀྱིས་རྒྱལ་བོའི་བཀའ་ཆད་ཕོག་པར་འཇིགས་ནས་ཕག་ཏུ་རེ་རེ་བཞིན་བྲོས་ནས་སོང་ཞིང་།  ཇ་མ་གཅིག་པུ་མ་བྲོས་པར་བསྲུངས་ནས་བསྡད་པར་གྲགས་སོ།།  ཡིན་ནའང་ཁོང་གིས་ལྷོད་ལྷོད་ངང་ནས་ཆོས་གསུངས་ནས་བཞུགས་ཤིང་།  ཉིན་བདུན་པ་ན་གློ་བུར་དུ་ཆར་ཆེན་པོ་བབས་ནས་ཉིན་བཅུ་ཕྲག་ལྷག་ལ་བསྟུད་མར་མཚམས་མ་ཆད་པས།  ཡུལ་ཕྱོགས་ཀུན་ལ་ཆུའི་འཇིགས་པ་བྱུང་སྟེ་གོང་མ་ཁཱང་ཞིས་ཀྱིས་ཀྱང་ཡང་བསྐྱར་ཆར་མཚམས་འཇོག་པར་ཞུས་པ་བཞིན་དུ་ཆར་གྱི་རྒྱུན་ཡང་ཆད་པས་གོང་མ་ཁཱང་ཞིས་ཀྱང་ཐུགས་ཧ་ཅང་མཉེས་ནས་དམ་པའི་ཆོས་ལ་མི་འགྱུར་དད་པ་མཚོན་བྱེད་དུ་གསེར་ནག་གི་ཐམ་ག་ཞིག  གཡང་ཏྲི་དཀར་བོའི་ཐམ་ག་ཞིག  ཙན་དན་དཀར་བོའི་ཐམ་ག་ཞིག  གླེགས་བམ་གསེར་བྲིས་མ་ཞིག      གསེར་གྱི་སྒ་ཆས་ཆ་ཚང་ཞིག་བཅས་དངོས་ཟོག་རྒྱ་ཆེར་ཕུལ་བའི་ནང་དུ་གསེར་སྒ་གཅིག་པུ་བོར་བརླག་ཏུ་མ་སོང་བར་ད་ལྟ་དཔའ་རིས་རྫོང་དངོས་མང་བཤམས་སྟོན་ཁང་དུ་མཇལ་རྒྱུ་ཡོད།   སྔོན་ས་ཆ་འདིའི་ཕྱོགས་ཡོངས་འབྲོག་སྡེ་ཆེན་པོ་དག་གིས་བསྐོར་ཡོད་པར་མ་ཟད།   ས་དེའི་རྒན་པོ་དག་གིས་སྔོན་དགོན་པ་འདི་ནི་བཀའ་རྒྱུད་པའི་དགོན་པ་ཞིག་ཡིན་ཡང་རྗེས་ནས་དགེ་ལུགས་པའི་དགོན་པར་འགྱུར་བར་བཤད་ལ། དགོན་པ་འདི་ཧ་ཅང་རྒྱས་ཆེ་བའི་སྐབས་ན་དགེ་འདུན་པ་སྟོང་ཕྲག་གསུམ་ལྷག་བཞུགས་ཤིང་།  གྲྭ་ཚང་སོ་སོའི་འདུ་ཁང་དང་བླ་མ་དག་གི་ནང་ཆེན།  དགེ་བཤེས་དང་གྲྭ་བ་དག་གི་བཞུགས་ཤག་ནི་ལུང་ཆུང་གསུམ་ཙམ་གྱི་ནང་དུ་ཡོངས་སུ་ཁེངས་ནས་ཡོད་ལ།   རིག་གསར་སྐབས་རྩ་གཏོར་བྱས་པས་ད་ལྟ་འདུ་ཁང་ཆུང་ཆུང་ཞིག་ཤུལ་དུ་བཞེངས་ནས་སྟག་ལུང་སྐུ་ཕྲེང་བཅུ་བ་མཆོག་གིས་སྐྱོང་བཞིན་ཡོད་ནའང་། ཡིད་ཧ་ཅང་སྐྱོ་བ་ཞིག་ལ་གནའ་བོའི་དགོན་ཆེན་འདི་རུ་ད་ལྟ་གྲྭ་བ་གསུམ་ཙམ་ལས་མི་བཞུགས་ཤིང་། དགོན་ཆེན་འདིའི་ཕྱོགས་བཞིའི་གནའ་བོའི་འབྲོག་སྡེ་དང་བོད་མི་གདོང་བ་སྨུག་པོ་ཅན་དག་ཀྱང་ད་ལྟ་ལོ་རྒྱུས་ཀྱི་རྗེས་ཤུལ་ཙམ་དུ་གྱུར་བས་བསམ་གྱིན་བསམ་གྱིན་རང་ཉིད་ལའང་ཡིད་མི་ཆེས་ལྟ་བུ་ཞིག་འོང་།   ས་ཆ་འདིའི་སྔོན་གྱི་དགོན་ཤུལ་ནི་ལུང་ཆུང་གསུམ་ཙམ་གྱི་ནང་དུ་སྐྱ་ཉིལ་ལེར་ཡོད་པས་བསམ་ཞིང་བསམ་ན་ངུ་སྙིང་བྲོ་བ་ཞིག་ཡོད་ཅིང་།  ང་རང་དགོན་པ་འདིར་འབྱོར་དུས་དགོན་པ་འདིའི་གྲྭ་བ་བྱམས་པ་ལགས་བཞུགས་ཤིང་།  ཁོང་ནི་ད་ལྟ་དགོན་པ་འདིའི་སྒོ་མ་བརྒྱབ་པར་བདག་གཉེར་གནང་བའི་གྲྭ་བ་གཅིག་པུའང་ཆགས་འདུག   ཁོང་གིས་བཤད་པ་ལྟར་ན་ཁོང་གི་ཨ་ཁུ་ལགས་ཀྱིས་དགོན་པ་འདི་དགུང་ལོ་བརྒྱད་ཅུ་ལྷག་ལ་བདག་དམ་གནང་ནས་སྐུ་གྲོངས་ཤིང་། ད་ལྟ་ཁོ་བོ་ལ་འགན་འདི་བཞག་ཡོད་པས་རང་གི་ནུས་ཚོད་ཀྱིས་དགོན་པ་འདིའི་ཆོས་སྒོ་མ་བརྒྱབ་པ་ཞིག་བྱས་ཡོད་གསུངས།    ད་དུང་དཔའ་རིས་ས་ཁུལ་གྱི་གནའ་བོའི་དགོན་རྙིང་ཡར་ལུང་དགོན་དང་རབ་རྒྱས་དགོན།  འབྲི་གུང་དགོན་སོགས་ལའང་ཁོམ་དུས་དངོས་སུ་བསྐྱོད་ནས་རྒྱུས་ལོན་ཉུང་ཙམ་རེ་བྱ་རྩིས་ཡོད་པས་དེ་དུས་མཇལ་འོང་།  
 

གསར་དུ་བཞེངས་པའི་དཔའ་རིས་སྟག་ལུང་དགོན་དགའ་ལྡན་དམ་ཆོས་གླིང་། 


གནའ་བོའི་སྟག་ལུང་དགོན་གྱི་དགོན་ཤུལ།  

སྟག་ལུང་དགོན་གྱི་གནའ་བོའི་ཚོགས་ཟངས། 

ཚོགས་ཟངས་ངོས་ཀྱི་ཡི་གེ

ད་ལྟ་དཔའ་རིས་རྫོང་དངོས་མང་བཤམས་སྟོན་ཁང་དུ་ཡོད་པའི་གསེར་སྒ།

གནའ་བོའི་རྡོའི་མཆོད་རྐོང་། 


གསར་འགོད་པ་སྟག་ལུང་དགོན་དུ་སླེབས་པ། 


རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 85wb བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23522091
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།