ཚོ་ཤོག་གསར་པའི་ལྕགས་རྟའི་མཚོ་སྐོར།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 9 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »ཚོ་ཤོག་གསར་པའི་ལྕགས་རྟའི་མཚོ་སྐོར།
ཚོ་ཤོག་གསར་པའི་ལྕགས་རྟའི་མཚོ་སྐོར།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2016-07-28ལྟ་ཀློག (3472)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཚོ་ཤོག་གསར་པའི་ལྕགས་རྟའི་མཚོ་བསྐོར་གྱི་མིང་ཐོ་འགོད་པའི་བརྡ་སྦྱོར།

     མཛེས་ཤིང་ཡིད་དུ་འོང་བའི་མཚོ་སྔོན་པོའི་འགྲམ་དུ།༼ཚོ་ཤོག་གསར་བའི་ཕ་ས་བསྐོར་བའི་ལྕགས་རྟའི་འགྲུལ་བཞུད༽བྱ་འགུལ་སྐབས་གསུམ་པ་སྤྱི་ཟླ་༨ཚེས༤ནས༨་ཉིན་སྤེལ་རྒྱུ་ཡིན་ལ།ཐེངས་འདིའི་བྱ་འགུལ་ལ་ལྕགས་རྟར་ཞོན་ནས་ལུས་རྩལ་སྦྱོང་བརྡར་བྱེད་རྒྱུར་དགའ་བ་དང་ཕྱི་རོལ་ཡུལ་གྱི་འཚོ་བར་མོས་བ་ཡོད་པའི་མི༥༠ཙམ་ཞུགས་སུ་འཇུག་རྒྱུ་ཡིན།དེར་མི་རིགས་ཀྱི་ཚད་བཀག་དང་དབྱེ་བ་མེད།

        ཐེངས་འདིའི་བྱ་འགུལ་ལ་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་འཆད་ཁྲིད་དང་སྐུ་མགྲོན་བར་ལ་བསམ་བློ་བརྗེ་རེས། འབྲོག་ལས་སྐོར་གྱི་ཞིབ་འཇུག་བགྲོ་གླེང་།སྤྱི་ཕན་ཞལ་འདེབས་འབུལ་བ་སོགས་ཀྱི་བརྗོད་བྱ་གཙོ་བོ་འགའ་ཡོད་པ་དང་།  བརྗོད་བྱ་རེ་རེ་ལ་ལས་རིགས་དེའི་ཆེད་མཁས་པ་དང་སློབ་གཉེར་བ།  ཁོར་སྲུང་དཔེ་ལེགས་ཅན་སོགས་གདན་འདྲེན་ཞུས་ཡོད།  ཉིན་ལྔའི་རིང་གི་ལྕགས་རྟའི་འགྲུལ་བཞུད་ལ་ཞུགས་མཁན་གྱིས་ས་བབས་མཐོ་ཞིང་དབྱང་དབུགས་དཀོན་པ་སོགས་ཀྱི་དཀའ་ཁག་ལ་གདོང་གཏད་དགོས་པ་ཙམ་མ་ཡིན་པར་ད་དུང་ཧུར་ཐག་སྒོས་རང་བྱུང་ཁོར་ཡུག་དང་མཐུན་སྦྱོར་བྱས་ཏེ་བདེ་ཐང་དང་སྤྲོ་སྣང་།  ལྷག་བསམ་རྣམ་དག་གི་འཚོ་བའི་ལྟ་སྟངས་བཟུང་ནས་རང་བྱུང་ཁམས་ཀྱི་པང་དུ་ལོག་སྟེ་རང་ཉིད་ལ་ཉམས་ཞིབ་ཐེངས་ཤིག་བྱས་ནས།  ཤེས་བྱ་མཐོར་འདེགས་དང་གྲོགས་སྒྲིག་པའི་མདུན་ལྗོངས་ཡངས་བོར་གཏོང་དགོས།  དེ་བས་ཐེངས་འདིར་ལྕགས་རྟར་ཞོན་རྒྱུར་དགའ་བའི་གྲོགས་པོ་དག་ལ་ཕན་ཚུན་ལ་སློབ་སྦྱོང་དང་འབྲེལ་འདྲིས།  ལས་རིགས་གསར་སྤེལ་གྱི་གོ་སྐབས།  མི་རིགས་མཐུན་སྒྲིལ་ལ་སྐུལ་སྤེལ་བྱེད་པའི་འཆམ་མཐུན་གྱི་གར་སྟེགས་ཤིག་བསྐྲུན་པ་ཡིན་ལ།  ལང་ཚོས་ཕྱུག་པའི་འགྲུལ་བཞུད་ཀྱིས་ཀུན་གྱི་ཡིད་དབང་འགུག་ཅིང་།  བྱ་གཞག་གསར་སྐྲུན་གྱི་ཕུགས་འདུན་བསྣམས་ནས་ལམ་སྐྱ་མོ་བང་གིས་གཅོད་པར་བྱེད།

      དེ་ནི་ཁྱོད་ཀྱིས་མི་ཚེ་གཅིག་ལ་བརྗེད་དཀའ་བའི་ཕྱིར་དྲན་ཐེངས་ཤིག་ཡིན་སྲིད་དེ།  ཉིན་ལྔའི་རིང་གི་ཀྱག་ཀྱོག་དང་འཆར་ཡན་གྱིས་ཕྱུག་པའི་འགྲུལ་སྐྱོད་ལམ་ཐག་ལ་ཕལ་ཆེར་སྤྱི་ལེ༣༦༠ཡོད་ལ།  གསལ་ལ་མི་གསལ་བའི་གཡུ་ཡིས་ཁྲ་རྒྱན་བཏབ་འདྲའི་ག་གུག་མང་པོའི་གཞུང་ལམ་གྱི་སྟེང་དུ་བསྐྱོད་ཚེ། སྐུ་ཉིད་ལ་བརྗོད་དུ་མེད་པའི་བདེ་སྐྱིད་ཀྱི་སྣང་བ་ཞིག་དང་རྫོགས་སུ་མེད་པའི་བསམ་བློའི་རྒྱགས་ཕྱེ་ཞིག་རང་བཞིན་གྱིས་སྨིན་ཡོང་ངེས།

བཀོད་སྒྲིག་གཙོ་བོ།

༼དུས་ཚོད།༽༢༠༡༦.༨.༣ནས༢༠༡༦.༨.༨
༼འགྲོ་གྲོན།༽མིང་ཐོ་འགོད་ཡོན་ལ་སྒོར༢༠༠དང་། དེ་མིན་འགྲོ་གྲོན་གཞན་དག་ཚང་མ་རང་ཉིད་ཀྱིས་འགན་འཁུར་དགོས།
༼དོ་དམ་བྱེད་སྟངས།༽ འགྲོ་འདུག་ཟས་གསུམ་དང་ཉེན་སྲུང་སོགས་གཅིག་གྱུར་སྒོས་བཀོད་སྒྲིག་བྱེད་པ་ཡིན།
༼ལམ་ལ་ཆས་ས།༽ ཟླ༨ཚེས་༣ཉིན་གྱི་ཕྱི་དྲོ་མཚོ་བྱང་ཁུལ་ནུབ་མཚོ་གྲོང་རྡལ་ཡིན།
ཡིད་མཐུན་རོགས་སྐྱོར་བ་དག་གིས་ཁེ་ལས་ཁྱབ་བསྒྲགས་དང་བརྡ་ཁྱབ་སྤེལ་འདོད་ཚེ་ཁ་པར་གྱི་ལམ་ནས་གནས་ཚུལ་གསལ་བོ་དྲིས་ཆོག

ལྕགས་རྟའི་མཚོ་བསྐོར་གྱི་མིང་ཐོ་འགོད་ས་དང་བརྡ་ཁྱབ་སྤེལ་བ་སོགས་ཀྱི་གནས་ཚུལ་ཞིབ་འདྲི་བྱེད་སའི་ཁ་པར་ཨང་གྲངས།

18697157090

15297145222

15597495666


རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ། ཨ་བུ་འབྲོང་།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། oles བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23596927
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།