བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་གླེང་བ།༼ཁག་གསུམ་པ།༽
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 17 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» ཀུན་འདུས།» བོད་ཁུལ་གྱི་དཔལ་འབྱོར། »བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་གླེང་བ།༼ཁག་གསུམ་པ།༽
བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་གླེང་བ།༼ཁག་གསུམ་པ།༽
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2016-07-26ལྟ་ཀློག (7092)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་གིས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་གླེང་བ།༼ཁག་གསུམ་པ།༽

ཡིག་མཁན། ཨ་བུ་འབྲོང་། 


 ༤ ད་ལྟའི་བོད་ཀྱི་དཔལ་འབྱོར་འཚོལ་སྒྲུབ་ཀྱི་གནས་བབ་གླེང་བ། 

   ད་འཛམ་གླིང་དཔལ་འབྱོར་གྱི་རྦ་རླབས་འདིའི་ཁྲོད་ནས་རང་རེ་བོད་མི་རིགས་ཀྱི་དཔལ་འབྱོར་ལ་བསམ་བློ་ཞིག་བཏང་ན་ཧ་ཅང་གི་མེད་པོ་དང་སྐྱོ་བོ། ཡིད་སྐྱོ་དགོས་པ་དེ་འདྲ་ཞིག་རེད། སྤྱིར་བཏང་འཕེལ་རྒྱས་ལ་གཏན་ནས་སོང་མེད་པ་མིན་ཏེ་སྔོན་དང་བསྡུར་ན་འཕེལ་རྒྱས་ལ་ཧ་ཅང་སོང་ཡོད། ལྷག་པར་ཏང་གི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཕྱིན་ནས་སྔོན་གྱི་གྲལ་རིམ་དང་གྲལ་རིམ་བར་གྱི་འཐབ་རྩོད་སོགས་ནོར་འཁྲུལ་ཅན་དུ་བརྩིས་ཏེ་ཕྱི་ཕྱོགས་སྒོ་འབྱེད་སོགས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ལམ་ལུགས་གཙོ་བོར་བཟུང་བས་ཚང་མ་དར་རྒྱས་གོང་འཕེལ་ལ་སོང་ཡོད་པ་རེད། དེ་བཞིན་བོད་ཀྱི་ས་ཁུལ་ཡོངས་རྫོགས་ཀྱང་དར་རྒྱས་གོང་འཕེལ་ལ་ངེས་ཅན་ཞིག་སོང་ཡོད། ཡིན་ནའང་ང་ཚོས་ངེས་པར་ཤེས་དགོས་པ་ཞིག་ལ། བོད་ཀྱི་ས་ཁུལ་འཕེལ་རྒྱས་ལ་སོང་བ་དེས་བོད་མི་རིགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སོང་བ་གཏན་ནས་མཚོན་མི་ཐུབ། ཁྱད་པར་འདི་ཧ་ཅང་གལ་ཆེན་པོ་ཡིན་པས་ངེས་པར་ཤེས་དགོས། མང་བོ་ཞིག་གིས་བོད་ཀྱི་ས་ཁུལ་དར་རྒྱས་གོང་འཕེལ་ལ་སོང་བ་ནི་བོད་མི་རིགས་ཀྱི་དཔལ་འབྱོར་དར་རྒྱས་གོང་འཕེལ་དུ་སོང་བ་རེད་བསམ་གྱིན་ཡོད། དེ་མ་རེད། བོད་ཀྱི་ས་ཁུལ་འཕེལ་རྒྱས་ལ་སོང་བ་དང་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་སོང་བ་གཉིས་ཁ་ཁ་རེད། བོད་མི་རིགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་འགྲོ་ཡིན་ཡོད་མེད་ནི་མི་རིགས་རང་གི་ལག་ལ་ཡོང་སྒོ་ག་འདྲ་འབབ་པ་དང་མི་རིགས་རང་ལ་དབང་བའི་མཐུན་གཉེར་ཁང་དང་མཉམ་སྒྲུབ་ཚོང་སྡེ་ག་ཚོད་ཡོད་མེད་དེ་ལ་བལྟ་དགོས། འདིའི་ཁྱད་པར་ནི་རྒྱལ་ཁབ་ཀྱི་ཁྲིམས་དང་སྲིད་ཇུས་ཀྱི་ངོས་ནས་ཀྱང་ཧ་ཅང་གསལ་བོ་ཡིན་ཏེ། གྲངས་ཉུང་མི་རིགས་ས་ཁུལ་གྱི་ཁེ་ལས་ཤིག་ཡིན་ན་ག་འདྲ་ཡིན་དགོས་པ་དང་། གྲངས་ཉུང་མི་རིགས་རང་གི་ཁེ་ལས་ཤིག་ཡིན་ན་ག་འདྲ་ཡིན་དགོས་པ་བཅས་དེ་ལ་ཁྱད་པར་གསལ་བོར་ཡོད་པ་རེད། ད་དུང་གྲངས་ཉུང་མི་རིགས་ཀྱི་ཁེ་ལས་ལ་དམིགས་བསལ་གྱི་རྒྱབ་སྐྱོར་ཡོད་པ་དང་། གྲངས་ཉུང་མི་རིགས་ས་ཁུལ་གྱི་ཁེ་ལས་དང་ཁེ་ལས་གཞན་པ་གཉིས་ཀྱི་རྒྱབ་སྐྱོར་ལའང་ཁྱད་པར་ཡོད། ཁྱད་པར་འདི་དག་ཡང་དག་པར་ཤེས་དགོས། དཔེར་ན་གཏེར་སྔོག་འདོན་ལྟ་བུ་ལ་མཚོན་ན། དེར་མ་དངུལ་གཏོང་མཁན་ནི་རྒྱལ་ཁབ་གཞུང་ཡིན་ན་དེའི་ཡོང་སྒོས་རྒྱལ་ཁབ་གཞུང་ཕྱུག་པོར་གཏོང་བ་དང་། ཡང་ན་དེའི་ཚོང་བདག་མི་སྒེར་གང་རུང་ཞིག་ཡིན་ན་དེས་རྒྱལ་ཁབ་གཞུང་ལ་ཁྲལ་འཇལ་བ་སོགས་རོགས་ཆེན་པོ་ཐུབ་མོད་ཡོང་སྒོ་ནི་ཚོང་བདག་ཁོ་རང་ལ་དབང་བ་དང་ཁོ་རང་ཉིད་ཕྱུག་པོར་གཏོང་གིན་ཡོད་པ་རེད།

ང་ཚོ་བོད་མི་རིགས་ཀྱིས་དཔལ་འབྱོར་བརྩོན་ལེན་བྱེད་སྟངས་དང་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་གོ་རིམ་ལ་གཅིག་བལྟས་ན་ཧ་ཅང་གི་རྗེས་ལུས་ཆགས་བསྡད་ཡོད་པ་རེད། ངས་གོང་དུ་བཤད་པ་བཞིན་གཞན་རྣམས་ཀྱིས་མཐུན་གཉེར་ཁང་མང་བོ་བཙུགས་ཏེ་ལོ་ངོ་དེ་འདྲའི་ཐུང་ཐུང་ནང་དར་རྒྱས་སོང་བ་དང་བསྡུར་ན་ང་ཚོའི་དཔལ་འབྱོར་གཉེར་སྟངས་དང་འཕེལ་རྒྱས་ཀྱི་ཚད་དེ་ད་དུང་དུས་རབས་སྔོན་མ་སྔོན་མ་ཞིག་གི་དཔལ་འབྱོར་གཉེར་སྟངས་དང་འཕེལ་རྒྱས་ཀྱི་ཚད་ན་ལུས་བསྡད་ཡོད། དེ་ཇི་ལྟར་ཡིན་ཞེ་ན་ང་ཚོའི་ཁེ་ལས་ནི་ད་རུང་ཁྱིམ་ཚང་ཁྱིམ་ཚང་གི་རྣམ་པར་གནས་ཤིང་། ཁྱིམ་ཚང་རེ་རེ་ནི་ཁེ་ལས་རེ་རེ་དང་། ཁྱིམ་བདག་རེ་རེ་ནི་ཚོང་བདག་རེ་རེ་ཡིན། དེ་དག་གིས་རང་རང་ས་ནས་ཀོ་དང་པགས་པ། དབྱར་རྩྭ་དགུན་འབུ་སོགས་ཉོ་ཚོང་བྱེད་ཅིང་དེར་ཡོང་སྒོ་དུ་ཙམ་ཡོད་པ་དེ་ཁོ་ནར་བལྟས་བསྡད་ཡོད། ང་ཚོས་ཐ་ན་ཁྱིམ་ཚང་རེ་རེའི་ཁེ་ལས་དེའང་མཉམ་རུབ་བྱེད་མ་ཐུབ་པས་ང་ཚོའི་ཁེ་ལས་དེ་ད་རུང་ཁ་འཐོར་གྱི་རང་བཞིན་ཅན་དང་དཔལ་འབྱོར་གྱི་སྒྲིག་གཞི་མེད་པར་ཆགས་ཡོད། འདི་ལྟར་བསྡད་ན་ང་ཚོའི་དཔལ་འབྱོར་དར་རྒྱས་གོང་འཕེལ་དུ་འགྲོ་ག་ལ་སྲིད། ང་ཚོའི་དཔལ་འབྱོར་སྒྲུབ་སྟངས་དེ་མཐུན་གཉེར་གྱི་རྣམ་པ་ཅན་དང་ཚོགས་ཁག་གི་རྣམ་པ་ཅན་སོགས་ཕར་ཟད། ཐ་ན་མཉམ་སྒྲུབ་ཚོང་སྡེའི་ལམ་ལུགས་ཙམ་ལའང་ཞུགས་ཐུབ་མེད། ད་རུང་མཉམ་སྒྲུབ་ཚོང་སྡེ་ནི་དགོས་པ་མེད་པ་དང་སྒྲུབ་མཁན་ཁོ་རང་ཚོའི་སྒེར་དོན་ཞིག་ཡིན་པར་སྨྲ་བ། འདི་བཤད་མཁན་ཨ་ཁུ་འཇིགས་མེད་རྒྱལ་མཚན་ཡིན་པས་ཁོ་རང་ལ་སྒོར་མོ་དང་མཚན་སྙན་གྲགས་ཤིག་འཐོབ་རྒྱུ་ཡོད་པ་ཡིན་རྒྱུ་རེད། རང་གི་ཁ་རང་གིས་གསོ་ཐུབ་པས་དེ་དག་ལ་ཁ་ཡ་བྱ་དགོས་མི་འདུག་སོགས་སྨྲ། ས་གནས་སྤྱི་དང་མི་རིགས་སྤྱིའི་ཡར་རྒྱས་གོང་འཕེལ་ལ་མི་གཅིག་གིས་ཀྱང་བསམ་བློ་མི་གཏོང་། ཚང་མས་མི་སྒེར་རང་རང་གི་ལྟོ་བ་འགྲང་ཐབས་ཙམ་ལས་ཐ་ན་རང་གི་བུ་ཕྲུག་གི་མ་འོངས་པའི་དཔལ་འབྱོར་གྱི་མདུན་ལམ་ལའང་བསམ་བློ་ཆེར་མི་གཏོང་། འདི་ནི་ང་ཚོའི་དཔལ་འབྱོར་འཚོལ་སྒྲུབ་ཀྱི་མདུན་ལམ་ལ་གནད་དོན་ཆེན་པོ་བྱུང་ཡོད་པའི་རྟགས་མཚན་ཡིན་ནོ། །

ཡང་ལ་ལས་འབྲུ་ཞོ་སོགས་ཐོན་རྫས་རེ་གཉིས་སྐྱེད་པར་བྱེད། ཡིན་ཡང་དེའང་རང་ཉིད་སྒེར་གྱིས་བཙོང་ས་ཞིག་འཚོལ་བ་ལས་ཚོང་ར་ཅན་དུ་འགྱུར་ཐུབ་མེད་ཅིང་། ཚོང་ར་རྒྱ་བསྐྱེད་པ་སོགས་ཕར་ཟད་ཐ་ན་སྒྲིག་གཞིའང་ཡོད་པ་མ་རེད། ཡང་ཚོང་ར་ཅན་དུ་འགྱུར་གྱིན་པ་ཞིག་ལ་ང་ཚོས་སྒྲུབ་ཀྱིན་པའི་སྤྲི་ཆུར་འདི་རེད། འདི་ཕྱི་རྒྱལ་གྱི་ཚོང་ར་ལའང་འགྲོ་ཡིན་ཡོད་པ་རེད། ཡིན་ནའང་འདི་གཞི་རྒྱ་ཅན་དུ་གཏན་ནས་འགྱུར་ཐུབ་ཀི་ཡོད་པ་མ་རེད། གཞི་རྒྱ་ཅན་དུ་ཇི་ལྟར་འགྱུར་དགོས་པ་རེད་ཟེར་ན། ངའི་ཐོན་རྫས་ཀྱི་རྒྱུ་ཆ་འོ་མ་རེད། ལས་རྒྱུ་བོ་སྤྲི་ཆུར་རེད། ཟ་མཁན་ནི་རྒྱལ་ཁབ་ཕྱི་ནང་གཉིས་ཀ་རེད། ད་རུང་གཙོ་བོ་ཕྱི་རྒྱལ་རེད། ཐོན་རྫས་ནི་དེ་འདྲའི་ཕུན་སུམ་ཚོགས་པ་ཞིག་ཡིན་མོད་གཞི་རྒྱ་ཅན་དུ་འགྱུར་མི་ཐུབ་དོན་ནི་ང་ཚོས་འོ་མ་མང་བོ་བསྡུ་མི་ཐུབ་ཅིང་འབྲོག་པ་མང་ཚོགས་ལ་བཙོང་རྒྱུའང་ཡོད་པ་མ་རེད། དེ་བས་གཞན་གྱི་རེ་བ་ཅི་འདོད་སྐོང་ཐུབ་པའི་ཐོན་རྫས་ཤིག་བཙོང་རྒྱུ་མ་རྙེད་པ་རེད། གཞེས་ནིང་ལོར་དངུལ་བུན་ལེན་པ་སོགས་ཐབས་སྣ་ཚོགས་ལ་བརྟེན་ནས་ད་ལོ་ནས་བཟུང་ལོ་རེར་སྤྲི་ཆུར་ཏོན་༡༦༠བཟོ་ཐུབ་པ་བྱས་ཡོད། ཡིན་ནའང་ཐོན་རྫས་ད་རུང་བཟོ་ཐུབ་མེད། རྒྱུ་མཚན་འབྲོག་པ་རྣམས་ལས་འོ་མ་ཉོ་རྒྱུ་མི་རྙེད་པས་རེད། ཁ་སང་རྩེ་ཁོག་གི་མི་ཞིག་གིས་ཁོ་ཚོར་དགུན་ཁ་འོ་མ་རྒྱ་མ་༢༠༠༠ལྷག་བཙོང་རྒྱུ་ཡོད་ཤས་ཆེ་ཟེར། དེ་མིན་འོ་མ་རྒྱ་མ་༡༠༠༠བཙོང་ཐུབ་ཟེར་བའི་ཚོང་སྡེ་ཙམ་ཡང་ཡོད་པ་མ་རེད། འདི་ལྟར་བསྡད་ན་ང་ཚོར་ཡར་རྒྱས་གོང་འཕེལ་ཞིག་ཡོད་རྒྱུ་ཨེ་རེད། ཡོད་རྒྱུ་མ་རེད། ཡང་ལ་ལར་མ་དངུལ་ཅུང་རེ་ཡོད་ཅིང་ཚོང་ཡང་བྱེད་ཀི་ཡོད་པ་རེད། ཡིན་ཡང་མང་ཆེ་བ་ཚད་ལྡན་དང་ཁྲིམས་མཐུན་རང་བཞིན་གྱི་ལམ་དུ་འགྲོ་ཐུབ་ཀི་མེད། དཔེར་ན། ལྷ་ས་དང་ཁམས་ཕྱོགས་སུ་གནའ་རྫས་ཀྱི་ཚོང་བྱེད་མཁན་མང་བ་དང་ནག་ཚོང་བྱེད་མཁན་ཡང་མང་། དེ་དག་ཚང་མ་སྒོར་མོ་ཞིག་འཚོལ་ཐབས་ཡིན་ནའང་ཁྲིམས་མཐུན་མ་ཡིན་པ་དང་། གནས་ལུགས་མ་ཡིན་པ། དོན་དང་མཐུན་པ་མ་ཡིན་པས་ན་ཚོང་ལས་དེ་དག་ནི་ང་ཚོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་བཀག་རྡོར་གྱུར་ཡོད།

ཡང་ལ་ལས་མཐུན་གཉེར་ཁང་སོགས་བཙུགས་ཀྱང་མང་ཆེ་བར་ཚད་ལྡན་གྱི་དཔང་ཡིག་ཚང་བ་མ་རེད། དཔེར་ན་མགོ་ལོག་ཁུལ་ལ་མཉམ་སྒྲུབ་ཚོང་སྡེ་རྫོགས་མེད་ཅིག་ཡོད་དེ་༡༧༦ཡོད། ཡིན་ནའང་ཞིང་ཆེན་རིམ་པའི་ཚད་ལྡན་གྱི་དཔང་ཡིག་ཡོད་ས་བཅུ་ཁ་ཞིག་ལས་མེད་རབས་ཟེར། དེ་ནི་ང་ཚོར་དཔལ་འབྱོར་གྱི་སྒྲིག་གཞི་མེད་པ་དང་དཔལ་འབྱོར་འཚོལ་སྒྲུབ་ཀྱི་ཁ་ཕྱོགས་མ་ཟིན་པས་རེད། རྒྱལ་ཁབ་དང་མི་རིགས། ས་གནས་སོགས་གང་གི་དབང་དུ་བྱས་ཀྱང་ཡིན་གཅིག་མིན་གཉིས་ཀྱིས་མཐུན་གཉེར་ཁང་ཆེན་པོ་བཙུགས་ཏེ་རང་རང་གི་བཟོ་སྐྲུན་གྱི་ལས་རིགས་དེ་དར་རྒྱས་གོང་འཕེལ་དུ་གཏོང་དགོས་པ་རེད། མང་བོ་ཞིག་གིས་ཀྲུང་གོའི་རྒྱལ་ཁབ་ལ་བཟོ་སྐྲུན་གྱི་རྒྱལ་ཁབ་ཆེན་མོ་ཞེས་འབོད་ཀི་ཡོད། ཡིན་ནའང་ཀྲུང་གོ་ལ་མི་དགའ་མཁན་མང་བོ་ཞིག་གིས་དེ་ནི་ཁས་མི་ལེན་ཏེ། ཀྲུང་གོ་ནི་བཟོ་སྐྲུན་གྱི་རྒྱལ་ཁབ་མ་ཡིན་པར་ལས་སྣོན་གྱི་རྒྱལ་ཁབ་རེད་ཟེར་རོ། །

སྤྱིར་བཟོ་སྐྲུན་ལས་རིགས་ཞེས་པར་སྣ་ཁ་དང་རིམ་པ་མང་བོ་ཞིག་ཡོད་དེ། ཐོག་མར་ཐོན་རྫས་ལ་ཞིབ་འཇུག་བྱ་དགོས་ཤིང་བར་དུ་དེའི་ཐོན་ཁུངས་ཇི་ལྟར་སྔོག་འདོན་དང་བསྡུ་ལེན་བྱེད་པར་སྒྲིག་གཞི་གཟུག་དགོས། དེ་ནས་ཚོང་རར་ཇི་ལྟར་འགྲེམ་པ་དང་དེར་དོ་དམ་དང་སྐྱེལ་འདྲེན་ཇི་ལྟར་བྱེད་པ་ལ་སོགས་པ་མང་བོ་མང་བོ་ཞིག་འཛོམས་དགོས་ཏེ། བཟོ་སྐྲུན་ལས་རིགས་ཞེས་པ་ནི་འདི་འདྲའི་མ་ལག་ཆ་ཚང་བ་ཞིག་ཡིན་དགོས། ཡིན་ནའང་རང་རེ་བོད་མི་རིགས་ལ་མཚོན་ན་འདི་དག་གཏན་ནས་འཛོམས་མེད་དེ།  རབ་ཡིན་ན་ངས་གོང་དུ་བཤད་པ་བཞིན་རང་ལ་ཐོན་རྫས་ཞིག་ཡོད་པ་དེ་མི་གཞན་ཞིག་ལ་སྤྲོད་ཐུབ་པ་དེ་ཙམ་ཡིན། ད་རུང་དེ་ལྟར་ཐུབ་ན་ངར་བར་བརྩི་དགོས། དེ་བས་ཐོན་རྫས་ཅི་ཞིག་ཡིན་ཡང་རང་གིས་ཞིབ་འཇུག་བྱས་ཤིང་རང་གིས་ལས། རང་གིས་ཚོང་ར་བཙལ་ཏེ་ཚོང་ལས་གཉེར། མཐར་རང་གིས་མ་དངུལ་བླངས་ཏེ་དེ་ཉིད་སྒྲིག་གཞི་ཡོད་པའི་སྒོ་ནས་བགོ་བཤའ་འཐེན་པ་དེ་འདྲ་བྱ་དགོས། འོན་ཀྱང་ང་ཚོར་འདིའི་མ་ལག་འདི་གཏན་ནས་ཡོད་པ་མ་རེད།  ཚང་མས་འདིའི་ཕྱོགས་ལ་འབད་པ་བྱ་རྒྱུ་ཧ་ཅང་གལ་ཆེ།                                            ༼ མུ་འགོད། ༽


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། བན་ཤུལ་འཇམ་དབྱངས། འབའ་སྣང་གྲོལ། 

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། a7yd བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་གླེང་བ།༼ཁག་གསུམ་པ།༽   སྤེལ་མཁན།: བསོད་ནམས་གངས་རྒྱན། སྤེལ་དུས:2016/8/17
ར་རྒྱ་འཇིགས་མེད་ཀྱིས་དཔལ་འབྱོར་རིག་པ་ཤེས་ནས། ཧ་ཧ་ཧ། གཏམ་ངན་ལ་ལུང་གང་བཤད་ནས་མི་རིགས་འདིའི་གླེན་རྨོངས་བ་དག་ལ་མགོ་སྐོར་མ་གཏོང་རོགས། ད་ལྟ་ཁམས་པའི་མི་གཞུང་དྲང་ཅན་འགའ་ཁྱོད་ཚོས་གཡོ་འོག་དུ་ཚུད་ཡོད་ན་འང་གང་ལྟར་རང་ལ་ཆ་རྒྱུས་མེད་པའི་གཏམ་གྱིས་མི་རྣམས་མ་བསླུ་བར་འཚལ།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23485478
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།