འབའ་རྫོང་མཐར་ཕྱིན་སློབ་མའི་མཉམ་འཛོམས་སྐབས་དང་བོ་འཚོགས་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »འབའ་རྫོང་མཐར་ཕྱིན་སློབ་མའི་མཉམ་འཛོམས་སྐབས་དང་བོ་འཚོགས་པ།
འབའ་རྫོང་མཐར་ཕྱིན་སློབ་མའི་མཉམ་འཛོམས་སྐབས་དང་བོ་འཚོགས་པ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2016-07-24ལྟ་ཀློག (5496)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་འབའ་རྫོང་མཐར་ཕྱིན་སློབ་མའི་མཉམ་འཛོམས་སྐབས་དང་བོ་འཚོགས་པ། 


   ༢༠༡༦ལོའི་སྤྱི་ཟླ་༧ཚེས་ཉེར་གསུམ་ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ལོ་ངོ་ཉི་ཤུའི་རིང་གི་འབའ་རྫོང་མཐར་ཕྱིན་སློབ་མའི་མཉམ་འཛོམས་སྐབས་དང་བོ་འབའ་རྫོང་དུ་འཚོགས་ཤིང་། སློབ་གྲོགས་མཉམ་འཛོམས་སྟེང་དུ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱི་ཚོགས་གཙོ་དགེ་རྒན་འོད་ཟེར་ལགས་ཀྱིས་ཐོན་མིའི་སློབ་ཚོགས་མཚམས་སྦྱོར་དང་འབྲེལ་ནས་གསུང་བཤད་གནང་བར་མ་ཟད།  ཐོན་མིའི་སློབ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་འབའ་སྣང་གྲོལ་དང་རྭ་རྒྱ་འཕྲིན་ལས།  གསེར་ལག་བློ་བཟང་ཡེ་ཤེས་སོགས་སློབ་གྲོགས་རྣམས་ཀྱིས་ཏང་དང་མེས་རྒྱལ་གྱི་ཡང་དག་པའི་སྲིད་ཇུས་ཀྱི་ཁ་ཕྱོགས་དང་མཐུན་པ།  སྤྱི་ཚོགས་བདེ་འཇགས་དང་འཆམ་མཐུན་གཙོར་བཟུང་གི་སྒོ་ནས་འབའ་རྫོང་མཐར་ཕྱིན་སློབ་མ་རྣམས་ཀྱིས་ཕ་ཡུལ་འབའ་རྫོང་གི་འཕེལ་རྒྱས་ཀྱི་ཐད་ལ་ནུས་པ་ཇི་ལྟར་འདོན་དགོས་ཚུལ་སོགས་ཀྱི་ཐད་ནས་རང་རང་གི་བསམ་ཚུལ་སྦ་གསང་མེད་པར་ཞུས་ཤིང་།  མཇུག་ཏུ་མཐར་ཕྱིན་སློབ་གྲོགས་རྣམས་ཀྱི་ཁྲོད་ནས་དགེ་རྒན་མགོན་པོ་རྒྱལ།   ནག་བཟའ་བློ་བཟང་ཆོས་གྲགས།  འབའ་ཤེས་རབ་རྒྱ་མཚོ།  གུ་རུ། དོན་གྲུབ་རྒྱལ་བཅས་མི་སྣ་ལྔ་མཐར་ཕྱིན་སློབ་གྲོགས་རྣམས་ཀྱི་སྣེ་ཁྲིད་དུ་མང་གཙོའི་སྒོ་ནས་བདམས་ཐོན་བྱུང་ནས་བདེ་བླག་ངང་སློབ་གྲོགས་མཉམ་འཛོམས་མཇུག་རྫོགས། 

མཐར་ཕྱིན་སློབ་མ་རྣམས་ཀྱིས་སློབ་གསོའི་ཕྱོགས་ཀྱི་ལབ་གླེང་སྣ་ཚོགས་བྱེད་བཞིན་པ།

 

མཐར་ཕྱིན་སློབ་གྲོགས་རྣམས་ཀྱིས་རང་རང་གི་བསམ་ཚུལ་ཞུ་བཞིན་པ། 

སློབ་གྲོགས་སོ་སོའི་བསམ་ཚུལ་ལ་ཉན་བཞིན་པ།  


བསམ་ཚུལ་ལ་དཔྱད་སྡུར་བྱེད་བཞིན་པ། 


སྣེ་ཁྲིད་དུ་བདམས་ཐོན་བྱུང་བའི་སློབ་གྲོགས་རྣམས་ལ་ཁ་བཏགས་ཕུལ་ནས་རྟེན་འབྲེལ་ཞུ་བཞིན་པ། 


སྣེ་ཁྲིད་དུ་བདམས་ཐོན་བྱུང་བའི་སློབ་གྲོགས་རྣམ་པ། 


སྐོར་དང་སྐོར་བྱས་ནས་རང་མོས་ཀྱི་ལབ་གླེང་སྣ་ཚོགས་བྱེད་བཞིན་པ། 


སློབ་གྲོགས་མཉམ་འཛོམས་ཀྱི་ཞལ་ཟས་ལ་རོལ་བ། 


སློབ་གྲོགས་ལྷན་འཛོམས་མཉམ་པར། 

རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། libo བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23533164
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།