སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་མདོ་སྨད་ཁྲི་ཀར་ཕེབས་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་མདོ་སྨད་ཁྲི་ཀར་ཕེབ
སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་མདོ་སྨད་ཁྲི་ཀར་ཕེབས་པ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2016-07-15ལྟ་ཀློག (5003)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མདོ་སྨད་ཁྲི་ཀར་ཕེབས་པ།

སྤྱི་ལོ་༢༠༡༦ལོའི་ཟླ་༧པའི་ཚེས་༡༣ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་ལྷག་དཀར་བྱམས་བརྩེ་ཐེབས་རྩ་ཚོགས་པས།ཇི་ལྟར་གསོལ་བ་བཏབ་པ་ཞལ་གྱིས་བཞེས་ནས་མདོ་སྨད་ཁྲི་ཀར་ཕེབས་ཤིང་།ཞོགས་པའི་ཆུ་ཚོད་དགུ་ཡས་མས་ཀྱི་སྟེང་ཁྲི་ཀ་རྫོང་ནས་ཤར་ཕྱོགས་སུ་སྤྱི་ལེ་གཉིས་ཀྱིས་ཆོད་པའི་སར་བཞེངས་ཡོད་པའི་ཨ་མདོའི་ཇོ་ཆེན་བརྒྱད་ཀྱི་ཡ་གྱལ།མདོ་སྨད་ཁྲི་ཀའི་ཇོ་བོར་ཞལ་གསེར་བསྒྲོན་ཞིང་དད་ལྡན་སྟོང་ཕྲག་ཁ་ཤས་དང་ལྷན་དུ་མཆོད་མཇལ་གནང་། ངག་རྒྱུན་ལྟར་ན་རྒྱ་བཟའ་ཀོང་ཇོ་བོད་དུ་ཕེབས་སྐབས་ལམ་བར་ནས་མདོ་སྨད་ཡུལ་དུ་ཇོ་བོ་བརྒྱད་བཞེངས་པར་གྲགས་པའི་གཅིག་ཡིན་པར་བཤད།དེ་ནས་ཅུང་མ་འགོར་བར་མདོ་སྨད་ཁྲི་ཀའི་ཡུལ་གྱི་སྲོན་པོའི་གླིང་གར་ཕྱག་ཕེབས་གནང་སྟེ།  བྱམས་བརྩེ་ནུས་སྟོབས་ཞེས་པའི་བརྗོད་གཞིའི་སྟེང་ནས་དད་ལྡན་སེར་སྐྱ་ཡོངས་ལ་བཀའ་སློབ་ཡིད་འཁུལ་ནུས་པ་བསྩལ་བར་མ་ཟད།  མཇུག་ཏུ་ཁོང་གིས་དངོས་སུ་ལྷག་དཀར་བྱམས་བརྩེ་ཚོགས་པའི་ཚོགས་མི་རེ་རེར་བདག་ཅག་གི་སྟོན་པའི་སྐུ་དང་བཅས་རྟེན་སྐལ་འགང་ཆེན་གནང་།

དད་ལྡན་སེར་སྐྱ་མང་ཚོགས་ཀྱིས་ཕེབས་བསུ་བྱེད་བཞིན་པ།

ནན་ཏན་གྱིས་བཀའ་སློབ་ལ་གསན་བཞིན་པའི་དད་ལྡན་མང་ཚོགས།

བྱམས་བརྩེ་བརྗོད་གཞིར་བྱས་པའི་བཀའ་སློབ་ལ་ཉན་བཞིན་པ།

དད་ལྡན་ཆོས་ཞུ་བ་རྣམས་ལ་རྟེན་སྐལ་གནང་བཞིན་པ།

གསར་འགོད་པ་ཐུབ་པའི་གདུང་འཚོབ།   གསར་འགྱུར་དང་པར་རིས་མཁོ་སྤྲོད་པ།  ཁྲི་ཀའི་བདྨ།


2016ལོའི་སྤྱི་ཟླ་7་པའི་ཚེས་15་ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་ང་ཚོ་དགེ་སློབ་ཡོངས་ཀྱི་རེ་འདུན་ལྟར་དུ་ངེད་རེབ་གོང་མི་རིགས་རིག་གནས་ཕོ་བྲང་བཟོ་རིག་གསོ་སྐྱོང་སློབ་གླིང་ལ་ཕེབས་ཏེ།སློབ་མ་ཚོའི་སློབ་སྦྱོང་གི་རྣམ་པ་དང་རྒྱུགས་ཤོག ཟིན་བྲིས། ལས་བྱ། གཞན་ད་དུང་དཔེ་མཛོད་ཁང་དང་ཐང་ག་བཤམས་སྟོན་ཁང་བཅས་ལ་གཟིགས་ཞིབ་འཐུས་ཚང་གནང་བར་མ་ཟད།ང་ཚོ་སློབ་གྲྭའི་ཆེད་ལས་དང་འབྲེལ་བའི་བོད་ཀྱི་ལྷ་བཟོ་སྒྱུ་རྩལ་གྱི་རིན་ཐང་དང་མི་གཤིས་ཀུན་སྤྱོད་ཀྱི་སྐོར་ནས་གསུང་བཤད་གལ་ཆེན་གནང་བ།

ཕེབས་བསུ་གནང་བཞིན་པ།

དགེ་རྒན་རིན་པོ་ཆེས་ལམ་སྟོན་བསླབ་བྱ་གནང་བཞིན་པ།

སློབ་མ་རྣམས་ཀྱི་བརྩམས་ཆོས་ལ་གཟིགས་ཞིབ་གནང་བཞིན་པ།

འགན་འཛིན་པས་བརྩམས་ཆོས་ངོ་སྤྲོད་གནང་བཞིན་པ།

དགེ་སློབ་ཡོངས་ཀྱིས་དྲན་རྟེན་འདྲ་པར།

གསར་འགོད་པ།    སྦྲ་སྲས་དཀར་པོ།


རྩོམ་སྒྲིག་འགན་འཁུར་བ།ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ།ཨ་བུ་འབྲོང་།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 3 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། fc4i བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་མདོ་སྨད་ཁྲི་ཀར་ཕེབས་པ།   སྤེལ་མཁན།: འབའ་གཞུང་འཇིགས་མེད། སྤེལ་དུས:2016/7/15
སློ་དཔོན་རིན་པོ་ཆེའི་སྐུ་ཚེ་མཛད་པ་འཕྲིན་ལས་རྒྱས་ཤིང་འཕེལ་བར་གྱུར་ཅིག🙏🙏🙏
  སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་མདོ་སྨད་ཁྲི་ཀར་ཕེབས་པ།   སྤེལ་མཁན།: མི་ལྟོགས། སྤེལ་དུས:2016/7/15
སློབ་དཔོན་མཆོག་གི་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་ཕྱོགས་མཐར་རྒྱས་གྱུར་ཅིག
  སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་མདོ་སྨད་ཁྲི་ཀར་ཕེབས་པ།   སྤེལ་མཁན།: མི་ལྟོགས། སྤེལ་དུས:2016/7/15
སློབ་དཔོན་མཆོག་གི་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་ཕྱོགས་མཐར་རྒྱས་གྱུར་ཅིག
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23531964
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།