སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོས་མཐར་ཕྱིན་སློབ་མར་གནང་བའི་ཞལ་གདམས།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 11 ཚེས 21 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» ལྷུག་རྩོམ། »སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོས་མཐར་ཕྱིན་སློབ་མར་གནང་བ
སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོས་མཐར་ཕྱིན་སློབ་མར་གནང་བའི་ཞལ་གདམས།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2016-07-09ལྟ་ཀློག (6017)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་བཅུ་དགུ་བའི་མཐར་ཕྱིན་དགོང་ཚོགས་སྟེང་གནང་བའི་གསུང་བཤད།

  ལྡོང་ཡོན་ཏན་རྒྱ་མཚོ།


        ད་དེ་རིང་སྐབས་བཅུ་དགུ་བའི་མཐར་ཕྱིན་སློབ་མ་༡༥༥མཐར་ཕྱིན་བཞིན་ཡོད་པ་རེད། མཐར་ཕྱིན་སློབ་མ་ཚང་མས་དཀའ་སྤྱད་སྡུག་རུས་དང་ལྟོ་སྐྱ་གོས་ཧྲུལ། གཉོམ་ཆུང་ཚུལ་མཐུན་བྱས་ཏེ་རང་གི་ཐོས་བསམ་སློབ་གཉེར་གྱི་ཆེད་དུ་མགོ་བོ་བསྒུར་ནས་དཀའ་ཚེགས་ལ་མ་འཛེམས་པར་དེ་རིང་རྒྱལ་ཁ་དང་གཟི་བརྗིད་ཀྱི་ངང་ནས་མཐར་ཕྱིན་བཞིན་ཡོད་པ་རེད། མཐར་ཕྱིན་སློབ་མ་བརྒྱ་དང་ང་ལྔ་བོའི་སུ་དང་སུ་ཞིག་ཡིན་ཡང་བོད་ཀྱི་བསམ་བློ་གཙང་མ་ཞིག་དང་བོད་ཀྱི་རིག་གནས་ཡང་དག་ཅིག་སྦྱངས་ནས་སྤྱི་ཚོགས་ཀྱི་ཁྲོད་དུ་འགྲོ་བཞིན་ཡོད་པ་རེད། དེ་ཡིན་ན་ཁྱེད་རྣམ་པ་ཚང་མ་བོད་ཁ་བ་གངས་རིའི་ལྗོངས་ཀྱི་ཆོས་སྲིད་རིག་གནས་དང་བཅས་པ་ལ་བྱས་རྗེས་བླ་ན་མེད་པ་འཇོག་མཁན་གྱི་མི་སྣ་ཤ་སྟག་ཏུ་འགྱུར་བའི་སྨོན་ལམ་འདེབས་པ་དང་། ཁྱེད་ཚོའི་མི་ཚེའི་བཤུལ་ལམ་རིང་མོའི་ཁྲོད་དུ་དཀའ་ཚེགས་གང་ལ་ཐུག་ཀྱང་རང་གི་སེམས་རྟེན་སྐྱབས་གནས་དཀོན་མཆོག་གསུམ་དང་སྦྱངས་ཡོད་པའི་ཐུན་མོང་མ་ཡིན་པའི་བསམ་བློའི་མཛེས་སྡུག་སྐྲུན་བྱེད་ཀྱི་རིག་གནས་འདིས་ནང་སེམས་ཀྱི་དྲོད་འཁོལ་མ་ཉམས་པར་བྱས་ཏེ་ནམ་ཡིན་ཡང་རང་གི་མི་རིགས་ལ་ཞབས་ཞུ་དྲོན་མོ་བསྒྲུབ་རྒྱུ་དེ་ངས་འདི་ནས་རེ་བ་ཞུས་པ་ཡིན།

    ད་འདིའི་ནང་གི་གྲྭ་བ་རྣམ་པ་ཚོ་ཡིན་ན་གྲྭ་ས་ཆེ་འབྲིང་ཆུང་གསུམ་བརྒྱུད་ནས་མདོ་སྔགས་རིག་གནས་ཀྱིས་བསྡུས་པའི་གཞུང་ལུགས་རམ་འབྱམས་ལ་སྦྱངས་པ་མཐར་ཕྱིན་པ་ཞིག་བྱེད་རྒྱུ་དང་། དེ་ནས་གྲོང་བ་ཚོ་ཡིན་ན་སློབ་གྲྭ་ཆེན་མོ་དང་ཞིབ་འཇུག་ལ་སོགས་པ་རིམ་གྱིས་བརྒྱུད་དེ་དེང་རབས་ཀྱི་རིག་གནས་མང་བོ་སྦྱོང་དགོས་ལ། དེང་རབས་ཀྱི་རིག་གནས་འདི་ཡང་བོད་རིག་པ་འཕེལ་རྒྱས་ཀྱི་མཐུན་རྐྱེན་དུ་བསྒྱུར་རྒྱུའི་རེ་བ་ཞུས་པ་ཡིན།

    མཐར་སློབ་མ་སུ་དང་སུ་ཞིག་ཡིན་ན་ཡང་རང་གི་ནུས་ཚོད་འཇོན་ཚོད་ཀྱིས་ནམ་ཡིན་ཡང་རྭ་རྒྱའི་ལུང་ཁུག་འདི་ན་ཡོད་པའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་སྟེ་རང་གི་མ་ཡུམ་སློབ་གླིང་འདི་སེམས་ཁོང་གི་ནང་མར་ཉར་ཏེ་སློབ་གྲྭ་འདིའི་དར་རྒྱས་གོང་འཕེལ་གྱི་ཆེད་དུ་བསམ་གཞིག་གཏོང་བ་དང་ཅི་ནུས་གང་ནུས་ཀྱིས་ཞབས་ཞུ་བསྒྲུབ་རྒྱུའི་ཕྱོགས་ལ་ཆོད་སེམས་མི་ཉམས་པའི་རེ་བ་ཞུས་པ་ཡིན། མཇུག་མཐར་ཁྱེད་རྣམ་པས་ཅི་བསམ་ཆོས་བཞིན་འགྲུབ་པ་དང་མི་ཚེ་བདེ་སྐྱིད་དང་ལྡན་པའི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན། བཀའ་དྲིན་ཆེ།

༢༠༡༦.༧.༨ཉིན་གྱི་དགོང་མོར་དམ་པ་ཉིད་ཀྱི་སྐུ་དྲིན་གྱིས་འཚོ་བའི་སྐལ་བ་ཅན་གངས་ཞེན་ནམ་ཨ་མཆོག་མགོན་པོ་སྐྱབས་ཀྱིས་སྒྲར་བླངས་པ་ཇི་བཞིན་ཡི་གེར་ཕབ་པ་དགེའོ།།

རྩོམ་སྒྲིག་འགན་འཁུར་བ།  མགར་རྩེ་འོད་ཟེར།  འབའ་སྣང་གྲོལ།  ཨ་བུ་འབྲོང་།  བན་ཤུལ་འཇམ་དབྱངས།


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། if7l བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
5942689
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号