བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་གླེང་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» ཀུན་འདུས།» བོད་ཁུལ་གྱི་དཔལ་འབྱོར། »བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་གླེང་བ།
བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་གླེང་བ།
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2016-07-04ལྟ་ཀློག (7493)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་གིས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་གླེང་བ།

ཡིག་མཁན། ཨ་བུ་འབྲོང་།


སྔོན་འགྲོའི་གཏམ།

  ཨོ་ལགས་སོ། ། དེ་རིང་ཡང་ང་ཚོ་འདིར་ལྷན་གཅིག་ཏུ་འཛོམས་ཏེ་སྐད་ཆ་ཉུང་ཉུང་རེ་བཤད་དགོས་སོང་། འདི་ནི་རྫ་དམར་མཉམ་སྒྲུབ་ཚོང་སྡེའི་ཚོང་དཔོན་གཞོན་པ་མདོ་སྔགས་རྒྱ་མཚོ་གཙོ་བྱས་པའི་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཐད་ལ་རང་རང་གིས་ཚོང་ལས་གཉེར་བ་སོགས་འདིའི་ཕྱོགས་ལ་འདུན་པ་ཡོད་པའི་ན་གཞོན་སྐོར་ཞིག་གི་རེ་བ་ལྟར་དུ་འཚོགས་པ་རེད།    སྤྱིར་འདི་སྐུལ་བ་བོའི་ཆ་ནས་བཤད་ན་མཉམ་སྒྲུབ་ཚོང་སྡེ་ཟེར་བ་འདི་ཇི་ལྟར་བསྒྲུབ་དགོས་པ་སྟེ། དེའི་སྒྲུབ་སྟངས་ཀྱི་ཕྱོགས་ནས་ཧ་ཅང་གསལ་བོ་ཞིག་བཤད་དགོས་ཟེར་བ་དེ་རེད། དེ་བཞིན་ང་རང་གིས་ཀྱང་དེའི་སྐོར་ནས་བཤད་འདང་ཡིན། ཡིན་ནའང་འདང་ཞིག་བརྒྱབ་ཡོང་ན་མཉམ་སྒྲུབ་ཚོང་སྡེ་འདི་ད་སྔ་ང་ཚོས་ལོ་འགའ་ལ་བསྒྲུབས་ནས་ཡོང་བ་རེད། དེ་བས་མཉམ་སྒྲུབ་ཚོང་སྡེའི་སྤྱི་བསྡོམས་ཚོགས་འདུ་སོགས་ཀྱི་སྟེང་དུའང་དུས་རྒྱུན་དུ་མཉམ་སྒྲུབ་ཚོང་སྡེའི་གནས་ཚུལ་དང་སྒྲུབ་སྟངས་འདི་ལོ་རྒྱུས་དང་སྦྲགས་ཏེ་མང་བོ་བཤད་ཀི་བསྡད་པ་རེད། དེ་བས་ངས་འདང་བརྒྱབ་ན་དེ་རིང་གི་བཤད་བྱ་གཙོ་བོ་མཉམ་སྒྲུབ་ཚོང་སྡེ་ཇི་ལྟར་བསྒྲུབ་དགོས་པའི་སྐོར་མ་ཡིན་པར་གཙོ་བོ་མཉམ་སྒྲུབ་ཚོང་སྡེ་འདི་ཅིའི་ཕྱིར་བསྒྲུབ་དགོས་པའི་སྐོར་ནས་བཤད་ན་བསམ་གི་འདུག  ང་ཚོ་མང་བོ་ཞིག་གིས་མཉམ་སྒྲུབ་ཚོང་སྡེ་འདི་ཅིའི་ཕྱིར་བསྒྲུབ་དགོས་པའི་ཐད་ལ་དོ་སྣང་དེ་འདྲ་བྱེད་ཀྱིན་མི་འདུག དེ་བས་ཅིའི་ཕྱིར་འདི་འདྲ་ཞིག་བསྒྲུབ་དགོས་པ་དང་བསྒྲུབ་དགོས་པའི་རྒྱུ་མཚན་གང་ལ་ཐུག་ཡོད་པ་འདིའི་ཕྱོགས་གཅིག་བཤད་ན་བསམ་སོང་། མདོར་ན་དེ་རིང་ང་ཚོ་ཚང་མ་འདིར་ལྷན་དུ་འཛོམས་པ་ནི་བོད་མི་རིགས་རང་གི་གཏམ་དཔེ་ལ། ལྷ་གཅིག་ལ་གསོལ་བ་བཏབ་ཅིང་། ལམ་གཅིག་ལ་རྡོག་པ་གཏད་ཟེར་བ་བཞིན་འུ་ཅག་ཚང་མ་མི་རིགས་གཅིག་པ། བསམ་བློ་གཅིག་པ། ཆོས་ལུགས་ལ་དད་པ་བྱེད་སྟངས་སོགས་གང་དང་གང་གི་ཆ་ནས་བཤད་ན་ཚང་མ་གཅིག་པ་ཡིན་པ་དེ་འདྲ་རེད། དེ་ཡིན་ན་ངས་འདི་ནས་བོད་ཀྱི་དཔལ་འབྱོར་ཞེས་གཞུང་ལུགས་ཀྱི་རང་བཞིན་ཅན་དང་གཞུང་ལུགས་དང་མཐུན་པ། ཚང་མས་གོ་མ་མྱོང་བ་དེ་འདྲ་བཤད་རྒྱུ་ཡོད་པ་ཞིག་མ་རེད། ཡིན་ནའང་ངའི་བྱ་བའི་གཙོ་བོ་ནི་མི་རིགས་སློབ་གསོ་རེད། ༡༩༩༤ལོ་ནས་བཟུང་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་བཙུགས་ཏེ་གཙོ་བོ་བོད་མི་རིགས་ཀྱི་རིག་གནས་དང་སློབ་གསོའི་ཕྱོགས་ལ་བྱ་བ་བསྒྲུབས་པ་རེད། སློབ་གྲྭ་འདི་སྒེར་གཉེར་སློབ་གྲྭ་ཡིན་པས་དགེ་རྒན་གྱི་ཟླ་ཕོགས་དང་འཛུགས་སྐྲུན་སོགས་གང་ལའང་རྒྱལ་ཁབ་ཀྱི་ཐད་གཏོང་མ་དངུལ་གཅིག་ཀྱང་ཡོད་པ་མ་རེད། དེའི་རྒྱུ་མཚན་གྱིས་ཡིན་གཅིག་མིན་གཉིས་ཀྱིས་རང་གིས་མ་དངུལ་བཙལ་ཏེ་སློབ་གྲྭ་བསྒྲུབ་དགོས་པ་དེ་འདྲ་ཞིག་རེད། དེ་བས་ལོ་མང་བོ་ཞིག་གི་རིང་ལ་ཡར་མར་མང་བོར་སྒོར་མོ་བསླངས་ཏེ་ད་བར་དུ་བསྒྲུབས་ནས་ཡོང་བ་ཡིན། འོན་ཀྱང་ང་རང་གི་བསམ་ཚུལ་ལ་རིག་གནས་དང་སློབ་གསོའི་བྱ་བ་འདི་ནི་ཧ་ཅང་གི་ཡུན་རིང་བོའི་བྱ་བ་ཞིག་རེད། འདི་ལོ་གཅིག་གཉིས་ཤིག་དང་ལོ་བཅུ་ཁ་ཞིག་གི་རིང་ལ་སྒྲུབ་ཐུབ་པ་ཞིག་དང་གྲུབ་འབྲས་ལོན་ཐུབ་པ་ཞིག་གཏན་ནས་མ་རེད། དེ་བས་ནམ་ཡིན་ཡང་གཞན་ཞིག་ལ་སློང་མོ་བྱས་ཏེ་བསྡད་ན་མི་རབས་ནས་མི་རབས་སུ་སློབ་གྲྭའི་ཁ་གསོ་ཐབས་མེད་པ་དེ་འདྲ་རེད། བསམ་ཚུལ་དེའི་དབང་གིས་སྤྱི་ལོ་༢༠༠༠ལོ་ནས་བཟུང་༼གངས་ལྗོངས་གཅེས་ནོར་རྟགས་ཅན་གྱི་སྤྲི་ཆུར་༽ཞེས་པའི་འབྲི་མོའི་སྤྲི་ཆུར་གྱི་མཐུན་གཉེར་ཁང་དེ་རང་ཁ་རང་གསོའི་ཆེད་དུ་བསྒྲུབས་པ་ཡིན། དེ་བསྒྲུབས་པའང་ཧ་ཅང་གི་ལམ་ལྷོང་བྱུང་བ་དང་ཁེ་ལས་ཀྱི་ལམ་ལ་ཞོག་ཡོད་པ། ཕུལ་དུ་བྱུང་བ་དེ་འདྲ་གང་ཡང་མ་རེད་མོད། ཡིན་ཡང་འདི་བསྒྲུབས་པ་ལ་བསྟེན་ནས་བོད་མི་རིགས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་ཁྱད་པར་དུ་བོད་ཀྱི་ཁེ་ལས། བོད་ཀྱི་དཔལ་འབྱོར་སྒྲིག་གཞི་སོགས་གང་ལའང་རྒྱུས་ལོན་ཞིག་མི་བྱེད་རང་བྱེད་དུ་གྱུར་ཞིང་འདིའི་ཕྱོགས་ལ་དོ་སྣང་གང་འགབ་རེ་མི་བྱེད་ཐབས་མེད་དུ་གྱུར།  དེ་བས་དེ་རིང་འདིར་འདུས་ཀྱི་མཉམ་སྒྲུབ་ཚོང་སྡེའི་ཚོང་བ་རྣམས་དང་། གཞན་ལས་བྱེད་པ་དང་མང་ཚོགས། སློབ་མ་བཅས་ལ་རང་གིས་འདིའི་ཕྱོགས་ནས་གོ་བ་དང་ཐོས་པ་དང་མཐོང་བ་རྣམས་དང་། ད་དུང་རང་གི་ཉམས་མྱོང་དང་བཅས་པ་གཅིག་བཤད་པར་བྱའོ། །  


 ༡  དཔལ་འབྱོར་གྱི་གལ་ཆེན་རང་བཞིན།

 དེ་ན་སྤྱིར་མི་རིགས་ཤིག་གམ་རྒྱལ་ཁབ་ཅིག གང་ཞིག་ཡིན་རུང་དེ་ཡར་རྒྱས་དང་གོང་འཕེལ་དུ་འགྲོ་བ་ལ་ངེས་པར་སློབ་གསོ་དང་དཔལ་འབྱོར་གྱི་རྐང་བ་འདི་གཉིས་མེད་ན་ཡར་རྒྱས་གོང་འཕེལ་དུ་འགྲོ་མི་ཐུབ། སློབ་གསོ་མེད་ན་དཔལ་འབྱོར་འདི་ཡུན་རིང་ལ་གཏན་ཆགས་དང་ལེགས་ལམ་དུ་འགྲོ་མི་ཐུབ་ཅིང་དཔལ་འབྱོར་གྱི་རྒྱབ་རྩ་མེད་ན་སློབ་གསོ་དེའང་རང་གི་བསམ་དོན་བཞིན་དུ་ཐད་ཀར་སྒྲུབ་ཐབས་མེད་ལ་ཁ་ཕྱོགས་བརྟན་པོའང་འོང་མི་ཐུབ། དེ་བས་མི་རིགས་ཤིག་ཡར་རྒྱས་གོང་འཕེལ་ལ་འགྲོ་དགོས་ན་གཅིག་ཕྱོགས་ནས་སྲིད་ཇུས་དང་ཁོར་ཡུག་དང་ཆོས་ལུགས་དང་། རང་གི་ས་ཁོངས་རྒྱ་ཁྱོན་སོགས་མང་བོ་ཞིག་ལ་འབྲེལ་བ་ལོས་ཡོད་མོད། དེ་དག་ལས་ཀྱང་ཆེས་རྨང་གཞི་དང་ཆེས་གཙོ་བོ་ནི་སློབ་གསོ་དང་དཔལ་འབྱོར་འདི་གཉིས་ཡིན། འདི་གཉིས་ཀྱི་རྐང་བ་ཡོད་སོང་ན་ད་གཟོད་མི་རིགས་འདི་ཡང་དག་པའི་འཕེལ་རྒྱས་ཀྱི་ལམ་དུ་འགྲོ་ཐུབ་པ་མ་གཏོགས་འདི་གཉིས་ཀྱི་ཆ་ཡས་མེད་ནའང་རྐང་བ་ཡ་གཅིག་མེད་པ་བཞིན་ལམ་དུ་བདེ་བླག་ངང་འགྲོ་མི་ཐུབ། དེ་བས་རྒྱལ་ཁབ་ཅིག་གམ་མི་རིགས་ཤིག་ཡིན་ཕྱིན་རང་ཉིད་ཡར་ལ་འགྲེང་བྱེད་ཀྱི་སློབ་གསོ་དང་དཔལ་འབྱོར་གྱི་རྐང་བ་འདི་གཉིས་ངེས་པར་འཛོམས་དགོས་སོ། །

   ནང་སྒོས་སུ་དཔལ་འབྱོར་ཞེས་པ་འདི་སྒྲིག་གཞི་ཡོད་པའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་དགོས་པ་རེད་མ་གཏོགས་རང་ཉིད་རྒྱུ་ལ་དགའ་བ་ཙམ་དང་རང་ཉིད་མི་སྒེར་གྱིས་ཚོང་ཙག་ཙིག་རེ་བྱས་པ་དེ་ཙམ་གྱིས་མི་རིགས་ཤིག་གམ་ས་གནས་ཤིག་གི་དཔལ་འབྱོར་དེ་ཡར་རྒྱས་གོང་འཕེལ་དུ་འགྲོ་མི་ཐུབ་པས་ཡིན་གཅིག་མིན་གཉིས་ཀྱིས་འདི་ལ་སྒྲིག་གཞི་ཡག་པོ་ཞིག་དང་ཁ་ཕྱོགས་ཡང་དག་པ་ཞིག་དགོས་པ་རེད།


༢ འཛམ་གླིང་གི་དཔལ་འབྱོར་དར་རྒྱས་ཀྱི་ལམ་བུ།

    དེ་ན་གང་གི་ལམ་དུ་འགྲོ་དགོས་པ་རེད་ཟེར་ན། འཛམ་གླིང་སྤྱི་ལ་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཤིག་ཡོད་པ་རེད། དེ་གང་རེད་ཟེར་ན། མཐུན་གཉེར་ཁང་འཛུགས་པ་དང་མཉམ་སྒྲུབ་ཚོང་སྡེ་འཛུགས་པ་སོགས་མ་རྐང་ལམ་ལུགས་ཅན་གྱི་ཚོང་ལས་གཉེར་སྟངས་འདི་དག་རེད། འདི་ནི་འཛམ་གླིང་གི་མིའི་རིགས་ཀྱི་དཔལ་འབྱོར་དང་འཚོ་བ་དར་རྒྱས་གོང་འཕེལ་དུ་འགྲོ་བའི་ཐོག་མའི་རྨང་གཞི་རེད། སྤྱིར་འཛམ་གླིང་གི་ཆེད་མཁས་པ་མང་བོ་ཞིག་གིས་རང་རེ་རྣམས་དུས་རབས་གསར་བར་གོམ་པ་སྤོ་བྱེད་དམ་དར་རྒྱས་གོང་འཕེལ་ལ་འགྲོ་བའི་རྨང་གཞི་ནི་ཆབ་སྲིད་དང་ཆོས་ལུགས། ཚན་རིག་སོགས་ཡིན་པར་བཤད་ཅིང་དེའི་སྐོར་གྱི་རྩོམ་ཡིག་ཀྱང་རྣམ་པ་སྣ་ཚོགས་ཤིག་བྲིས་ཡོད། ཡིན་ནའང་འཛམ་གླིང་གི་དཔལ་འབྱོར་ཆེད་མཁས་པ་གྲགས་ཅན་ཨན་ཏི་ལིས་ཨན་སོགས་མཁས་པ་མང་བོ་ཞིག་གིས་འཛམ་གླིང་བླ་འོག་སྒྱུར་བྱེད་དམ་དུས་རབས་གསར་བར་བགྲོད་བྱེད་ནི་མཐུན་གཉེར་ཁང་ཞེས་པའི་ཚོང་ལས་ཀྱི་རྩ་འཛུགས་དེ་དག་ཡིན་པར་འདོད།

    དེའི་རྒྱུ་མཚན་ནི་ཨ་མེ་རི་ཀའི་དཔལ་འབྱོར་ཆེད་མཁས་པ་ཏི་ལོང་༼འདི་རྒྱ་སྐད་ཀྱི་སྒྲ་རེད། དབྱིན་སྐད་ཀྱིས་ཅི་ཟེར་མི་ཤེས༽ཞེས་པ་ཞིག་གིས་བཤད་རྒྱུར།  ཁོས་ཞིབ་འཇུག་བྱས་པ་ལྟར་ན། འཛམ་གླིང་གི་དཔལ་འབྱོར་དར་རྒྱས་གོང་འཕེལ་དུ་སོང་བའི་གོ་རིམ་ཁྲོད། རྡོ་ཆས་སྤྱོད་པའི་དུས་རབས་ནས་སྤྱི་ལོ་༡༥༠༠བར་དུ་འཛམ་གླིང་གི་དཔལ་འབྱོར་ཏེ་(JDP)༼དཔལ་འབྱོར་གྱི་མཚོན་བྱེད༽ཡི་ཡོང་འབབ་རྒྱལ་སྤྱིའི་དངུལ་ལོར་90ལས་མེད་པར་བཤད་ཅིང་། དེ་ལ་འཛམ་གླིང་དཔལ་འབྱོར་དོན་གཉེར་གྱི་དུས་ཚོད་ལས་90.4%བེད་སྦྱོད་བཏང་འདུག་ཟེར། དུས་ཚོད་ཧ་ཅང་རིང་བོ་རེད། དུས་ཚོད་དེ་འདྲའི་རིང་ལ་བསགས་ཡོང་བའི་རྒྱུ་ནོར་དེ་རྒྱལ་སྤྱིའི་དངུལ་ལོར་བཀུག་ན་90ལས་ཡོད་པ་མ་རེད། ཡིན་ནའང་དེའི་རྗེས་ནས་ངལ་རྩོལ་མི་དམངས་སོགས་ཀྱི་ཡུན་རིང་གི་འབད་པ་ལ་བརྟེན་ནས་སྤྱི་ལོ་༡༧༥༠ལོ་ལ་འཛམ་གླིང་གི་དཔལ་འབྱོར་ཡོང་འབབ་(JDP)ནི་རྒྱལ་སྤྱིའི་དངུལ་ལོར་180རེད་ཟེར། དེ་སྔོན་ལ་བལྟས་ན་ལྡབ་གཅིག་གིས་འཕར་ཡོད་ཅིང་དུས་ཡུན་ཧ་ཅང་ཐུང་ལ་འཛམ་གླིང་དཔལ་འབྱོར་དོན་གཉེར་གྱི་དུས་ཚོད་ལས་0.59%ལས་བཀོལ་སྤྱོད་བྱས་ཡོད་པ་མ་རེད། དེ་ནས་སྤྱི་ལོ་༢༠༠༠ལོའི་བར་དུ་འཛམ་གླིང་གི་དཔལ་འབྱོར་ཡོང་འབབ་དེ་(JDP)རྒྱལ་སྤྱིའི་དངུལ་ལོར་6600ལ་འཕར་བ་དང་སྔོན་དང་བསྡུར་ན་ལྡབ་37གྱིས་ཇེ་མང་ལ་སོང་ཡོད། དེ་ཡང་འཛམ་གླིང་དཔལ་འབྱོར་དོན་གཉེར་གྱི་དུས་ཡུན་ཏེ་མི་རབས་ནས་མི་རབས་སུ་དཔལ་འབྱོར་དོན་དུ་གཉེར་བའི་དུས་ཡུན་ལས་0.01%ལས་བཀོལ་སྤྱོད་བྱས་མེད། དུས་ཡུན་འདི་འདྲའི་ཐུང་ཐུང་ནང་ཡོང་སྒོ་འདི་འདྲ་མང་བོ་ཞིག་འཕར་སོང་བ་རེད།

   མི་མང་བོ་ཞིག་གིས་འདི་ལྟར་བསམ་གི་ཡོད་དེ། བོད་མི་རིགས་ཁོ་ན་ནི་གནའ་སྔ་མོ་ཞིག་ནས་མི་རིགས་དབུལ་བོ་ཞིག་ཡིན་རྒྱུ་རེད་བསམ་གི་ཡོད་། གནའ་སྔ་མོ་ང་ཚོའི་མི་རིགས་གཅིག་པུ་མ་རེད།འཛམ་གླིང་ཧྲིལ་བོ་འདི་ཧ་ཅང་གི་མེད་པོ་ཡིན་པ་དང་མིའི་རིགས་ཀྱི་འཚོ་བའི་ཆུ་ཚད་ཤིན་ཏུ་དམའ་མོ་ཡིན་པ་རེད། ཡིན་ནའང་དུས་རབས་ཉི་ཤུ་བ་དང་ཉེར་གཅིག་པ་འདིའི་རིང་ལ་འཛམ་གླིང་གི་དཔལ་འབྱོར་འདི་རྒྱ་མཚོ་འཕྱུར་འཕྱུར་དང་མེ་ལྕེ་འབར་འབར་བྱས་ཏེ་དེང་གི་ཚད་འདི་འདྲ་ཞིག་ལ་སླེབས་པ་རེད།

  ལོ་ངོ་འདི་འདྲའི་ཐུང་ཐུང་ཞིག་གི་ནང་ཅིའི་ཕྱིར་འདི་ལྟ་བུའི་མགྱོགས་མྱུར་ངང་དར་རྒྱས་གོང་འཕེལ་ལ་ཕྱིན་པ་རེད་ཟེར་ན། གཙོ་བོ་ཚོང་ལས་དཔལ་འབྱོར་གྱི་རིག་པ་འདི་ལ་བརྟེན་ནས་གོང་འཕེལ་དུ་སོང་བ་རེད། ཚོང་ལས་དཔལ་འབྱོར་ཞེས་པ་ནི་ཧ་ཅང་རྒྱ་ཆེ་ཞིང་གཏིང་ཟབ་པ་ཞིག་ཡིན་ལ་འདི་ཇི་ལྟར་དར་བ་རེད་ཟེར་ན། མཐུན་གཉེར་ཁང་མང་བོ་རྩ་འཛུགས་བྱས་པ་ལ་བརྟེན་ནས་དར་བ་ཞིག་རེད། མཐུན་གཉེར་ཁང་ཞེས་པ་ནི་རྒྱ་སྐད་ཀྱིས་(公司)ཞེས་པ་དེ་རེད། ༼འདི་ལ་སྤྱི་གཉེར་ཁང་ལྟ་བུ་འགྱུར་གཞན་ཡང་ཡོད་མོད་ང་ཚོས་སྔོན་ཞིག་ནས་མཐུན་གཉེར་ཁང་ཞེས་ཟེར་གི་བསྡད་པ་ཡིན།༽ མཐུན་གཉེར་ཁང་མང་བོ་བཙུགས་པ་ལ་བརྟེན་ནས་འཛམ་གླིང་གི་དཔལ་འབྱོར་དེ་གནམ་ས་བླ་འོག་བརྗེས་པ་ལྟར་དར་རྒྱས་གོང་འཕེལ་དུ་སོང་བ་རེད། དེ་བས་ངས་གོང་དུ་བཤད་པ་བཞིན་འཛམ་གླིང་ན་ཧ་ཅང་གྲགས་ཆེ་བའི་དབྱིན་ཇིའི་དཔལ་འབྱོར་ཆེད་མཁས་པ་ཨ་ཏི་ལིས་ཨན་༼རྒྱ་སྐད་ཀྱི་སྒྲ༽གྱིས་མཐུན་གཉེར་ཁང་ནི་གསར་བརྗེའམ་བཅོས་བསྒྱུར་གྱི་རང་བཞིན་ལྡན་པའི་ཆེས་རླབས་ཆེ་བའི་རྩ་འཛུགས་ཤིག་ལ་ངོས་འཛིན་བྱེད་ཅིང་། འདི་མང་དུ་བཙུགས་པ་ལ་བརྟེན་ནས་འཛམ་གླིང་གི་དཔལ་འབྱོར་དེ་ཉིད་རྦ་རླབས་འཕྱུར་བ་བཞིན་ཡར་རྒྱས་གོང་འཕེལ་ལ་སོང་བར་འདོད། དེ་བཞིན་འཛམ་གླིང་གི་མཁས་པ་གཞན་དང་ཚན་རིག་པ་མང་བོ་ཞིག་གིས་ཀྱང་འཛམ་གླིང་འདི་སྔོན་ཐོན་ཅན་དང་འབྱོར་ཕྱུག་ལྡན་པའི་ལམ་དུ་འཁྲིད་མཁན་ནི་མཐུན་གཉེར་ཁང་ཞེས་པའི་འཛམ་གླིང་གི་ཚོང་ལས་རྩ་འཛུགས་དེ་དག་ཡིན་པར་འདོད་དོ། །

༼མུ་འགོད།༽


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་་ཉི་ཟེར། བན་ཤུལ་འཇམ་དབྱངས། འབའ་སྣང་གྲོལ།
 

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 30r6 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་གླེང་བ།   སྤེལ་མཁན།: སྟག་རྒོད་སུག་ཐུང་། སྤེལ་དུས:2016/7/4
ཚང་མས་རྒྱབ་སྐྱོར་དང་ལག་ལེན་གཙོ།
  བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་གླེང་བ།   སྤེལ་མཁན།: འཕྱན་པོ། སྤེལ་དུས:2016/7/4
ངོ་སོ་བསྟོད།
buscopan idiotygenii.com buscopan spc
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23498777
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།