​སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་​༼བྱམས་བརྩེའི་འགུལ་སྐྱོད༽ཅེས་པའི་བརྗོད་གཞིའི་སྟེང་ནས་འཆད་ཁྲིད་གནང་བ། ​
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »​སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་​༼བྱམས་བརྩེའི
​སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་​༼བྱམས་བརྩེའི་འགུལ་སྐྱོད༽ཅེས་པའི་བརྗོད་གཞིའི་སྟེང་ནས་འཆད་ཁྲིད་གནང་བ། ​
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2016-07-04ལྟ་ཀློག (4830)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་༼བྱམས་བརྩེའི་འགུལ་སྐྱོད༽ཅེས་པའི་བརྗོད་གཞིའི་སྟེང་ནས་འཆད་ཁྲིད་གནང་བ། 

 

   སྤྱི་ལོ་༢༠༡༦ལོའི་ཟླ༧ཚེས༣ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་དཔོན་ཆེན་མོ༧ ལྡོང་ཡོན་ཏན་རྒྱ་མཚོ་མཆོག་མགོ་ལོག་ཤར་འོད་དགོན་འབྲོག་ཁུལ་རྨོངས་སེལ་ཞབས་ཞུ་ཚོགས་པས་གདན་དྲངས་པ་ལྟར་༼བྱམས་བརྩེའི་འགུལ་སྐྱོད༽ཅེས་པའི་དམངས་ཕན་སློབ་གསོའི་འཆད་ཁྲིད་ལ་བྱོན་ཏེ། ཤར་འོད་དགོན་སོགས་དགོན་སྡེ་ཁ་ཤས་ནས་ཕེབས་པའི་དགེ་འདུན་པ་དང་དེ་དག་གི་ལྷ་སྡེ་བཅས་སེར་སྐྱ་མང་བོར། དུས་རབས་ཉེར་གཅིག་པའི་དགེ་འདུན་པའི་འགན་འཁྲི་དང་། ནང་ཆོས་སྤྱི་ཚོགས་ཅན་དུ་བསྒྱུར་བའི་དགེ་མཚན། བོད་མི་ཡོངས་རྫོགས་ཡིག་རྨོངས་ལས་གྲོལ་དགོས་པའི་འབོད་བསྐུལ། སྒོ་གསུམ་གྱི་བྱ་སྤྱོད་ཚད་ལས་མི་བརྒལ་བར་ཡ་རབས་གཤིས་སྤྱོད་ལ་སློབ་པ། ཇི་ལྟར་བྱས་ཏེ་དྭངས་གཙང་གི་ཡུལ་ལྗོངས་སྲུང་སྐྱོབ་བྱེད་དགོས་པ་སོགས་ཀྱི་སྐོར་ནས་བཀའ་སློབ་ཟབ་རྒྱས་གནང་། མཇུག་ཏུ་སྐྱ་སེར་ཚང་མའི་རེ་ཞུས་བཞིན་འཇམ་དབྱངས་གང་བློ་མ་དང་།རྗེ་བླ་མས་མཛད་པའི་ལྷ་མོ་དབྱངས་ཅན་མའི་བསྟོད་པ་ཆུ་འཛིན་དཀར་བོ་མ་སོགས་ལུང་ཁ་ཤས་ཀྱང་གནང་། མཐར་སྐྱ་སེར་དག་གི་དགའ་མགུའི་སྐྱེལ་མ་དང་བཅས་སློབ་དཔོན་རིན་པོ་ཆེ་མཆོག་སློབ་གླིང་དུ་ཕེབས།


ས་གནས་མང་ཚོགས་ཀྱིས་ཆིབས་བསུ་གནང་བཞིན་པ། 

གྲྭ་བ་རྣམས་སེར་སྦྲེང་ལ་འབུད་བཞིན་པ། 

དགོན་སྡེ་སོ་སོ་ནས་ཕེབས་པའི་གྲྭ་བ་རྣམས་ཀྱིས་སློབ་དཔོན་རིན་པོ་ཆེའི་འཆད་ཁྲིད་ལ་གསན་བཞིན་པ། 

ས་གནས་མང་ཚོགས་ཀྱིས་བཀའ་སློབ་ལ་ཉན་བཞིན་པ། 

༼གསར་འགོད་པ། ལུང་རྟོགས།༽


རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 3 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། mjbp བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  ​སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་​༼བྱམས་བརྩེའི་འགུལ་སྐྱོད༽ཅེས་པའི་བརྗོད་གཞིའི་སྟེང་ནས་འཆད་ཁྲིད་གནང་བ། ​   སྤེལ་མཁན།: མིག སྤེལ་དུས:2016/7/4
སློབ་དཔོན་མཆོག་གི་མཛད་པ་ཐམས་ཅད་དབྱར་གྱི་མཚོ་ལྟར་བཞིན་རྒྱས་པར་གྱུར་ཅིག
  ​སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་​༼བྱམས་བརྩེའི་འགུལ་སྐྱོད༽ཅེས་པའི་བརྗོད་གཞིའི་སྟེང་ནས་འཆད་ཁྲིད་གནང་བ། ​   སྤེལ་མཁན།: འཇམ་དཔལ། སྤེལ་དུས:2016/7/4
ཁྲི་དང་སྟན་ནི་ཆེ་མཐོ་དང་་་་་་་
  ​སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་​༼བྱམས་བརྩེའི་འགུལ་སྐྱོད༽ཅེས་པའི་བརྗོད་གཞིའི་སྟེང་ནས་འཆད་ཁྲིད་གནང་བ། ​   སྤེལ་མཁན།: རྟ་རེ སྤེལ་དུས:2016/7/4
ལྡོང་ཡོན་གྱིས་རང་སྐྱོན་མི་མཐོང་བར་གཞན་ལ་སློབ་གསོ་ཟེར་ན་མིག་ཞར་གྱིས་མི་ཞར་ཁྲིད་པ་དང་འདྲ
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23529404
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།