གངས་ལྗོངས་གཅེས་ནོར་རྟགས་ཅན་གྱི་ཚོང་འཕྲིན།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 29 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» ཀུན་འདུས།» བོད་ཁུལ་གྱི་དཔལ་འབྱོར། »གངས་ལྗོངས་གཅེས་ནོར་རྟགས་ཅན་གྱི་ཚོང་འཕྲིན།
གངས་ལྗོངས་གཅེས་ནོར་རྟགས་ཅན་གྱི་ཚོང་འཕྲིན།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2016-06-24ལྟ་ཀློག (6811)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

     

 གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་སྒྲུབ་ཁེ་ལས་གངས་ལྗོངས་གཅེས་ནོར་མཐུན་གཉེར་ཁང་གིས་གངས་ལྗོངས་གཅེས་ནོར་རྟགས་ཅན་གྱི་མགོ་ལོག་འོ་ཕྱེ་ཟླ་འདིར་དངོས་སུ་ཕྱིར་ཐོན་བྱེད་འགོ་བརྩམས་པ་ཡིན་ལ།ཟླ་རྗེས་མ་ནས་ཚོང་ར་སོ་སོར་དངོས་སུ་འགྲེམས་སྤེལ་བྱེད་རྒྱུ་རེད། ཐེངས་འདིའི་མཚོ་སྔོན་ཞིང་ཆེན་སྐབས་བཅུ་བདུན་པའི་མཚོ་སྔོན་རྒྱལ་སྤྱིའི་ཉོ་འཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུའི་སྟེང་ཞུགས་པར་མ་ཟད།གངས་ལྗོངས་སྤྲི་ཆུར་དང་སྤྲི་ཕྱེ།འོ་ཕྱེ་དང་མར་སོགས་ཀྱི་སྟར་རྒྱུད་ཐོན་རྫས་རྒྱལ་སྤྱིའི་ཉོ་འཚོང་འགྲེམས་སྟོན་སྟེང་ཞུགས་པར་མཚོ་སྔོན་ཞིང་ཆེན་གྱི་ཏང་གཙོ་ལའོ་ཧའེ་ཉིན་དང་མགོ་ལོག་ཁུལ་གྱི་ཏང་གཙོ་བུའུ་བེས་ཀྲང་།པད་རྒྱལ་སོགས་ཀྱིས་དངོས་སུ་བྲོ་བ་མྱངས་ཤིང་ཚད་མཐོ་བའི་གདེང་འཇོག་དང་བསྔགས་བརྗོད་བྱས།འདི་ནི་ནོར་གནག་གི་འོ་མ་ལ་བསྲེས་ལྷད་ཅི་ཡང་མ་བྱས་པར་བཟོས་ཡོད་པས་ཞོ་བསྙལ་བ་དང་ཇ་བསྐོལ་བ་སོགས་ཅི་བྱས་ཀྱང་ཁྱད་ཆོས་དང་ལྡན།   ཆེད་ལས་མཁས་པས་བཤད་པ་ལྟར་ན་རྫས་འགྱུར་གྱིས་མ་ལྷད་པའི་འབྲི་མོ་སྟོང་གི་འོ་མའི་ཉིང་བཅུད་འདི་ལ་རོལ་ན་ཁྱོད་ཀྱི་ལུས་ཕུང་བདེ་ཐང་ལ་ཕན་པར་མ་ཟད། འཚོ་བཅུད་བཟང་བས་ལུས་སྟོབས་རྒྱས་ཤིང་རྣམ་རིག་བཀྲ་བར་འགྱུར། འབྲི་མོའི་འོ་མ་ལྷད་མེད་ཀྱིས་བཟོས་པའི་འོ་ཕྱེ་སོགས་ནི་དེ་ཙམ་གྱིས་དགེ་མཚན་ཆེ།  འདི་ནི་ཁེ་ལས་ཙམ་གྱི་ཆེད་དུ་མ་ཡིན་པར། གཙོ་བོ་བོད་མི་རིགས་ཀྱི་ཐོན་རྫས་ཁྱད་པར་ཅན་འདི་ཉིད་ཚོང་ར་ཅན་དུ་བསྒྱུར་བ་ཡིན་པས། རྒྱ་ཆེའི་བོད་རིགས་འཛད་སྤྱོད་པ་རྣམ་པས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུ།

 

གངས་ལྗོངས་གཅེས་ནོར་རྟགས་ཅན་གྱི་འབྲི་མོའི་འོ་ཕྱེ་ཐོན་རྫས་ཕྱིར་ཐོན་བྱེད་འགོ་བརྩམས་པ།

མཚོ་སྔོན་ཞིང་ཆེན་གྱི་ཏང་གཙོ་ལའོ་ཧའེ་ཉིན་སོགས་འགོ་ཁྲིད་རྣམས་ཀྱིས་ཐོན་རྫས་ལ་གཟིགས་ཞིབ་གནང་བཞིན་པ།

ཞིང་ཆེན་དང་ཁུལ་སོ་སོའི་འགོ་ཁྲིད་རྣམས་ཀྱིས་ཐོན་རྫས་ཀྱི་དྲོ་བར་རོ་མྱོངས་བྱས་ཏེ་བསྔགས་བརྗོད་གནང་བ།

 

གལ་ཏེ་ཁེ་ལས་འདི་ལམ་ལྷུང་བྱུང་ན།  འདིའི་ཡོང་འབབ་དང་ཁེ་དབང་ཡོད་ཚད་ས་གནས་མི་སེར་ལ་དབང་བ་ཡིན་པས་འདི་ནི་དམངས་སྒྲུབ་ཁེ་ལས་གཙང་མ་ཞིག་ཡིན།

ཁེ་ལས་འདི་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་སྒྲུབ་ཁེ་ལས་ཡིན་པས།  ཁེ་ལས་འདི་ལ་བརྟེན་ནས་བོད་ཀྱི་སློབ་གསོའི་བྱ་བཞག་གོང་འཕེལ་གཏོང་བར་འབད་པ་བྱེད་འཆར་ཡོད།

འབྲེལ་གཏུགས་བྱ་ཡུལ།

པདྨ་མཁའ་འགྲོ། 

ཁ་པར་ཨང་གྲངས། 139-9745-9693


རྩོམ་སྒྲིག་འགན་འཁུར་བ།  མགར་རྩེ་ཉི་ཟེར།  ཁཱ་ཤེས་རབ་རྒྱ་མཚོ།  འབའ་སྣང་གྲོལ།  ཨ་བུ་འབྲོང་།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། b80e བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  གངས་ལྗོངས་གཅེས་ནོར་རྟགས་ཅན་གྱི་ཚོང་འཕྲིན།   སྤེལ་མཁན།: ལྡོང་མེ་ཆ། སྤེལ་དུས:2016/6/24
རྟེན་འབྲེལ་ཞུ།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23551081
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།