​ སློབ་དཔོན་དམ་པ་༧འཇིགས་མེད་རྒྱལ་མཚན་མཆོག་གི་ཉིན་གཅིག་གི་མཛད་འཕྲིན།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སློབ་གླིང་གསར་འགྱུར། » ​ སློབ་དཔོན་དམ་པ་༧འཇིགས་མེད་རྒྱལ་མཚན་མཆོག་གི་ཉིན་གཅིག་གི་མཛ
​ སློབ་དཔོན་དམ་པ་༧འཇིགས་མེད་རྒྱལ་མཚན་མཆོག་གི་ཉིན་གཅིག་གི་མཛད་འཕྲིན།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2016-06-17ལྟ་ཀློག (4496)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

  སློབ་དཔོན་དམ་པ་༧འཇིགས་མེད་རྒྱལ་མཚན་མཆོག་གི་ཉིན་གཅིག་གི་མཛད་འཕྲིན།

 

  སྤྱི་ལོ་༢༠༡༦ལོའི་ཟླ་བ་༦པའི་ཚེས་༡༧ཉིན་གྱི་སྔ་དྲོར་སློབ་དཔོན་དམ་པ་༧འཇིགས་མེད་རྒྱལ་མཚན་མཆོག་དགའ་བདེ་རྫོང་གི་ཁོངས་གཏོགས་སེར་སྐོར་སྡེ་བའི་སྤྱི་སྲུང་དུ་ཕེབས་ནས་གྲྭ་བ་དང་དམངས་ཚོགས་ལ་ནང་བསྟན་ཆོས་ལུགས་ཀྱི་འཛིན་སྐྱོང་སྤེལ་གསུམ།སྐད་ཡིག་གི་དགེ་མཚན་དང་རང་མི་རིགས་ཀྱི་རིག་གནས་སྲུང་སྐྱོབ་དགོས་པའི་སྐོར།  ཚོགས་པ་ཞིག་ལ་ཚང་དགོས་པའི་སྒྲིག་གཞི་དང་བསྐོ་བཞག་སྐོར།  སློབ་གྲྭ་འགྲོ་དགོས་པ་དང་སློབ་སྦྱོང་གི་དམིགས་འདུན་དང་མཐར་ཐུག་གི་བསྙེག་བྱ།  བུ་མོའི་སློབ་གྲྭ་བཙུགས་པའི་དགོས་པ་དང་ཨ་མ་བྱང་སེམས་ཅན་དང་སྙིང་སྟོབས་ཅན།  ཡོན་ཏན་པ་བཅའ་དགོས་པའི་སྐོར།  མཉམ་སྒྲུབ་ཚོང་སྡེ་དང་འབྲེལ་ནས་དཔལ་འབྱོར་བསྒྲུབ་དགོས་པ་སོགས་ཀྱི་སྐོར་ནས་གསུང་བཤད་གྱ་ནོམ་པ་གནང་ཞིང་།  ཉིན་འདིའི་ཕྱི་དྲོར་སློབ་དཔོན་མཆོག་དགའ་བདེ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་དུ་ཕེབས་ཤིང་དེའི་ནང་གི་དགེ་རྒན་དང་སློབ་མ་རྣམ་པར་<<དགེ་རྒན་གྱི་མཚན་ཉིད་དང་སློབ་གསོ་སློབ་སྒྲུབ་སྐོར་གྱི་འཆད་ཁྲིད>>ཅེས་པ་གནང་ཞིང་།  དེ་ལ་དང་བོ་དགེ་རྒན་དང་བླ་མ་ཞེས་པ་གཅིག་མཚུངས་སུ་གོ་བ་ལེན་སྟངས་དང་འགྲེལ་བ་གནང་བར་མ་ཟད། ་“དགེ་རྒན་ཡིན་པ་ངོས་ཟིན་པ་དང་དེའི་ཕྱོགས་སུ་དུང་པ་སྐྱེ་བ”ཞེས་པ་དང་འབྲེལ་ནས་དགེ་རྒན་ལ་ཚང་དགོས་པའི་ཆ་རྐྱེན་དང་མི་རིགས་སློབ་གསོའི་ལྟ་བ།མི་རིགས་སློབ་གསོའི་ཕུགས་འདུན་དང་མི་རིགས་ཀྱི་སྲོལ་རྒྱུན། ཐོན་མི་སམ་བྷོ་ཊའི་མི་རིགས་སློབ་གསོའི་དར་སྤེལ་དང་།  རང་མི་རིགས་རིག་གནས་ཀྱི་རྨང་གཞི་ཕུན་སུམ་ཚོགས་པའི་སྟེང་མི་རིགས་གཞན་པའི་རིག་གནས་སྦྱང་དགོས་པའི་སྐོར་སོགས་གསུང་བཤད་གལ་ཆེན་གནང་ཞིང་། མཇུག་མཐར་དགེན་རྣམ་པས་དྲི་བ་དྲིས་ལན་གྱི་སྐོར་ནས་ཕན་ཚུན་ལ་བསམ་བློ་བརྗེ་རེས་གནང་ནས་མཇུག་བསྒྲིལ་ལོ།།


དགེ་རྒན་རིན་པོ་ཆེའི་འཆད་ཁྲིད་ཀྱི་ཁ་བྱང་།  


དགེ་རྒན་རིན་པོ་ཆེ་བསུ་བ་གནང་བཞིན་པ། 


དགེ་རྒན་རིན་པོ་ཆེས་བཀའ་སློབ་གནང་བཞིན་པ། 


བཀའ་སློབ་ལ་ཉན་པའི་ས་དེའི་མང་ཚོགས།   

 གསར་འགོད་པ་སྐབས་བཅུ་བདུན་པའི་སློབ་མ་སེར་སྐོར་འཇམ་ཚེ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 30s6 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23530390
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།