ཨ་འཕྲིན་ལས་རྒྱ་མཚོ།༼སྨད་ཆ།༽དྲ་ལམ་བརྙན་གཏོང་ཁང་།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 24 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» ཀུན་འདུས།» བཅར་འདྲི། »ཨ་འཕྲིན་ལས་རྒྱ་མཚོ།༼སྨད་ཆ།༽དྲ་ལམ་བརྙན་གཏོང་ཁང་།
ནང་དོན་འཚོལ་ཞིབ་བྱང་བུ།
བརྩམས་ཆོས་ཁ་བྱང་གིས་འཚོལ།
བརྙན་རིས་གསར་བ།
ཨ་འཕྲིན་ལས་རྒྱ་མཚོ།༼སྨད་ཆ།༽དྲ་ལམ་བརྙན་གཏོང་ཁང་།
བརྩམས་ཆོས་གསར་བ།
ཨ་འཕྲིན་ལས་རྒྱ་མཚོ།༼སྨད་ཆ།༽དྲ་ལམ་བརྙན་གཏོང་ཁང་།
ཨ་འཕྲིན་ལས་རྒྱ་མཚོ།༼སྨད་ཆ།༽དྲ་ལམ་བརྙན་གཏོང་ཁང་།
བཅར་འདྲི།
ཨ་འཕྲིན་ལས་རྒྱ་མཚོ།༼སྨད་ཆ།༽དྲ་ལམ་བརྙན་གཏོང་ཁང་།
བརྙན་མིང:   རྩོམ་སྒྲིག་པ།:  ཁཱ་ཤེས་རབ་རྒྱ་མཚོ།
བལྟས་གྲངས  : 14352སྤེལ་དུས : 2016-05-11

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་བོད་རྒྱ་དབྱིན་གསུམ་དྲ་བའི་གསར་འགོད་པ་དམངས་ཁྲོད་དུ་བསྐྱོད་པ།

    ࿐རྒྱ་ཆེ་བའི་གྲོགས་པོ་ཚོའི་སྙན་ལམ་དུ་བསྒྲོན་པར་བྱ་བ་ནི།  དུས་ཀྱི་ཆུ་བོའི་བཞུར་སྒྲ་དང་འགྲོགས་ནས་བརྒྱ་ལོ་ཉེར་གཅིག་པའི་མཆོང་སྐྱོད་ཁྲོད་འཛམ་གླིང་ཤར་ནུབ་སྤྱི་དང་།  ལྷག་པར་དུ་ཨེ་ཤ་ཡའི་གླིང་ཚོམ་ཆེན་མོའི་གནའ་དེང་ཤེས་རིག་གི་འགྲན་རྩོད་མེ་ལྟར་འབར་ཞིང་། ཆུ་ལྟར་འཁྲུག་བཞིན་པའི་དེ་རིང་། ཤེས་རིག་དང་ཀུན་སྤྱོད། བསམ་བློ་དང་གོམས་སྲོལ།  འཚོ་གནས་དང་རིན་ཐང་ཡོད་ཚད་གནའ་བོའི་རྗེས་སུ་འབྲང་བཞིན་པའི་འུ་ཚང་ལའང་། རིགས་ཀྱི་རུས་པ་ལ་ཞེན་གཅེས་ཀྱི་སྣུམ་རྩི་ཡོད་པའི་མི་སྣ་རེ་ཟུང་ཙམ་ཞིག་གིས་དུས་རབས་ཀྱི་ཁུགས་སོ་འདི་ནས་གནའ་དེང་གི་སྙིང་པོ་དག་དུས་ལྟར་བཀོལ་སྤྱོད་ཐུབ་དགོས་པའི་ཤ་ཚའི་སྐད་འབོད་གནང་བཞིན་ཡོད་པ་ལྟར། ཐེངས་འདིར་ངེད་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གི་རྒྱ་བོད་དབྱིན་གསུམ་དྲ་བའི་གསར་འགོད་པ་དམངས་ཁྲོད་དུ་བསྐྱོད་དེ༼བོད་མིའི་སེམས་ཁོང་གི་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གླེང་བ་༽ཞེས་པའི་ལེའུ་ཚན་གསར་བ་ཞིག་བཀོད་བསྒྲིགས་བྱས་པའི་ནང་དུ་རྨ་ལྷོ་སོག་རྫོང་གི་མི་རིགས་སློབ་འབྲིང་དགེ་རྒན་ཚེ་རིང་དབང་ལྡན་ལགས་ལ་བཅར་འདྲི་བྱས་ཡོད།

བློ་འདྲི་ཡུལ།

རྒན་འཇིགས་མེད་རྒྱལ་མཚན།

རྒན་བཛྲ་ཚུལ་ཁྲིམས་རྒྱ་མཚོ།

ལྡོང་ཡོན་ཏན་རྒྱ་མཚོ།

གཙོ་སྒྲུབ་ལས་ཁུངས།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས།

རྩོམ་སྒྲིག་འགན་འཁུར་བ།

མགར་རྩེའི་ཉི་ཟེར།  ཁཱ་ཤེས་རབ་རྒྱ་མཚོ།

མགོན་པོ་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས་ཡེ་ཤེས།   

    ཨ་འཕྲིན་ལས་རྒྱ་མཚོ་ནི་ཆུ་མོ་གླང(སྤྱི་ལོ1973)ལོར་སྐྱེས། ཆུ་ཕོ་ཁྱི(སྤྱི་ལོ1982)ལོར་དཔོན་སྐོར་སློབ་ཆུང་དུ་འགྲིམ། ས་ཕོ་འབྲུག(སྤྱི་ལོ1988.8.24)ལོའི་ཟླ་བདུན་པའི་ཚེས་བཅུ་གསུམ་ལ་བླ་བྲང་དུ་རྗེ་དགེ་འདུན་རྒྱ་མཚོ་མཆོག་གི་དྲུང་ནས་རབ་ཏུ་བྱུང་། ས་ཕོ་འབྲུག(སྤྱི་ལོ1988.11.1)ལོའི་ཧོར་ཟླ་དགུ་བའི་ཚེས་ཉེར་གཉིས་ལ་ལཱ་ཁ་དགོན་པའི་ཚོགས་གྲལ་དུ་ཞུགས། ས་ཕོ་འབྲུག(སྤྱི་ལོ1988)ལོ་ནས་ཆུ་ཕོ་སྤྲེལ(སྤྱི་ལོ1992)ལོའི་བར་ལ་ལཱ་ཁ་དགོན་དུ་དགེ་རྒན་བྱམས་པ་རིན་པོ་ཆེའི་མདུན་ནས་སློབ་སྦྱོང་བྱས། ལྕགས་མོ་ལུག(སྤྱི་ལོ1991)ལོར་ལཱ་ཁ་དགོན་པའི་མགོན་ཁང་དབུ་མཛད་བྱས། ཆུ་ཕོ་སྤྲེལ(སྤྱི་ལོ1992)ལོ་ནས་མེ་ཕོ་བྱི(སྤྱི་ལོ1996)ལོའི་བར་དུ་ལྷ་སའི་འབྲས་སྤུངས་དགོན་དང་བླ་བྲང་བཀྲ་ཤིས་འཁྱིལ་གཉིས་ནས་དགེ་ལམ་རིམ་པ་དང་རྗེ་དགེ་འདུན་རྒྱ་མཚོ་སོགས་དགེ་བའི་བཤེས་གཉེན་བརྒྱད་ཙམ་བསྟེན་ཏེ་སློབ་སྦྱོང་བྱས། མེ་མོ་གླང(སྤྱི་ལོ1997)ལོར་ཕྱིར་རང་དགོན་དུ་ཡོང་། ས་ཕོ་སྟག(སྤྱི་ལོ1998)ལོར་ལཱ་ཁ་དགོན་གྱི་འདུ་ཁང་ཆེན་མོའི་གོ་གཉེར་བྱས། ས་མོ་ཡོས(སྤྱི་ལོ1999)ལོར་ལཱ་ཁ་དགོན་པའི་མགོན་ཁང་དབུ་མཛད་བྱས། ས་མོ་ཡོས(སྤྱི་ལོ1999)ལོ་ནས་ཆུ་མོ་ལུག(སྤྱི་ལོ2003)ལོའི་བར་དུ་ལཱ་ཁ་དགོན་དམངས་གཙོ་བདག་གཉེར་དོ་དམ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འགན་ཁུར། ལྕགས་མོ་སྦྲུལ(སྤྱི་ལོ2001)ལོ་ནས་ཆུ་མོ་ལུག(སྤྱི་ལོ2003)ལོའི་བར་ལ་ལཱ་ཁ་དགོན་པའི་སྤྱི་བའི་འགན་ཁུར། ཆུ་མོ་ལུག(སྤྱི་ལོ2003)ལོ་ནས་ཤིང་མོ་བྱ(སྤྱི་ལོ2005)ལོའི་བར་དུ་ལཱ་ཁ་དགོན་དམངས་གཙོ་བདག་གཉེར་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའི་འགན་ཁུར། ཆུ་མོ་ལུག(སྤྱི་ལོ2003)ལོ་ནས་ཤིང་མོ་བྱ(སྤྱི་ལོ2005)ལོའི་བར་དུ་གཡུ་སྒང་ཉིན་གྲོང་རྡལ་གྱི་མི་དམངས་འཐུས་མི་བྱས། ཤིང་ཕོ་སྤྲེལ(སྤྱི་ལོ2004)ལོ་ནས་རྨ་ལྷོ་རྫོང་ནང་བསྟན་མཐུན་ཚོགས་སྐབས་དང་པོའི་རྒྱུན་ལས་ཨུ་ཡོན་བྱས། ཤིང་མོ་བྱ(སྤྱི་ལོ2005)ལོ་ནས་ལཱ་ཁ་ཤེས་རིག་ཀུན་སྤྱོད་གཞོན་དར་གསོ་སྦྱོང་ལྟེ་གནས་དགེ་རྒན།   དགོན་པའི་དགེ་རྒན།


ཐེངས་འདིའི་བཅར་འདྲི་བྱ་ཡུལ།

ལཱ་ཁ་དགོན་དགའ་ལྡན་བཤད་སྒྲུབ་དར་རྒྱས་གླིང་གི་དགེ་བཤེས་

ཨ་འཕྲིན་ལས་རྒྱ་མཚོ།

བཅར་འདྲི་བ།

ཨ་བུ་འབྲོང་། ཁཱ་ཤེས་རབ་རྒྱ་མཚོ།

བརྙན་ལེན་པ།

ཁཱ་ཤེས་རབ་རྒྱ་མཚོ།

བཀའ་དྲིན་ཞུ་ཡུལ། 

སྐྱ་རེངས་གློག་རིས་རིག་གནས་འཕེལ་རྒྱས་ཚད་ཡོད་སྤྱི་གཉེར་ཁང་།

ལཱ་ཁ་འཇམ་དབྱངས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། tqiw བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23523601
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།