བོད་ཀྱི་རི་མོ་པ་གྲགས་ཅན་གྱི་བརྩམས་བྱ་འགྲེམ་སྟོན།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 11 ཚེས 15 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» ཀུན་འདུས།» སྲོལ་རྒྱུན་རི་མོ། »བོད་ཀྱི་རི་མོ་པ་གྲགས་ཅན་གྱི་བརྩམས་བྱ་འགྲེམ་སྟོན།
བོད་ཀྱི་རི་མོ་པ་གྲགས་ཅན་གྱི་བརྩམས་བྱ་འགྲེམ་སྟོན།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2016-05-02ལྟ་ཀློག (4283)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

བོད་ཀྱི་རི་མོ་པ་གྲགས་ཅན་གྱི་བརྩམས་བྱ་འགྲེམ་སྟོན།

    ཐེངས་འདིའི་འགྲེམས་སྟོན་ནི་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རྒྱུན་འཛིན་པ་དང་ཁོང་གི་སློབ་མའི་འགྲེམས་སྟོན་ཞིག་ཡིན་ཞིང་། འགྲེམས་སྟོན་འདི་བརྒྱུད་དེ་རྒྱལ་ཁབ་ཕྱི་ནང་གི་སྐྱེ་བོ་ཀུན་ལ་བོད་ཀྱི་ཐང་གའི་སྒྱུ་རྩལ་གྱི་ཁྱད་ཆོས་དང་རིན་ཐང་སོགས་གང་ཅིའི་ཐད་ལ་རྒྱུས་མངའ་ཡོང་ཕྱིར་དང་།

རང་སྐྱོང་ལྗོངས་རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་རྒྱུད་འཛིན་པའི་དཔུང་སྡེ་གསོ་སྐྱོང་དང་ཁོང་ཚོའི་འཇོན་ནུས་དེ་འཛམ་གླིང་མི་དམངས་ལ་གསལ་བསྒྲགས་བྱེད་ཆེད།  ཡང་ན་རྒྱུད་འཛིན་པ་དག་གིས་མུ་མཐུད་དུ་ཕུལ་བྱུང་སློབ་མ་གསོ་སྐྱོང་། ཀུན་སྤྱོད་དང་བྱང་ཚད་མཐོ་བའི་བོད་ཀྱི་རི་མོ་པའི་དཔུང་སྡེ་གསར་བ་

འཛུགས་སྐྲུན་བཅས་བྱས་ཏེ་རྒྱལ་ཁབ་དང་མི་རིགས་སྤྱི་སྒེར་ཀུན་ལ་ཕན་པའི་རིག་གཞུང་ཡར་རྒྱས་གོང་འཕེལ་དུ་གཏོང་བའི་གནད་དམ་པ་ཞིག་ལགས། ཐེངས་འདིའི་འགྲེམས་སྟོན་ནི་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་གཙོ་སྒྲུབ་བྱས་ཤིང་། རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དང་བོད་ལྗོངས་ཐང་གའི་སྒྱུ་རྩལ་གླིང་གིས་

སྒྲུབ་གཉེར་དང་། བོད་ལྗོངས་བསྟན་པ་རབ་བརྟན་ཐང་གའི་སྒྱུ་རྩལ་ལྟེ་གནས་དང་ཆབ་མདོ་གྲོང་ཁྱེར་ཁ་རུབ་རིག་གནས་ཅུད་ཀྱིས་མཉམ་གཉེར་བྱས་ཏེ་༼བོད་ཀྱི་ཐང་ག་རྒྱུན་འཛིན་པའི་དགེ་སློབ་ཀྱི་བརྩམས་བྱའི་མུ་འབྲེལ་འགྲེམས་སྟོན་སོར་མོའི་འཁྱུག་འགྲོས།༽ཞེས་པ་དེ་༢༠༡༦ལོའི་ཟླ་༤པའི་ཚེས་༢༧ཉིན་དབུ་བརྩམས་ཏེ་མཁྱེན་ལྡན་

དག་གི་སྤྱན་སྔར་ཕུལ་བའོ།། ཐེངས་འདིའི་འགྲེམས་སྟོན་གྱི་ནང་དུ་བོད་ཀྱི་སྨན་ལུགས་ཐང་གའི་རྒྱལ་ཁབ་རིམ་པའི་རྒྱུད་འཛིན་པ་བསྟན་པ་རབ་བརྟན་དང་ཁོང་གི་སློབ་མའི་བརྩམས་བྱ། སྨན་གསར་ལུགས་ཀྱི་རྒྱལ་ཁབ་རིམ་པའི་རྒྱུད་འཛིན་པ་ནོར་བུ་སྲིད་ཐར་དང་ཁོང་གི་སློབ་མའི་བརྩམས་བྱ། ཀརྨ་སྒར་བྲིས་ལུགས་ཀྱི་

རྒྱལ་ཁབ་རིམ་པའི་རྒྱུད་འཛིན་པ་ཀརྨ་བདེ་ལེགས་དང་ཁོང་གི་སློབ་མའི་བརྩམས་བྱ་སོགས་འདུས་ཡོད། དེ་ཡང་སྤྱི་ཟླ་༤པའི་ཚེས་༢༧ཉིན་གྱི་ཞོགས་པར་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གི་འགྲེམས་སྟོན་མཛད་སྒོའི་སྟེང་སྨན་ལུགས་བཟོ་བའི་ཁྱུ་མཆོག་དགེན་བསྟན་པ་རབ་བརྟན་མཆོག་གིས་མཛད་སྒོའི་གཏམ་བཤད་གནང་ཞིང་། རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གི་དབུ་གཙོ་དང་། ཐང་གའི་ཆེད་ལས་མཁས་པ་དགེན་ངག་དབང་འཇིགས་མེད། ནོར་བུ་སྲི་ཐར། ཉི་ཤར། དབྱངས་ཅན་སྒྲོལ་དཀར་བཅས་གཙོ་བྱས་པའི་དབུ་ཁྲིད་རྣམས་མཛད་སྒོར་ཕེབས་ཡོད། དེ་ལས་གཞན་སྤྱི་ཚོགས་ལས་རིགས་ཁག་སོ་སོའི་བོད་ཀྱི་རི་མོའི་སྒྱུ་རྩལ་ཐད་ལ་དོན་གཉེར་གནང་མཁན་

གྱི་མི་མང་པོ་ཞིག་ཀྱང་ཐེངས་འདིའི་མཛད་སྒོར་ཞུགས་ཡོད་དོ།།

ཐེངས་འདིའི་འགྲེམས་སྟོན་གྱི་བཀོད་སྒྲིག་ནི་འདི་ལྟ་སྟེ། 

༡、 བོད་ཀྱི་ཐང་གའི་སློབ་དཔོན་ཆེན་མོ་དགེན་བསྟན་པ་རབ་བརྟན་དང་ཁོང་གི་སློབ་མའི་བརྩམས་བྱ་འགྲེམས་སྟོན་༼སོར་མོའི་འཁྱུག་འགྲོས།༽   འགྲེམས་སྟོན་དུས་ཚོད:༢༠༡༦ལོའི་ཟླ་༤པའི་ཚེས་༢༧ཉིན་ནས---ཟླ་༥པའི་ཚེས་༢ཉིན་བར། 

༢、 བོད་ཀྱི་ཐང་གའི་དགེ་རྒན་ཆེན་མོ་ནོར་བུ་སྲི་ཐར་དང་ཁོང་གི་སློབ་མའི་བརྩམས་བྱ་འགྲེམས་སྟོན་༼སོར་མོའི་འཁྱུག་འགྲོས།༽   འགྲེམས་སྟོན་དུས་ཚོད:༢༠༡༦ལོའི་ཟླ་༥པའི་ཚེས༣ཉིན་ནས་---ཟླ་༥པའི་ཚེས་༨ཉིན་བར། 

༣、 བོད་ཀྱི་ཐང་གའི་དགེ་རྒན་ཆེན་མོ་ཀརྨ་བདེ་ལེགས་དང་ཁོང་གི་སློབ་མའི་བརྩམས་བྱ་འགྲེམས་སྟོན་༼སོར་མོའི་འཁྱུག་འགྲོས། ༽     འགྲེམས་སྟོན་དུས་ཚོད:༢༠༡༦ལོའི་ཟླ་༥པའི་ཚེས་༡༡ཉིན་ནས---ཟླ་༥པའི་ཚེས་༡༦ཉིན་བར།

བརྩམས་བྱའི་མིང་།རྡོ་རྗེ་འཇིགས་བྱེད།  རི་མོ་བ།ལྷག་པ་ཚེ་རིང་།

བརྩམས་ཆོས་མིང་། དཔལ་ལྡན་ལྷ་མོ། རི་མོ་བ། ཀླུ་གཉན་རྒྱལ།

བརྩམས་ཆོས་མིང་། འཕགས་པ་ལྷ་སྐུ་ཕྲེང་ལྔ་བ་རྒྱལ་བ་རྒྱ་མཚོ། རི་མོ་བ། ཕྱག་རྡོར།

བརྩམས་ཆོས་མིང་། དུས་འཁོར། རི་མོ་བ། བཀྲ་ཤིས་ཟླ་བ།

བརྩམས་ཆོས་མིང་། རྒྱལ་ཆེན་ཡུལ་འཁོར་སྲུང་། རི་མོ་བ། བསྟན་པ་ཡོན་ཏན།

བརྩམས་ཆོས་མིང་། རྟ་མགྲིན།  རི་མོ་བ། བསོད་ནམས་ཆོས་དར།

བརྩམས་ཆོས་མིང་། ས་སྐྱ་གོང་མ་རྣམ་ལྔ། རི་མོ་བ། པ་སངས་ནོར་བུ།

བརྩམས་ཆོས་མིང་། གུ་རུ་རིན་པོ་ཆེ། རི་མོ་བ། ཟླ་བ་དོན་གྲུབ།

བརྩམས་ཆོས་མིང་། ཇོ་རྔོག་འབྲོག་གསུམ། རི་མོ་བ། སྐལ་བཟང་མཁས་གྲུབ།

བརྩམས་ཆོས་མིང་། སྒྲུབ་བརྒྱུད་ཤིང་རྟ་བརྒྱད།  རི་མོ་བ། ཁྲི་བཙུན་རབ་བརྟན།

བརྩམས་ཆོས་མིང་། རྗེ་རིན་པོ་ཆེ། རི་མོ་བ། དོན་གྲུབ།

བརྩམས་ཆོས་མིང་། རྗེ་ཙོང་ཁ་བ།  རི་མོ་བ། བུ་ཆུང་།

བརྩམས་ཆོས་མིང་། རྗེ་ཡབ་སྲས་གསུམ། རི་མོ་བ། ཟླ་བ།

བརྩམས་ཆོས་མིང་། སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་། རི་མོ་བ། དབང་འདུས་རྒྱལ་མཚན།


རྩོམ་སྒྲིག་འགན་ཁུར་བ།  མགར་རྩེ་ཉི་ཟེར།  ཁཱ་ཤེས་རབ་རྒྱ་མཚོ།  འབའ་སྣང་གྲོལ།   ཨ་བུ་འབྲོང་།


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། xun1 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
5924053
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号