མདོ་སྨད་རྭ་རྒྱ་བཀྲ་ཤིས་འབྱུང་གནས་ཀྱི་སྒྲུབ་མཆོད་ཆེན་མོའི་བྱུང་བ་བརྗོད་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »མདོ་སྨད་རྭ་རྒྱ་བཀྲ་ཤིས་འབྱུང་གནས་ཀྱི་སྒྲུབ་མཆོད་ཆེན་མོའི་བྱུ
མདོ་སྨད་རྭ་རྒྱ་བཀྲ་ཤིས་འབྱུང་གནས་ཀྱི་སྒྲུབ་མཆོད་ཆེན་མོའི་བྱུང་བ་བརྗོད་པ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2016-04-21ལྟ་ཀློག (41627)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

མདོ་སྨད་རྭ་རྒྱ་བཀྲ་ཤིས་འབྱུང་གནས་ཀྱི་སྒྲུབ་མཆོད་ཆེན་མོའི་བྱུང་བ་བརྗོད་པ།

        ཇི་སྐད་དུ།  འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོའི་ཞལ་ནས། འདི་ན་རྫོགས་སངས་རྒྱས་སུ་འགྲོ་བ་ལ།། ཟབ་མོ་རྡོ་རྗེ་ཐེག་དང་ཕར་ཕྱིན་ཐེག།  རྣམ་པ་གཉིས་ཡོད་གསང་སྔགས་ཕར་ཕྱིན་ལས།། ཤིན་ཏུ་ཁྱད་པར་འཕགས་པ་ཡིན་ནོ་ཞེས།། ཉི་མ་ཟླ་བ་ལྟ་བུར་ཀུན་ཏུ་གྲགས།། ཞེས་དང་། དེ་ཉིད་ཕྱིར་ན་རྒྱལ་བ་ཐེག་པ་མཆོག།

སངས་རྒྱས་ལས་ཀྱང་དཀོན་པའི་རྡོ་རྗེ་ཐེག། ཅེས་གསུངས་པ་ལྟར།  རང་ཅག་གི་སྟོན་པ་ཤཱཀྱའི་རྒྱལ་བོ་དེ་ཉིད་ཀྱིས་ཆོས་ཀྱི་ཕུང་བོ་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་ཐེག་པ་ཆེ་ཆུང་གཉིས་སུ་འདུ་ལ།  ཐེག་ཆེན་ལ་ཡང་རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་འབྲས་བུ་སྔགས་ཀྱི་ཐེག་པ་གཉིས་ལས་ཆེས་མཆོག་ཏུ་གྱུར་བ་ནི་ཕྱི་མ་ཡིན་ལ། དེ་ལ་ནང་དོན་མཆོག་དམན་གྱི་རིམ་པ་དང་བསྟུན་པར་རིགས་མི་འདྲ་བ་བཞི་བྱུང་བ་སོགས་ཀྱི་ལོས་རྒྱུས་ཡོད།

མདོ་སྨད་ཀྱི་ཆོས་སྡེ་ཆེན་པོ་རྭ་རྒྱ་བཀྲ་ཤིས་འབྱུང་གནས་བཤད་སྒྲུབ་དར་རྒྱས་གླིང་འདིར་ཡང་།གནས་ལྔ་གཟིགས་པའི་པཎྟི་ཏ་༧རྗེ་ཤིང་བཟའ་བློ་བཟང་དར་རྒྱས་རྒྱ་མཚོ་དབུས་སུ་ཕེབས་ཏེ་ལོ་བཅུ་གསུམ་གྱི་རིང་གཞུང་བཀའ་པོད་ལྔ་ལ་ཐོས་བསམ་གནད་དུ་སྨིན་པ་མཛར་མཐར།དམ་པ་ཁོང་གི་བླ་མ་རིན་པོ་ཆེ་༧ཨ་རིག་དགེ་བཤེས་ཆེན་མོའི་བཀའ་བཞིན་དུ་མདོ་སྨད་དུ་འབྱོན་པར་ཐག་བཅད་པའི་རྗེས་སུ་ཁོང་གི་ཐུགས་ལ།  རང་དགོན་དུ་འགྲོ་དགོས་ཕྱིན་བླ་མ་རིན་པོ་ཆེས་མདོ་ཕྱོགས་ཀྱི་རྩོད་པ་སློབ་གཉེར་བྱེད་ཚུལ་སེར་བྱེས་གྲྭ་ཚང་གི་སྒྲིག་ལམ་ལྟར་སྔར་ནས་བཙུགས་ཡོད་ཀྱང་། སྔགས་ཀྱི་བཤད་སྒྲུབ་བྱེད་པའི་སྡེ་ཞིག་སྔར་མ་བཙུགས་པ་ནི།  ཁོ་བོའི་བགོ་སྐལ་དུ་བཞག་པར་གོར་མ་ཆག་གོ་སྙམ་དུ་དགོངས་ནས། རྒྱུད་པ་གྲྭ་ཚང་གསར་འཛུགས་མཛད་དེ་རྒྱུད་པའི་འདོན་རྟ་དབྱངས་གསུམ་གྱི་ཕྱག་ལེན་ཐེབས་པར་མཛད།༡༧༩༢ལོར་༧ཨ་རིག་དགེ་བཤེས་ཆེན་མོ་དང་ཁོང་རིན་པོ་ཆེ་རྣམ་པ་གཉིས་ཀྱིས་རྭ་རྒྱ་བཀྲ་ཤིས་འབྱུང་གནས་བཤད་སྒྲུབ་དར་རྒྱས་གླིང་འདིར་སྔར་བཙུགས་པའི་རྒྱུད་པའི་གྲྭ་ཚང་གྲངས་ཇེ་མང་དུ་བཏང་སྟེ།  རྒྱུད་པ་གྲྭ་ཚང་།  སྨན་པ་གྲྭ་ཚང་།  རྟ་མགྲིན་ཁང་སོགས་རིམ་བཞིན་གསར་དུ་བཙུགས་ཏེ་བཤད་གྲྭ་དེ་དག་གིས་ཆོས་སྲིད་ཀྱི་ལུགས་གཉིས་ཁོང་གིས་བཞེས་ནས་འཆད་ཉན་དང་སྒྲིགས་ལམ་སོགས་ཀྱི་རྒྱུན་བསྐྱངས།

     སྤྱི་ལོ་༡༨༠༦ མེ་སྟག་ནག་པ་ཟླ་བའི་ཚེས་འགོ་ནས་ས་ཆོག་སོགས་ཆོ་ག་རང་རང་གི་གཞུང་བཞིན་སྒྲུབ་སྟེ་གསང་བདེ་འཇིགས་གསུམ།  དུས་འཁོར།  འཁོར་ཆེན། ཀྱེེ་རྡོར།  བཀའ་གདམས་ཐིག་ལེ་བཅུ་དྲུག   རྡོར་དབྱིངས།  ཀུན་རིག  རྣམ་སྣང་མངོན་བྱང་།  གདུགས་དཀར།  ཚེ་ཆོག་རྟ་མགྲིན་བཅས་ཀྱི་དཀྱིལ་འཁོར་བཅུ་གསུམ་རྡུལ་ཚོན་དང་འབྲེལ་བའི་བདག་འཇུག་བཙུགས། དེ་དུས་མི་འཁྲུག་པ་དང་།  རྒྱལ་བ་རྒྱ་མཚོ་གཉིས་ཚུགས་མེད།  ཆོ་ག་བཅུ་དྲུག་གི་སྦྱིན་སྲེག་བྱེད་པ་ཡོད་ཟེར་བ་སྔ་མ་དེ་རྣམས་ཀྱི་སྟེང་འཇིགས་བྱེད་དཔའ་བོ་གཅིག་པའི་དཀྱིལ་འཁོར་ཆོ་འཕྲུལ་སྨོན་ལམ་སྐབས་སུ་དུས་འཁོར་བས་རྡུལ་ཚོན་ལ་བརྟེན་ནས་སྒྲུབ་སྟེ་སྦྱིན་སྲེག་བླུག་བཞིན་ཡོད་པ་དེ་བསྣན་ནས་ཆོ་ག་བཅུ་དྲུག་གི་སྦྱིན་སྲེག་ཡོད། སྨན་པ་གྲྭ་ཚང་ནས་ཆོ་འཕྲུལ་སྨོན་ལམ་ལ་སྨན་བླའི་ཕོ་བྲང་རྡུལ་ཚོན་གྱིས་བླུགས་པ་དེ་ལ་སྦྱིན་སྲེག་མེད་ཀྱང་དེ་བསྣན་ན་དཀྱིལ་འཁོར་བཅུ་བདུན་རྡུལ་ཚོན་གྱིས་བླུགས་པ་ཡོད།

    ཐོས་བསམ་གླིང་ལ་མཚོན་ན།  འཇིགས་བྱེད་ལྷ་བཅུ་གསུམ་མ།  ཀུན་རིག   གསང་བདག་འཁོར་ཆེན། ཐིག་ལེ།  གདུགས་དཀར།   མི་འཁྲུགས་པ་བཅས་ཀྱི་དཀྱིལ་འཁོར་རྡུལ་ཚོན་ལ་བརྟེན་ནས་སྒྲུབ་པ་ལ།  ཆོ་ག་ཡོངས་རྫོགས་ཀྱི་དཀྱིལ་འཁོར་བླུགས་གྲུབ་པའི་ཉིན་སྒྲུབ་མཆོད་ཆེན་མོའི་གྲལ་འཛིན་བྱས་ཏེ་ཆོག་གྲྭ་སོ་སོར་འཚོགས།  དེའི་རིང་ལ་ཆོ་ག་སོ་སོའི་བདག་མདུན་བུམ་གསུམ་ཆ་ཚང་བར་གཙོ་བོར་གསུངས་ཤིང་གཞན་བླ་མ་ལྔ་བཅུ་བ་དང་བསྟོད་པ་སོགས་གསུངས་པ་རེད།

     ཟླ་གསུམ་པའི་ཚེས་བཅོ་ལྔའི་ཉིན།  ཆོ་ག་བཅོ་ལྔའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཐབ་ཀྱི་དཀྱིལ་འཁོར་དུ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་སྤྱན་དྲངས་ཏེ།  ཕྱི་རོལ་བའི་ཕྱུགས་ཀྱི་སྤྱིན་སྲེག་ལྟ་བུ་མ་ཡིན་པར།  དཀྱིལ་འཁོར་གྱི་ལྷ་ཚོགས་དང་མེ་ལྷའི་ཞལ་དུ་འབྲུ་རིགས་སྨན་སྣ་དཀར་གསུམ་མངར་གསུམ་སྦྱིན་ཞིང་།  དེ་ལ་བརྟེན་ནས་རང་གི་ནད་གདོན་སྡིག་སྒྲིབ་དམ་ཚིག་ཉམས་ཆགས་ཐམས་ཅད་སྲེག་པར་བྱེད་པ་སོགས་སྦྱིན་སྲེག་བྱས་མཐར་ལྷ་ཚོགས་རྣམས་ཕྱིར་དཀྱིལ་འཁོར་དུ་སྤྱན་དྲངས་ཏེ་ཆོ་གའི་མཇུག་གྲུབ་པར་བྱས་ཏེ་དཀྱིལ་འཁོར་གཤེགས་གསོལ་སོགས་བྱེད།  སྒྲུབ་མཆོད་གྲོལ་རྗེས་རྡུལ་ཚོན་རྣམས་གདན་དྲངས་ནས་རྨ་ཆུར་གཤེགས་ཤིང་དཀར་ཕྱོགས་ལ་དགའ་བའི་ཀླུ་རྣམས་ལ་མཆོད་གཏོར་གཏོང་། དེའི་ཚེ་ཀླུ་རྣམས་ཡིད་དགའ་ཞིང་མགུ་ནས་དངོས་གྲུབ་ཀྱི་ཆར་འབེབ་པར་བྱེད་པས་རྡུལ་ཚོན་ཆར་འབེབ་ཏུ་གྲགས་པ་ཡིན་ནོ།།


རྡོར་དབྱིངས་ཀྱི་དཀྱིལ་འཁོར།


རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར།


དཔལ་གསང་བ་འདུས་པའི་དཀྱིལ་འཁོར། 


བདེ་མཆོག་འཁོར་ལོའི་དཀྱིལ་འཁོར།


རྟ་མགྲིན་ཡང་གསང་ལྷ་དགུའི་དཀྱིལ་འཁོར།


དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར།


བཀའ་གདམས་ཐིག་ལེ་བཅུ་དྲུག་གི་དཀྱིལ་འཁོར།


གསང་བདག་འཁོར་ལོ་ཆེན་པོའི་དཀྱིལ་འཁོར།


གདུགས་དཀར་གྱི་དཀྱིལ་འཁོར།


དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར།


རྣམ་སྣང་མངོན་བྱང་གི་དཀྱིལ་འཁོར།


མི་འཁྲུགས་པའི་དཀྱིལ་འཁོར།


ཚེ་ཆོག་གི་དཀྱིལ་འཁོར།


ཀྱེེ་རྡོར་གྱི་དཀྱིལ་འཁོར།


ཀུན་རིག་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར།


   ཟླ་གསུམ་པའི་ཚེས་བཅོ་ལྔའི་ཉིན།  ཆོ་ག་བཅོ་ལྔའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཐབ་ཀྱི་དཀྱིལ་འཁོར་དུ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་སྤྱན་དྲངས་ཏེ་སྦྱིན་བསྲེགས་ཀྱི་ཆོ་ག་སྤེལ་བཞིན་པ།

པར་ལེན་པ་དང་པར་རིས་མཁོ་སྤྲོད་པ་རྭ་རྒྱ་བ།




སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། mjcp བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  མདོ་སྨད་རྭ་རྒྱ་བཀྲ་ཤིས་འབྱུང་གནས་ཀྱི་སྒྲུབ་མཆོད་ཆེན་མོའི་བྱུང་བ་བརྗོད་པ།   སྤེལ་མཁན།: zmlm2001 སྤེལ་དུས:2016/4/21
ཡག་པོ་རེད། བསམ་གྱི་མི་ཁྱབ།
buscopan idiotygenii.com buscopan spc
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23531083
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།