དེང་སང་གི་རྩ་རླུང་དང་སངས་རྒྱས་ཆོས་ལུགས་ཀྱི་སྒོམ་གཉིས་འདྲའམ་མིི་འདྲ།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 10 ཚེས 21 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བཅར་འདྲི། »དེང་སང་གི་རྩ་རླུང་དང་སངས་རྒྱས་ཆོས་ལུགས་ཀྱི་སྒོམ་གཉིས་འདྲའམ་མ
དེང་སང་གི་རྩ་རླུང་དང་སངས་རྒྱས་ཆོས་ལུགས་ཀྱི་སྒོམ་གཉིས་འདྲའམ་མིི་འདྲ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2016-04-19ལྟ་ཀློག (920)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


དེང་སང་གི་རྩ་རླུང་དང་སངས་རྒྱས་ཆོས་ལུགས་པའི་སྒོམ་གཉིས་འདྲའམ་མི་འདྲ། མི་འདྲ་ན་སོ་སོར་ཁྱད་ཆོས་ག་འདྲ་ཡོད།

དྲི་བ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དབང་འགྲུབ།  དྲིས་ལན།  སློབ་དཔོན་ཆེན་མོ་ཤེས་རབ་བསྟན་དར། 

    ལན། དེ་གཉིས་གཏན་ནས་མི་འདྲ་སྟེ་དེང་སང་གི་རྩ་རླུང་དག་གིས་ཆོས་གཞུང་གི་མན་ངག་རེ་ཙམ་ལ་བརྟེན་ནས་ལུས་ཀྱི་རྩར་རྒྱུ་བའི་རླུང་གི་རིམ་པ་སྒོམ་པའི་མན་ངག་ཉི་ཚེ་བ་ཙམ་ཡིན་ལ་དེ་ཕྱི་རོལ་པ་ལའང་ཡོད་དེ། དེས་ལུས་ཀྱི་བདེ་ཐང་དང་མངོན་ཤེས་ཉི་ཚེ་བ་ཙམ་སྐྱེས་ནའང་སྒོམ་པའི་རིམ་པ་ཆ་ཚང་བ་ཞིག་མེད་པས་ལུས་ཀྱི་བདེ་ཐང་ཐད་ལམ་ལོག་ཏུ་འགྲོ་བའི་ཉེན་ཁའང་ཤིན་ཏུ་ཆེ་ཞིང་། ཕྱི་མའི་བདེ་ཐབས་དང་ཉོན་མོངས་སྤོང་བྱེད་དུ་མི་འགྲོ་ནའང་རླུང་གི་སྟོབས་ཀྱིས་རེ་ཞིག་ཉོན་མོངས་ཀྱི་མགོ་སྨད་པ་དང་དགེ་སེམས་ཅུང་ཟད་རེ་སྐྱེས་ནའང་འཁོར་བ་ལས་གྲོལ་བའི་ཐབས་སུ་མི་འགྲོ། འོན་ཀྱང་སྐྱབས་འགྲོས་ཟིན་ན་ནང་བའི་ཆོས་སུ་འགྲོ་བར་འགལ་བ་མེད། ནང་བའི་སྒོམ་ནི་གཞུང་ལུགས་ཆ་ཚང་ཞིག་གོལ་སའང་གསལ་བོར་བསྟན་ཡོད་ལ་དེ་ཉམས་སུ་བླངས་པས་ཐར་བ་དང་ཐམས་ཅད་མཁྱེན་པ་ཐོབ་པ་དག་གིས་རང་གིས་ཇི་ལྟར་ཉམས་སུ་བཞེས་པའི་ཚུལ་ཕྱིས་འབྱུང་གི་དོན་དུ་གསུངས་པ་ཞིག་ཡིན། ནང་བའི་སྒོམ་ལ་དཔྱད་སྒོམ་དང་འཇོག་སྒོམ་ཞེས་པ་གཉིས་ཡོད་དེ་དཔྱད་སྒོམ་ནི་དངོས་པོའི་ཆོས་ཉིད་དང་རབ་དབྱེ་རྒྱུ་རྐྱེན་སོགས་ལ་དཔྱོད་པའི་ཤེས་རབ་ཡིན་ལ་འཇོག་སྒོམ་ནི་སེམས་དམིགས་པར་རྩེ་གཅིག་པར་སྒོམ་པའི་ཏིང་ངེ་འཛིན་གྱི་རིགས་རེད། འདི་སེམས་གནས་དགུའི་སྒོ་ནས་བསྒོམས་པས་ཞི་གནས་ཐོབ་ཅིང་ཞི་གནས་ཞེས་པའི་དོན་ནི་སེམས་ཕྱི་རོལ་ཏུ་འཕྲོ་བ་ཞི་ནས་ནང་དུ་གནས་པ་ཟེར། དེ་ཐོབ་ན་མངོན་ཤེས་དང་ལུས་ཀྱི་བདེ་བ་ཁྱད་པར་ཅན་དག་ཐོབ། དེ་ཡང་ལྷག་མཐོང་ཞི་གནས་ནི་སེམས་རྣལ་དུ་གནས་པ་དང་དེ་ལས་ལྷག་པའི་སྒོ་ནས་སྟོང་ཉིད་ལ་དཔྱད་དེ་མཐོང་བའི་ལྷག་མཐོང་དང་ཟུང་དུ་འབྲེལ་ནས་ཉོན་མོངས་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པའི་གོ་འཕང་ངམ་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཡིན་པས་དེང་གི་རྩ་རླུང་གིས་མངོན་ཤེས་ཟེར་བའང་ཉི་ཚེ་བ་ཙམ་ཡིན་ལ་སངས་རྒྱས་ཟེར་བ་ལམ་དུའང་མ་ཞུགས་པའི་སྐབས་ཙམ་ཡིན་ནོ། །བདག་གིས་རྩ་རླུང་བ་འགའ་རེ་དང་གླེང་མོལ་བྱེད་དུས་ཁོ་ཚོས་བདག་མེད་སྒོམ་ཚུལ་དང་གསང་སྔགས་ཀྱི་བདག་བསྐྱེད་སོགས་ལ་བློས་གཏན་ནས་མི་འཆུན་ཞིང་སྐྱབས་འགྲོའི་བདུད་རྩི་འབེབ་སྦྱངས་ནི་ཆེས་ཡ་མཚན་པར་འཛིན་པར་སྣང་ངོ་། །


རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་།


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། yh9n བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
5865437
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号