གཟའ་ལྷག་པའི་གཟུགས་ལྡན་ལེ་ཚན་སྔོན་བརྡ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» འོས་སྦྱོར་གླིང་། »གཟའ་ལྷག་པའི་གཟུགས་ལྡན་ལེ་ཚན་སྔོན་བརྡ།
གཟའ་ལྷག་པའི་གཟུགས་ལྡན་ལེ་ཚན་སྔོན་བརྡ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2016-04-11ལྟ་ཀློག (5839)རྩོམ་ཁུངས: ངེད་དྲ་བ།པར་འདེབ།



གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་བོད་རྒྱ་དབྱིན་གསུམ་དྲ་བའི་གསར་འགོད་པ་དམངས་ཁྲོད་དུ་བསྐྱོད་པ།

    ࿐རྒྱ་ཆེ་བའི་གྲོགས་པོ་ཚོའི་སྙན་ལམ་དུ་བསྒྲོན་པར་བྱ་བ་ནི།  དུས་ཀྱི་ཆུ་བོའི་བཞུར་སྒྲ་དང་འགྲོགས་ནས་བརྒྱ་ལོ་ཉེར་གཅིག་པའི་མཆོང་སྐྱོད་ཁྲོད་འཛམ་གླིང་ཤར་ནུབ་སྤྱི་དང་།  ལྷག་པར་དུ་ཨེ་ཤ་ཡའི་གླིང་ཚོམ་ཆེན་མོའི་གནའ་དེང་ཤེས་རིག་གི་འགྲན་རྩོད་མེ་ལྟར་འབར་ཞིང་། ཆུ་ལྟར་འཁྲུག་བཞིན་པའི་དེ་རིང་། ཤེས་རིག་དང་ཀུན་སྤྱོད། བསམ་བློ་དང་གོམས་སྲོལ།  འཚོ་གནས་དང་རིན་ཐང་ཡོད་ཚད་གནའ་བོའི་རྗེས་སུ་འབྲང་བཞིན་པའི་འུ་ཚང་ལའང་། རིགས་ཀྱི་རུས་པ་ལ་ཞེན་གཅེས་ཀྱི་སྣུམ་རྩི་ཡོད་པའི་མི་སྣ་རེ་ཟུང་ཙམ་ཞིག་གིས་དུས་རབས་ཀྱི་ཁུགས་སོ་འདི་ནས་གནའ་དེང་གི་སྙིང་པོ་དག་དུས་ལྟར་བཀོལ་སྤྱོད་ཐུབ་དགོས་པའི་ཤ་ཚའི་སྐད་འབོད་གནང་བཞིན་ཡོད་པ་ལྟར། ཐེངས་འདིར་ངེད་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གི་རྒྱ་བོད་དབྱིན་གསུམ་དྲ་བའི་གསར་འགོད་པ་དམངས་ཁྲོད་དུ་བསྐྱོད་དེ༼བོད་མིའི་སེམས་ཁོང་གི་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གླེང་བ་༽ཞེས་པའི་ལེའུ་ཚན་གསར་བ་ཞིག་བཀོད་བསྒྲིགས་བྱས་པའི་ནང་དུ་རྨ་ལྷོ་སོག་རྫོང་གི་མི་རིགས་སློབ་འབྲིང་དགེ་རྒན་ཚེ་རིང་དབང་ལྡན་ལགས་ལ་བཅར་འདྲི་བྱས་ཡོད།

བློ་འདྲི་ཡུལ།

རྒན་འཇིགས་མེད་རྒྱལ་མཚན།

རྒན་བཛྲ་ཚུལ་ཁྲིམས་རྒྱ་མཚོ།

ལྡོང་ཡོན་ཏན་རྒྱ་མཚོ།

གཙོ་སྒྲུབ་ལས་ཁུངས།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས།

རྩོམ་སྒྲིག་འགན་འཁུར་བ།

མགར་རྩེའི་ཉི་ཟེར།  ཁཱ་ཤེས་རབ་རྒྱ་མཚོ། མགོན་པོ་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས་ཡེ་ཤེས།   

       ཀན་སུའུ་མདོ་ལྷོ་ཁུལ་ཀླུ་ཆུ་རྫོང་མ་ངེ་ལྟེ་བའི་སློབ་ཆུང་གི་དགེ་རྒན་ཐང་དགེ་སྒྲོལ་དཀར་སྐྱབས་ནི་སྤྱི་ལོ1968ལོ་མདོ་ལྷོ་ཁུལ་ཀླུ་ཆུ་རྫོང་བླ་རི་མགུལ་གྱི་ཐང་དགེ་ཚང་ཞེས་པའི་སྦྲ་ཁྱིམ་ཞིག་ཏུ་སྐྱེས། 1989ལོར་ཀན་ལྷོ་འབྲིང་རིམ་ཆེད་གཉེར་སློབ་གྲྭ་ལས་མཐར་ཕྱིན་ཏེ་ཀླུ་ཆུ་རྫོང་བླ་རིལ་མགུལ་རྫས་ཚ་སློབ་ཆུང་དུ་ལས་བགོས་བྱས། 1991ལོར་ཀླུ་ཆུ་རྫོང་མ་ངེ་ལྟེ་བའི་སློབ་ཆུང་དུ་ལས་གནས་སྤར་ཏེ་ད་བར་དུ་དགེ་རྒན་གྱི་ལས་ཀ་གཉེར་བ་ཡིན། ཉེ་བའི་ལོ་ཉེར་བདུན་གྱི་ནང་དུ་བོད་སྐད་ཡིག་གི་སློབ་ཁྲིད་སློབ་གསོའི་འོས་འགན་དང་དུ་བླངས་ནས་གླུ་དབྱངས་དང་ལུས་རྩལ། ལོ་རྒྱུས་དང་བསམ་བློ་ཀུན་སྤྱོད་སོགས་སློབ་ཁྲིད་བྱས་པ་ཡིན། ད་བར་དུ་སློབ་ཆུང་མཐར་ཕྱིན་འཛིན་གྲྭ་བརྒྱད་སྐྱེལ་མྱོང་ལ། སྔ་གཞུག་ཏུ་དཔྱད་རྩོམ་ཉེར་གཅིག་ལྷག་སྒེར་དེབ་དང་ས་གནས་དུས་དེབ། རྒྱལ་ཁབ་དང་ཞིང་ཆེན་བཅས་ཀྱི་དུས་དེབ་ཏུ་སྤེལ་མྱོང་། གཞན་ཡང་སློབ་མའི་སློབ་སྦྱོང་གི་ཟུར་ལྟའི་སྦྱང་དེབ་སོ་བརྒྱད་ལྷག་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་སྤེལ་མྱོང་། ཀན་སུའུ་ཞིང་ཆེན་གཞི་རིམ་སློབ་གསོའི་རྐང་འཛིན་དགེ་རྒན་དང་ཀན་ལྷོ་ཁུལ་གྱི་ཕུལ་བྱང་དགེ་རྒན། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩོམ་རིག་མཐུན་ཚོགས་ཀྱི་ཚོགས་མི། ཀླུ་ཆུ་རྫོང་རྩོམ་རིག་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་བཅས་ཡིན།

ཐང་དགེ་སྒྲོལ་དཀར་སྐྱབས་ཀྱི་བརྩམས་ཆོས།


ཐེངས་འདིའི་བཅར་འདྲི་བྱ་ཡུལ།

མདོ་ལྷོའི་ཀླུ་ཆུ་རྫོང་གི་མ་ངེ་སློབ་ཆུང་གི་དགེ་རྒན་ཐང་དགེ་སྒྲོལ་དཀར་སྐྱབས།


བཅར་འདྲི་བ།

ཨ་བུ་འབྲོང་།  ཁཱ་ཤེས་རབ་རྒྱ་མཚོ།

བརྙན་ལེན་པ།

ཁཱ་ཤེས་རབ་རྒྱ་མཚོ།

བཀའ་དྲིན་ཞུ་ཡུལ། 

སྐྱ་རེངས་གློག་རིས་རིག་གནས་འཕེལ་རྒྱས་ཚད་ཡོད་སྤྱི་གཉེར་ཁང་།

ཀླུ་ཆུ་རྫོང་མ་ངེ་ལྟེ་བའི་སློབ་ཆུང་གི་དགེ་སློབ་ཡོངས།

ཀླུ་ཆུའི་ལྷུན་གྲུབ།



གཟའ་ལྷག་པའི་གཟུགས་ལྡན་ལེ་ཚན་སྔོན་བརྡ།

སྟོད་ཆ།

2016/4/13ཉིན་གཏོང་རྒྱུ།

གཟའ་རྗེས་མའི་གཟུགས་ལྡན་ལེ་ཚན་སྔོན་བརྡ།

བར་ཆ།

2016/4/20ཉིན་གཏོང་རྒྱུ།

ལྷག་དཀར་གཟུགས་ལྡན་ལེ་ཚན་སྔོན་བརྡ།

སྨད་ཆ།

2016/4/27ཉིན་གཏོང་རྒྱུ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 2yq5 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23498499
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།