དེང་རབས་ཚན་རྩལ་དང་ལེན་མི་བྱེད་པའི་ཡོ་རོབ་ཀྱི་ཆེས་མཇུག་མཐའི་ས་ཆ་ཞིག
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »དེང་རབས་ཚན་རྩལ་དང་ལེན་མི་བྱེད་པའི་ཡོ་རོབ་ཀྱི་ཆེས་མཇུག་མཐའི་ས
དེང་རབས་ཚན་རྩལ་དང་ལེན་མི་བྱེད་པའི་ཡོ་རོབ་ཀྱི་ཆེས་མཇུག་མཐའི་ས་ཆ་ཞིག
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2016-04-08ལྟ་ཀློག (3975)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


དེང་རབས་ཚན་རྩལ་དང་ལེན་མི་བྱེད་པའི་ཡོ་རོབ་ཀྱི་ཆེས་མཇུག་མཐའི་ས་ཆ་ཞིག

   2016-03-07    15:13:27


    གློག་ཀླད་མེད་པ་དང་ཁ་པར་མེད་ལ། སྐུད་མེད་དྲ་བ་wifiདེ་བས་ཀྱང་མེད། དེང་རབས་འཚོ་བའི་ཁྲོད་དུ་རྒྱུན་མཐོང་གི་དངོས་པོ་འདི་དག  གནས་འདི་རུ་མཐོང་རྒྱུ་མེད་པ་དང་དེ་ཡང་གནས་འདི་ནི་ཡོ་རོབ་གླིང་གི་ཆ་ཤས་ཤིག་ཡིན། པར་ལེན་མཁན་Alex Robciucརོ་མ་ནེ་ཡའི་ཐི་ལན་ཞེ་བ་ནེ་ཡ་རུ་བཅར་འདྲི་བྱེད་པར་བསྐྱོད་པ་རེད། རྒྱང་རིང་གི་ལུང་ཁུག་འདི་རུ་གྲོང་ཚོ་100ཙམ་གྱི་འཚོ་བའི་དབྱངས་རྟའི་འགྱུར་ཁུགས་ཡོད་པ་དང་། ད་དུང་ཡང་སྔར་བཞིན་དུས་རབས་བར་མའི་དུས་ཀྱི་ཡོ་རོབ་དང་ཁྱད་པར་མེད་པ་རེད། པར་ལེན་མཁན་གྱིས་ཡོ་རོབ་ཀྱི་བས་མཐའི་ས་ཁུལ་འདིའི་མི་དམངས་ཀྱི་འཚོ་བའི་གནས་སྟངས་ཟིན་བྲིས་སུ་བཏབ་ཡོད། པར་འདི་ནི་ཡུལ་དེ་གའི་སྐྱེས་པ་གཉིས་གཉེན་སྟོན་གྱི་མཛད་སྒོར་ཞུགས་པའི་རྣམ་པ་རེད། 

    ཡུལ་འདིའི་མི་རྣམས་ཀྱིས་དེང་རབས་ཚན་རྩལ་དང་བཟོ་ལས་ཐོན་རྫས་གཏན་ནས་བཀོལ་སྤྱོད་མི་བྱེད་པའང་མིན་པར། གཙོ་བོ་དེང་རབས་ཚན་རྩལ་དང་བཟོ་ལས་ཀྱིས་ཡང་བསྐྱར་འཚོ་བར་འདྲ་བཟོ་ལད་ཟློས་བྱེད་པའི་གནས་སྟངས་དང་ལེན་མི་བྱེད་པ་དེ་རེད། ཁོ་ཚོས་སྲོལ་རྒྱུན་གྱི་ཡོ་བྱད་བཀོལ་སྤྱོད་བྱས་ཏེ་རང་ཉིད་ཀྱི་འཚོ་བ་སྟབས་བདེ་འོངས་པར་མོས། ཁོ་རང་ཚོ་རྟ་ལ་ཞོན་པ་དང་ཤིང་རྟ་འཁོར་ལོ་བཀོལ་ནས་སྲོག་ཆགས་ལ་གཅེས་སྐྱོང་བྱེད་པ་དང་། སྲོལ་རྒྱུན་གྱི་དུས་ཆེན་ལ་རོལ་བ་དང་མཆོད་འབུལ་མཛད་སྒོ་སྤེལ་ཏེ། མེས་པོ་དང་གཅིག་མཚུངས་ཀྱིས་རྒྱང་རིང་ལུང་ཁུག་གི་ཁི་ཨར་པ་རི་ཁུལ་འདི་རུ་འཚོ་བ་རོལ་བཞིན་ཡོད། 

    སྡོད་དམངས་ཚོས་སྔར་བཞིན་མི་རབས་ནས་མི་རབས་བར་རྒྱུན་དུ་ཁོ་རང་ཚོའི་སྲོལ་རྒྱུན་གྱི་གྱོན་གོས་གྱོན་བཞིན་ཡོད།

    པར་ལེན་མཁན་Robciucནས་བཤད་དོན། "པར་རིས་ངོས་སུ་ཡུལ་དེ་གའི་སྡོད་དམངས་ཀྱིས་ཡུལ་མི་འདྲ་བ་ནས་ཁོ་རང་ཚོས་རྒྱུན་གཏན་གྱི་བྱ་བ་སྒྲུབ་པ་དང་ལས་ཀ་བྱེད་པ། དུས་སྟོན་ལ་རོལ་བ། བསམ་གཞིགས་བྱེད་པ། མ་འོངས་པར་སྔོན་དཔག་བྱེད་པ་སོགས་མདོར་ན་ཡོད་ཚད་ཀྱི་ཡོད་ཚད་ང་ཚོ་དང་གཉིས་སུ་མ་མཆིས།"

    གལ་སྲིད་ཁོ་ཚོར་གཞན་དང་མི་མཚུངས་པ་ཅི་ཞིག་ཡོད་དམ་ཞེས་དྲིས་པ་ཡིན་ན། ས་དེ་གའི་སྡོད་དམངས་རྣམས་ལག་རྩལ་གསར་བར་གོམས་མེད་པ་དེ་རེད། དེའི་ཕྱིར་ཁོ་ཚོ་པར་ལེན་པརའང་གོམས་མེད་ལ། ཁོ་ཚོའི་འདྲ་པར་མཐའ་དག་ནི་བཅོས་མིན་གྱི་རང་བྱུང་ཁོ་ན་ཡིན། རྒྱུ་མཚན་ནི་ཁོ་ཚོས་ཀྱང་དམིགས་བསལ་གསར་བ་གང་ཞིག་འོངས་པར་རེ་བ་མི་བྱེད། འདྲ་པར་ནི་རྙོག་དྲ་ཆེ་བ་ཞིག་ཡིན་མོད། འོན་ཀྱང་དེས་མི་ཞིག་གི་སེམས་ཁམས་མཚོན་བཞིན་ཡོད། པར་འདི་ནི་གྲོང་ཚོའི་བུད་མེད་གསུམ་ཡིན་པ་དང་འཚོ་བ་ནི་ཅི་འདྲའི་སྟབས་བདེ་ཞིག་རེད་ཨང་། 

    མི་རྣམས་ཀྱིས་ད་དུང་ཡང་ཐབས་ཆག་གི་ཤིང་རྟ་འཁོར་ལོ་བཀོལ་སྤྱོད་བྱེད་བཞིན་ཡོད་པ་དང་། དེང་རབས་ཅན་གྱི་རྗེས་ཤུལ་ཞིག་ཡོད་པ་ནི་ཤིང་རྟའི་འཁོར་ལོ་དེ་དབུགས་འདེད་འགྱིག་འཁོར་(1845ལོར་གསར་གཏོད་བྱས)ལ་བརྗེས་པ་དེ་གཅིག་པུ་རེད།

    རོལ་དབྱངས་དང་བྲོ་གར་ནི་ཡུལ་དེ་གའི་རིག་གནས་ཀྱི་རྣམ་པ་གཙོ་བོ་ཞིག་ཡིན། 

    ཁོ་རང་ཚོའི་འཚོ་བའི་གོམས་གཤིས་ནི་དུས་རབས་12བར་ལོ་རྒྱུས་ཀྱི་ཁུངས་དེད་ཆོག་པ་དང་། དེ་ཡང་དུས་རབས་དཀྱིལ་མའི་ཡོ་རོབ་རིག་གནས་ཀྱི་ཆེས་མཐའ་མཇུག་གི་ལྷག་འཕྲོ་རེད། 

    པར་ལེན་མཁན་གྱིས་བསྟན་དོན། "འདི་ནི་སྟབས་བདེ་ཐབས་ཆག་གི་འཚོ་བ་རོལ་སྟངས་ཤིག་མིན་པ་དང་། བདག་གིས་པར་རིས་འདི་དག་ལ་བལྟས་རྗེས་གཞན་ལ་ཤེས་སུ་འཇུག་འདོད་པ་ནི། ལྟ་ཚུལ་མི་གཅིག་པའི་འཚོ་བ་རོལ་སྟངས་བརྒྱུད་དེ། བདེ་སྐྱིད་ཀྱི་འབྱུང་ཁུངས་ནི་ང་ཚོ་རང་ཉིད་འབའ་ཞིག་ལ་རག་ལས་པ་ལས། ང་ཚོའི་ཁོར་ཡུག་གི་དངོས་པོ་དེ་དག་མིན་པར་ཡིད་ཆེས་བྱེད་པ་དེ་ཡིན།"

    གྲོང་ཚོའི་སྡོད་དམངས། 

    གྲོང་ཚོའི་སྡོད་དམངས། 

    འདི་ནི་སྤྱི་ཟླ་12བར་ལོ་མ་ནེ་ཡ་རུ། མི་རྣམས་ཀྱིས་ཧ་ཅང་འཁྱོལ་དཀའ་བའི་དགུན་དུས་ཀྱི་ཉི་མ་ཕུད་ཐབས་བྱེད་བཞིན་ཡོད་པ་རེད།

    གྲོང་ཚོའི་སྡོད་དམངས། 

    གྲོང་ཚོའི་སྡོད་དམངས། 

    གྲོང་ཚོའི་སྡོད་དམངས།

    ཡུམ་ཆེན་ཞིག་གིས་རང་གི་བུ་ལ་སྲོལ་རྒྱུན་དུས་སྟོན་གྱི་གོས་ལྭ་གྲ་སྒྲིག་བྱེད་བཞིན་པ། རབས་གང་ཞིག་གི་མི་ཡིན་ནའང་གཅིག་མཚུངས་ཡིན།

    གྲོང་ཚོའི་སྡོད་དམངས། 

    འདི་ནི་དེང་རབས་ལུས་རྩལ་བའི་དོར་མ་གྱོན་པའི་བུ་ཆུང་ཞིག་རེད། གྲོང་ཚོ་ནང་དུ། གང་ལྟར་དེང་རབས་ཀྱི་ཤེས་རིག་ཀྱང་སླེབས་བཞིན་ཡོད།

ཡིག་སྒྱུར་བ་དང་གསར་འགྱུར་མཁོ་སྤྲོད་པ།  གསེར་ལག་འཇམ་དབྱངས་ཚུལ་ཁྲིམས། 


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ། ཨ་བུ་འབྲོང་།



སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། c91f བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23532002
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།