ཀྲུང་གོའི་ཁེ་ལས་པ་གྲགས་ཅན་མ་ཡེན་གྱི་བསླབ་བྱ།
མ་ཡེན་གྱིས་བཤད་རྒྱུར། ཅི་ཞིག་ལ་ཁྱོད་མི་ཧ་ཅང་ཕལ་བ་ཞིག་ཡིན་པ་རེད། རྒྱུ་མཚན་ནི་བདག་གིས་ལག་པ་འགུལ་ནས་བསྒྲུབ་དུས། ཁྱོད་ཀྱིས་ལྟད་མོ་བལྟས་ནས་བསྡད་འདུག་པ་དང་། བདག་གིས་སྔར་བཞིན་འབད་བརྩོན་ངང་ནས་བསྒྲུབ་དུས། ཁྱེད་ཀྱིས་སྔར་བཞིན་ལྟད་མོ་བལྟས་ནས་བསྡད་ཡོད་པས་སོ།
བདག་གིས་སྒྲུབ། ཁྱོད་ཀྱིས་ལྟ : བདག་གིས་ཟླ་བ་གཅིག་ལ་ལས་ཀ་སྒྲུབ། ཡར་སྐྱེད་ཅུང་ཙམ་ཡང་ཐོན་མེད། ཁྱོད་ཀྱིས་ང་ལ་བཤད་རྒྱུར། ད་དེ་སྐྱུར་ཞོག དེ་ལས་ལྷོད་གཡེང་ཅུང་ཙམ་བྱས་ན་བཟང་ནི་རེད་ཟེར།
བདག་གིས་སྒྲུབ། ཁྱོད་ཀྱིས་ལྟ: བདག་གིས་ཟླ་བ་གཉིས་ལ་ལས་ཀ་སྒྲུབ། ཟླ་བ་གཉིས་ལ་གང་ཡང་མ་ཐོབ། ཁྱོད་ཀྱིས་ང་ལ་བཤད་རྒྱུར"སྔོན་ཞིག་ནས་ཁྱོད་ལ་དེ་མ་སྒྲུབ་ཟེར་ཡོད་མོད"ཟེར། (འཕྱ་སྨོད་དང་ཟུར་ཟ་འདྲེས་མ)
བདག་གིས་ད་རུང་སྒྲུབ། ཁྱོད་ཀྱིས་ད་དུང་ལྟ: ཟླ་བ་གསུམ་པ་ལ་ད་བཟོད་མགྲོན་པོ་ཞིག་གིས་བདག་གི་ཐོན་རྫས་གཅིག་ཉོས་ནས་ཚོད་ལྟ་བྱས། ཁྱོད་ཀྱིས་ང་ལ" ཟླ་བ་གསུམ་ལ་ལས་ཀ་གཉེར་ནས་ཐོན་རྫས་གཅིག་ཙམ་བཙོང་ཐུབ་སོང་། སྒོར་མོ་མེད་པ་མ་ཟད། ད་རུང་དཀའ་ལས་ཧ་ཅང་ཆེ།དེ་ལས་བསྐྱུར་ཞོག་དང་འགྲིག་འདུག"ཞེས་བཤད།
ཟླ་བ་གསུམ་གྱི་ནང་དུ་བདག་གི་ཕྱི་རོལ་ཏུ་མགྲོན་པོ་ཡར་མར་རྒྱུགས ཁྱོད་ཀྱིས་རང་ཁྱིམ་དུ་བརྙན་འཕྲིན་ལ་ལྟ་བ་དང་། རྩེད་ཆས་རྩེ་བ། དྲ་འཇུག་བྱེད་པ། མི་གཞན་དག་བཟང་ངན་གྱི་དཔྱད་འརྗོད་བྱེད་པ། སྐར་གྲགས(明星)ཚོའི་ཁྱད་ཆོས་བརྗོད་པ ནམ་ཞིག་ལ་རང་ཉིད་ལ་སྒོར་མོ་མང་པོ་ཞིག་ཡོད་པའི་རྨི་ལམ་རྨི་བཞིན།......
བདག་གིས་སྔར་བཞིན་སྒྲུབ། ཁྱོད་ཀྱིས་སྔར་བཞིན་ལྟ། དེ་ལྟར་ལོ་གཅིག་ལ་རྒྱུན་བསྐྱངས་པས། བདག་གིས་སྒོར་མོ་གཅིག་ཀྱང་ལོན་མེད་པ་མ་ཟད། ཁྱོད་དང་བསྡུར་ན་ཁྱད་པར་ཆེན་པོ་མེད། དེ་ལྟར་ཡང་ལོ་གཅིག་སོང་། བདག་གིས་ད་རུང་སྒྲུབ། ཁྱོད་ཀྱིས་སྔར་བཞིན་ལྟ། ཁྱོད་ཀྱིས་བཤད་ན" ང་རྒྱུ་ཐོག་ལ་རྒྱབ་རྗེས་ད་བཟོད་ཁྱོད་ཀྱིས་སྒྲུབ"ཟེར།
བདག་གིས་སྒྲུབ། ཁྱོད་ཀྱིས་ལྟ: དེ་ལྟར་ཡང་ལོ་གཅིག་སོང་། བདག་གིས་འཇེམ་འཁོར་ཞིག(轿车)བསྐོར་ནས་ཁྱོད་ལ་ཚོང་ལས་དེ་མི་ཆོག་རྒྱུ་མེད་ཀི་ཟེར་ས་ཡོང་དུས། ཁྱོད་ཀྱིས་ང་ལ་ཁྱེད་རང་ཧ་ཅང་ངར་ཀི ངས་ཁྱོད་ལ་ནུས་པ་དེ་ཡོད་རྒྱུ་མ་རེད་བསམ་མྱོང་ཟེར། ང་དགོད་ཞོར་དུ་ཁྱེད་ལ་ཟ་མ་ཞིག་མགྲོན་བསུ་བྱས་ཏེ་བུད་སོང་། བདག་གི་རྒྱལ་ཁ་དང་ཁྱོད་གཉིས་ཀྱི་བར་ལ་སྒོར་མོ་སྐར་མ་གང་གིས་ཀྱང་འབྲེལ་བ་མེད། ཁྱོད་ལ་རོགས་པ་དགོས་དུས་ཁྱོད་ཀྱིས་བདག་གི་ལག་པ་སྲིང་ཐབས་བྱེད།
བདག་གིས་སྒྲུབ། ཁྱོད་ཀྱིས་ལྟ : ཁྱོད་ཀྱིས་རང་གི་རང་ལ་ཅི་ཡང་སྒྲུབ་མི་འོས་པའི་གཏན་ཚིག་ཁྲི་མ་འབུམ་ཞིག་བཀོད། ལོ་གསུམ་གྱི་ནང་དུ་འཚོ་བ་རོལ་བ་ཧ་ཅང་སྐྱིད། ཡིན་ནའང་སེམས་པ་སྟོང་སང་སང་གི་ཚོར་སྣང་ཞིག་དང་། ཅི་ཡང་འགྲུབ་མེད་པའི་འདུ་ཤེས་ཤིག་ངང་གིས་སྐྱེས དེ་ལྟར་རང་ཉིད་མི་ཕལ་བ་ཞིག་ཏུ་གྱུར། ལོ་ན་40ལ་ཐོན། གློ་བུར་དུ་རང་ཉིད་ལས་ཀར་སོང་ནས་རང་གིས་ཁ་གསོ་དགོས་པ་དྲན། བུ་ཕྲུག་གིས་ཁང་བ་ཉོ་བྱེད་ལ་སྒོར་མོ་མཁོ །ཕ་མ་རྒས་གསོ་ལ་སྒོར་མོ་མཁོ། ན་ནས་སྨན་ཁང་དུ་སྡོད་དུས་སྒོར་མོ་མཁོ .............
སྐབས་དེར་བདག་གིས་ཁྱིམ་ཚང་གང་བོ་ཁྲིད་ནས་ཡུལ་སྐོར་ལ་འགྲོ་མགོ་བརྩམས། རེད་དེ་ཁྱོད་ཀྱིས་དེ་ཤེས་ཀྱིན་མེད། ང་རང་ཡུལ་སྐོར་ལ་བསྐྱོད་པའི་དུས་དེར། ཀུང་སིའི་སྒོར་མོ་སྔར་བཞིན་ཟླ་རེའི་ཡོང་སྒོ་བདག་གི་བྱང་བུ་རུ་ཐོན་བཞིན་ཡོད.........
དོན་ངོ་མར་མཇུག་འབྲས་ཡོད་ཚད་ནི: བདག་གིས་སྒྲུབ ཁྱོད་ཀྱིས་བལྟས།
རྩོམ་ཡིག་མཁོ་སྤྲོད་པ། གསར་འགོད་པ། སེར་སྐོར་འཇམ་ཚེ།
རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། འབའ་སྣང་གྲོལ། ཨ་བུ་འབྲོང་།
|