རྒན་གཞོན་གྱི་བརྩི་འཇོག་དང་གྲྭ་ཚང་གི་སྒྲིག་ལམ་བརྩི་རྒྱུ་ཐམས་ཅད་ཀྱིས་སེམས་ལ་ནན་ཏན་དུ་ཟུངས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 27 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགོན་སྡེའི་སློབ་གསོ། »རྒན་གཞོན་གྱི་བརྩི་འཇོག་དང་གྲྭ་ཚང་གི་སྒྲིག་ལམ་བརྩི་རྒྱུ་ཐམས་ཅ
རྒན་གཞོན་གྱི་བརྩི་འཇོག་དང་གྲྭ་ཚང་གི་སྒྲིག་ལམ་བརྩི་རྒྱུ་ཐམས་ཅད་ཀྱིས་སེམས་ལ་ནན་ཏན་དུ་ཟུངས།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2016-04-06ལྟ་ཀློག (13345)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

རྒན་གཞོན་གྱི་བརྩི་འཇོག་དང་གྲྭ་ཚང་གི་སྒྲིག་ལམ་བརྩི་རྒྱུ་ཐམས་ཅད་ཀྱིས་སེམས་ལ་ནན་ཏན་དུ་ཟུངས།


ཡོངས་ཀྱི་༧བཤེས་གཉེན་ཆེན་མོ་རྗེ་དགེ་འདུན་རྒྱ་མཚོ་ཚང་།

    གཞུང་ལ་ངེས་ཆ་གཏོང་རྒྱུ་དང་རྟོག་དཔྱོད་གནང་རྒྱུ་འདི་གལ་ཆེན་པོ་རེད། ཡུན་རིང་བོའི་བར་དུ་དཔེ་ཆ་བལྟས་ནས་དོན་ལ་དཔྱོད་པ་བྱེད་དགོས། དགེ་འདུན་པ་མང་བོ་དང་ལྷན་གཅིག་ཏུ་ཚོགས་ཆོས་གྲྭ་སོང་ནས་ཧུར་བརྩོན་བྱོས། སྤྱིར་ན་ཚོགས་ཆོས་གྲྭའི་དམ་བཅའ་ཡར་མར་ཕེབས་ན་བློ་སྐྱེད་ལེན་ཐུབ་ཀི་བཅུག ཀུན་སློང་ཡག་པ་ཞིག་གིས་སྒོ་ནས་ཁས་ལེན་ཟུངས། ལྷག་ཏུ་རྒན་གཞོན་གྱི་བརྩི་འཇོག་ཡོད་ནི་བྱོས། རྒན་གཞོན་གྱི་བརྩི་འཇོག་དང་གྲྭ་ཚང་གི་སྒྲིག་ལམ་ཚུལ་བཞིན་བརྩིས་ན་རང་གི་དམ་ཚིག་དང་སྡོམ་པའི་བསླབ་བྱ་དག་ཚུལ་བཞིན་བརྩིས་ཡོད་ནི་རེད། གྲྭ་ཚང་གི་སྒྲིག་ལམ་དང་བཅའ་ཡིག་འདི་ག་འདུལ་བའི་བསླབ་བྱ་ནས་ཚར་བྲིས་པ་ཤ་སྟག་རེད། དེ་ཡིན་བཏང་ན་སྒྲིག་ལམ་ཀུན་སྤྱོད་སོགས་གང་ཡག་ཡག་རེ་རྩིས། ཚོགས་ཆོས་རྭ་གང་གི་སྐབས་ཡིན་ན་དགེ་འདུན་པ་མང་བོ་དང་ལྷན་གཅིག་ཏུ་སྨོན་ལམ་ཚིག་བཞི་རེ་གསུང་རྒྱུ་བྱུང་བ་འདིའི་ཡན་ཆོད་རང་ངོས་ནས་སྐལ་བ་ལྡན་སོང་སྙོམས། དེ་ལྟར་བཟང་བའི་སྒོ་ནས་བསྡད་ན། རང་གིས་སྨོན་ལམ་འདེབས་ཤེས་ཀྱང་རུང་མ་ཤེས་རུང་། དགེ་འདུན་པ་མང་བོ་དང་ལྷན་གཅིག་ཏུ་སློན་ལམ་རེ་འདེབས་རྒྱུ་བྱུང་བ་བསྐལ་བ་བཟང་བོ་རེད། དེ་མིན་དགེ་རྩ་ཕྲན་ཚེགས་རེ་བསགས་པ་འདི་སངས་རྒྱས་བྱང་སེམས་སོགས་ཀྱི་སྨོན་ལམ་འགྲུབ་པའི་རྒྱུ་རུ་འགྱུར་ཞིག་བསམ་ནས་བསྡད་ན། སངས་རྒྱས་བྱང་སེམས་སོགས་རང་རང་གི་སྨོན་ལམ་འགྲུབ་པ་ལ་དཀའ་ཚེགས་མེད་པར་བདེ་བླག་ཏུ་འགྲུབ་རྒྱུ་དེ་མོ་ཡོད་ནི་རེད། དེའི་སྟབས་ཀྱིས་ཀུན་སློང་གང་ཡག་ཡག་ཅིག་གིས་སྒོ་ནས་ཚོགས་ཆོས་གྲྭའི་འདོན་པ་གསུང་རྒྱུ་ཡོད་པ་དག་གསུངས། གསུང་རྒྱུ་མེད་ནའང་གྲྭ་ཚང་གི་སྒྲིག་མ་ཞིག་པར་སྤྱོད་ལམ་མཐུན་པོ་བྱས་ནས་ཡག་པོར་བཞུགས། འདིའི་ནང་ན་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་བ་ཡོད་མེད་དོགས་པ་ཡོད་ནི་མ་རེད། དེ་ཡིན་ན་དེ་དག་གིས་སྨོན་ལམ་གང་བཏབ་ན་ཅི་བསམ་འགྲུབ་པའི་རྒྱུ་རུ་འགྱུར་ནི་རེད། དེ་ཚོ་སེམས་ལ་ཟུངས། 

           དེའི་འཕྲོར་ང་རྒྱལ་དེ་སྐྱེ་མི་ཉན། ང་རྒྱལ་སྐྱེས་ན་སྲུང་མ་གཏན་ནས་མི་དགའ། སྲུང་མ་ཚོ་མ་དགའ་ན་རང་ཐོག་ཏུ་མི་འདོད་པའི་སྒོ་སྣ་ཚོགས་ནས་སྣ་ཚོགས་ཡོང་རྒྱུ་ཡོད། ཨ་ཁུ་གཤེགས་པོས་དེ་ལྟར་གསུངས། ང་ཚོ་གཞུང་ན་ཡོད་དུས་ང་རྒྱལ་ཆེ་ནི་རེད། འཛིན་གྲྭ་གཏུག་དུས་ཤིག་ལ། ནངས་ཀ་གཏུག་དགོས་རྒྱུ་ན་དེ་རིང་ཕྱི་དྲོར་སོང་ནས་ཚུར་བརྩད་མྱོང་བའི་རྟགས་གསལ་དེ་ཕྱིར་རྫོགས་རྒྱུ་ཟེར་ནས་ཁོ་ཚོའི་ནང་གི་མི་གཉིས་ཕེབས་སུ་མ་བཅུག་པར་ཁོང་དང་མི་གཞན་པ་གཉིས་ཚབ་ཏུ་སོང་ནས་རྟགས་གསལ་བསྒྲིགས། དགོང་མོར་འདང་རྒྱབ། ཡིག་ཆ་དང་རིགས་ལམ་འགྲོ་བ་ཤ་སྟག་བྱས་ནས་འཁྲིགས་སེ་བཞག དངོས་གཞི་ཉིན་ལ་ཡར་བཞེངས་ནས་ཐལ་སྐད་ཅིག་བཏང་དུས་ན། ཅི་ཡང་མ་ཤར་བར་ནག་ཐུམ་མེར་སོང་ནས་ཚིག་གཅིག་ཡིད་ལ་མ་ཤར། རྟགས་གསལ་ཕྱིར་རྫོགས་རྒྱུ་ཟེར་ནས་ཡར་ལངས་ཡོད་ནི་རད། དེའི་འཕྲོར་དབུགས་ལེན་རྒྱུ་ཙམ་མ་བྱུང་བས་དགྲ་ལོགས་ཚོས་ཧབ་ཆ་བྱས། བཀའ་རིམས་ཀྱིས་རིགས་ལོངས་བཏང་། མཚམས་ཤིག་ནས་ཅི་བྱེད་དགོས་མིན་མ་ཤེས་པར་ཁོའི་རོགས་པས་རྟགས་གསལ་གྱི་འགོ་རྔ་མ་རེ་ཅུང་ཙམ་ཤེས་རྒྱུ་རེད་བསམ་ནས་ཕྱིར་འཛིན་གྲྭའི་མདུན་སར་ཡོང་ནས་ངའི་རྟགས་གསལ་འགོ་ཅི་ཡིན་ཐ་ཟེར་ནས་དྲིས་དུས་ཁོས་ཀྱང་མི་ཤེས་ཟེར། ད་ཁོ་ཆད་སོང་བས་ནམ་རྒྱུན་ཆོས་གྲྭའི་ནང་གི་རྟགས་གསལ་ཞིག་བརྩད་བསམ་ནས་ཕྱིར་ཡོང་བའི་བར་དེ་ནས་འགོ་རྙེད་ད། ང་རྒྱལ་སྐྱེ་མི་ཉན་ཁོ་ཐག་ཡིན། སྲུང་མས་སེམས་བསྒྲིབས་བཞག་རྒྱུ་ཡོད་ད། དེ་མིན་ན་མཚན་གང་བོར་འདང་རྒྱབ་ནི་རེད། མར་ཡིག་ཆ་དང་རིགས་པ་ཁ་ཚང་བོ་མ་ཡོང་ན་ཁྱབ་འགོ་ཡོང་ན་ཆོག་གི་མོད། སེམས་བསྒྲིབས་བཏང་ནས་མི་ཉན། ད་རུང་ན་རྒྱུ་སོགས་མང་བོ་ཡོང་བས་ང་རྒྱལ་གཏན་ནས་སྐྱེ་མི་ཉན། དེ་ཟེར་ནས་ང་ལ་ཁ་བརྡ་སློབ་སྟོན་ཡང་དང་ཡང་གནངས། ཐམས་ཅད་ཀྱིས་དེ་ཚོ་སེམས་ལ་ཟུངས།
            རྒན་གཞོན་གྱི་བརྩི་འཇོག་འདི་ཡོད་ན་གྲྭ་ཚང་འདིའི་སྤྱོད་ལམ་གང་ཡག་ཡག་རེ་ཡོང་རྒྱུ་ཡིན་པར་མ་ཟད། ཞི་ཞིང་དུལ་བ་ཞིག་ཏུ་ལོགས་ནི་རེད། སྲང་བར་ཡར་མར་ཕེབས་ནས་གྲྭ་བ་རྒན་པ་ཞིག་ལ་ཐུག་བཏང་ན། ཞྭ་ཕབ་གཟན་ཕབ་རེ་བྱོས། དེ་མིན་ལམ་རེ་གཟུར་བཏང་ན་རང་ལ་ཁེ་བཟང་མ་གཏོགས་གྱོང་རག་རྒྱུ་མེད། དེ་བྱེད་ནས་གྲྭ་ཚང་གི་སྒྲིག་ལམ་ཀུན་སྤྱོད་འདི་ཡག་པ་ཞིག་བརྩི་རྒྱུ་བྱོས། 
   དེའི་འཕྲོར་ཆོས་གྲྭའི་རྩོད་པའི་སྐབས་གང་ཡིན་ནའང་ཁ་ནས་ཚིག་རྩུབ་ཅིག་གཏན་ནས་མ་བཤད། སྤྱིར་ན་རྩོད་པ་བྱེད་ཚུལ་དེ་ལྟར་གསུང་གི་ཡོད་ད་མོད། རྩོད་པས་བསྟན་པ་འཛིན་པར་གསུངས་པ་ཡང་། །རང་གཞན་གྲུབ་མཐའི་གཞུང་ལུགས་ཀུན་ཤེས་ནས། །ཕ་རོལ་བ་དག་ལམ་ལ་འགོད་པའི་ཕྱིར། །ལྟ་ངན་རིགས་པའི་ལམ་ལ་འགོད་པ་ཡིན། །དེ་ཟེར། དེ་མིན་རང་ཉིད་མཐོ་འདོད། ཕ་རོལ་བ་དམན་འདོད། གཡོ་སྒྱུ། ངན་སེམས། ཚིག་རྩུབ། ངག་འཆལ་སྣ་ཚོགས་སྨྲས་པའི་རྣམ་སྨིན་བུ་སྟོན་རིན་ཆེན་གྲུབ་ཀྱིས་གསུངས། །
           ད་དམྱལ་བའི་སྒོ་ཞིག་ཕྱེ་དགོས་དོན་མེད་ཀི མི་དགེ་བའི་བྱ་བ་ངོ་བོ་རྒྱུན་མ་ཆད་པར་བསགས་ཀྱིན་ཡོད་ཀི དེ་ལས་ལྷག་པའི་དམྱལ་བའི་སྒོ་ཕྱེ་དགོས་དོན་མེད་ཀི རང་ཅག་གིས་འདི་ན་ཆོས་ཤིག་རྩོད་ཀྱིན་ཡོད་པ་འདི་ཉོན་མོངས་དུག་གསུམ་གྱི་མགོ་གནོད་པའི་ཆེད་དང་། ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་ཆེད་དུ་ཡིན་པས་སེམས་ལ་ཟུངས། ཐོག་མར་ཐལ་སྐད་བཏང་བའི་ཕྱག་རྒྱ་འདིས་ཀྱང་རྟགས་གསལ་གཏོང་བའི་ཀུན་སློང་གསལ་འདེབས་པ་རེད། 
            སྔར་ཡིན་ན་དགེ་བཤེས་རྒན་པ་དེ་ཚོ་མར་ཞུས་ནས་རྟགས་གསལ་གཏོང་ལུགས་དང་ཐལ་མོ་རྡེབ་སྟངས་སོགས་བསླབ། དེའི་ཕྱག་ལེན་ཕྲ་ཞིང་ཞིབ་པ་དབལ་མང་པཎ་ཊ་ཏའི་རྩོད་ཡིག་ན་བྲིས་ཡོད། དེང་སང་ལག་ཏུ་དཔེ་ཆ་རག་གི་མོད་སོང་ནས་ལྟོས་ན་ཆོག་གི ལག་པ་གཡོན་པ་ཁ་སྦུབ་ནས་འདི་བྱེད་ཀྱིན་ཡོད་པ་རང་གཞན་ཐམས་ཅད་ཀྱི་ངན་སོང་གི་སྐྱེ་སྒོ་གཅོད་ཀྱིན་ཡོད་པའི་མཚོན་རྟགས་སམ་ཡིད་ལ་དེ་ལྟར་དྲན་པའི་ཆེད་རེད། གཡས་པ་འདི་བྱེད་ཀྱིན་ཡོད་པ་འདི་སེམས་ཅན་ཐར་ལམ་དུ་འདྲེན་པའི་རྟགས་སམ་དེ་ལྟར་དྲན་པའི་ཆེད་དུ་རེད། དེ་མིན་ཚོགས་གླེང་གི་སྐབས་ཡིན་ན་ཐོག་མར་རྒན་པ་བས་རང་ཅག་གཉིས་ཀྱིས་རྒྱལ་བའི་དགོངས་དོན་གཏན་ལ་ཕབ་པ་ལ་ཆོས་ཅན། དགོས་པ་ཡོད་དེ། ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་ཕྱིར་ཟེར་བ་ལ། གསར་བ་བོས་འདོད་ཟེར་བའི་རྒྱུ་མཚན་ཀུན་སློང་ངན་པ་ཡོད་ན་དེ་བཅོས་པའི་ཆེད་རེད། 
            དེ་ལྟར་སོམས་ནས་ཚིག་རྩུབ་ཅིག་གཏན་ནས་མ་བཤད། གཞན་ལ་རྟགས་གསལ་ཞིག་བཏང་ན་ཚིག་རྩུབ་བཤད་ན་ཕ་རོལ་བས་ལྷག་པར་ཁས་ལེན་དམ་པོར་བཟུང་ནས་ཕྱིར་ཕུད་ནི་མ་རེད། མིན་ན་ཡིན་ཟེར་ནས་བསྡད་བཞག་རྒྱུ་རེད། དེ་བྱེད་ན་དགོས་པ་ཁྱོན་ནས་མེད་ཀི་མོད། རང་ལ་རིགས་ལམ་ཐུན་མོང་མ་ཡིན་པ་རེ་ཡོད་ན་ཁོང་ཁྲོ་ལངས་ནས་ཅི་བྱེད་རྒྱུ། དེ་ཐུན་མོང་མ་ཡིན་པ་རེ་ཡོད་ན། དེ་འཕངས་ནས་ཕ་རོལ་བར་གནོད་བྱེད་འུ་ཐོན་གི་ལྟོས་ན་བཟང་གི སྤྲོ་གསེང་བའི་སྒོ་ནས་བརྩད་ན་རང་གཞན་གཉིས་ཀར་སྐྱིད་པོ་ཞིག་ཡིན་ནི་རེད། དེ་ལྟར་ཡིན་ན་རང་གཞན་གཉིས་ཀས་རྩོད་པ་བྱེད་པ་དེ་ཆོས་སུ་འགྲོ དེའི་རིགས་ཚང་མས་ཐུགས་ལ་ཟུངས། མདོར་དྲིལ་ན་རྒན་གཞོན་གྱི་བརྩི་འཇོག གྲྭ་ཚང་གི་སྒྲིག་ལམ་ཀུན་སྤྱོད། བླ་མ་ལས་སྣར་བརྩི་རྒྱུ་ཐམས་ཅད་ཀྱིས་སེམས་ལ་ནན་ཏན་དུ་ཟུངས། 

རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ། ཨ་བུ་འབྲོང་།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། a7yd བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23543448
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།