ནང་བསྟན་རྒྱུན་ཤེས།༡༧
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 27 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྒྱུན་ཤེས།» རིག་གནས་རྒྱུན་ཤེས། »ནང་བསྟན་རྒྱུན་ཤེས།༡༧
ནང་བསྟན་རྒྱུན་ཤེས།༡༧
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2016-04-04ལྟ་ཀློག (4139)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ནང་བསྟན་རྒྱུན་ཤེས།༡༧

མཛད་པ་བོ། དགེ་རྒན་ཤེས་རབ་བསྟན་དར།


༡༩༡ དེང་གི་སྤྲུལ་སྐུ་ལ་ལས་སྤྱོད་པ་ཧ་ཅང་ངན་པས་དད་པ་མ་བྱས་ན་ཨེ་ཆོག

ལན། ང་ཚོས་སྤྲུལ་སྐུ་དག་ལ་བླ་མ་ཞེས་འབོད་པ་དེ་མ་དག་པ་ཞིག་སྟེ་དེ་ལ་ཆོས་འབྲེལ་མེད་ན་དད་པ་བྱེད་དོན་ཅི་ཡང་མེད། ཡིན་ནའང་ཆོས་འབྲེལ་ཡོད་བཞིན་དུ་དད་ལོག་བྱེད་པ་ནི་རང་ཉིད་དམྱལ་བར་སྐྱེ་བའི་རྒྱུ་འབའ་ཞིག་ཡིན་ནོ། །

༡༩༢ དེང་གར་ཡོང་མི་ཤེས་པའི་གྲུབ་ཐོབ་ཡིན་ཟེར་མཁན་མང་བ་དེའི་རྒྱུ་མཚན་ཅི་ཡིན།

ལན། དེ་དག་མགོ་སྐོར་མཁན་ཡིན་ཏེ་གྲུབ་ཐོབ་ཅིག་གིས་རྒྱུས་མེད་མི་དག་ལ་ང་རང་གྲུབ་ཐོབ་ཡིན་གཏན་ནས་མི་ཟེར་ཏེ་རང་བསྟོད་བྱེད་མཁན་ཞིག་ཡིན་ན་དེ་བཟང་བོ་ཞིག་མིན་པས་དེ་དག་གི་མགོ་སྐོར་ཀྱི་འོག་ཏུ་མི་ཚུད་པ་ནི་ཤིན་ཏུ་གལ་ཆེའོ། །

༡༩༣ མི་དང་དུད་འགྲོ་གཉིས་ཀྱི་ཁྱད་པར་ཅི།

ལན། ལངས་ནས་འགྲོ་བ་དང་སྐད་ཆ་བཤད་ཤེས་པ་ནི་མི་དང་དུད་འགྲོའི་ཁྱད་པར་མིན་ལ། རང་དོན་བསམ་ཤེས་པའང་མི་དང་དུད་འགྲོའི་ཁྱད་པར་མིན། མི་དང་དུད་འགྲོའི་ཁྱད་པར་སེམས་པ་བཟང་ངན་གྱིས་བྱེད་དགོས་ལ་དགེ་བའི་བྱ་བ་སྟེ་གཞན་དོན་བསྒྲུབ་ཤེས་མིན་དེ་ཡིན་ནོ། །

༡༩༤ མི་ལུས་ཐོབ་དཀོན་ན་དེང་སང་ཇེ་མང་ཡིན་པའི་རྒྱུ་མཚན་ཅི།

ལན། མི་ལུས་ཐོབ་པ་དཀོན་ན་ཡང་ཀླ་ཀློ་དང་དད་པ་མེད་པ་སོགས་ཀྱི་མི་ལུས་དེ་ཙམ་མི་དཀའ་ལ་ཆོས་སྒྲུབ་པའི་མཐུན་རྐྱེན་ཚང་བའི་མི་ལུས་ཐོབ་པ་ཤིན་ཏུ་དཀའ་འོ། །

༡༩༥ ཆོས་ཀྱི་ནང་དུ་བུད་མེད་བདུད་ཡིན་པར་བཤད་ཡོད་དམ།

ལན། བུད་མེད་བདུད་ཡིན་པར་བཤད་ཡོད་དེ་སྐྱེས་པའང་བདུད་ཡིན་པར་བཤད་ཡོད། དེ་ནི་སྐྱེས་པ་ཞིག་ཆོས་སྒྲུབ་པ་ལ་བུད་མེད་ལ་ཆགས་ན་དེའི་བར་ཆད་དུ་འགྲོ་བས་བདུད་དུ་བཤད་པ་ཡིན་པས་ལས་སྤྱིར་དེ་དག་བདུད་དུ་བཤད་པ་མིན་ལ་དེ་བཞིན་བུད་མེད་ཅིག་ཆོས་སྒྲུབ་པར་སྐྱེས་པ་ལ་ཆགས་ནའང་ཆོས་ཀྱི་བར་ཆད་དུ་འགྲོ་བས་བདུད་དུ་བཤད་པ་ཡིན་ནོ། །

༡༩༦ ནང་བས་བུད་མེད་ལ་མཐོང་ཆུང་བྱེད་དམ།

ལན། མི་བྱེད་དེ་ནང་ཆོས་སུ་བུད་མེད་ལ་དམོད་ན་ལྟུང་བ་ཆེན་པོ་བྱུང་བ་སྐྱེས་པ་ལ་དམོད་ན་དེ་ལྟར་མི་འབྱུང་བ་ནི་བུད་མེད་ལ་སྐྱེས་པ་ལས་ཀྱང་ལྷག་པར་མཐོང་ཆེན་བྱེད་པའི་རྟགས་ཡིན་ནོ། །

༡༩༧ བུད་མེད་དང་སྐྱེས་པ་གཉིས་ཆོས་བསྒྲུབ་ན་འདྲ་འདྲ་ཡིན་ནམ།

ལན། ལྷག་པར་བུད་མེད་ལ་སྙིང་རྗེ་ཆེ་བས་སྐྱེས་པ་ལས་ས་ཆོད་ཆེ་བ་ཡིན་ནོ། །

༡༩༨ ཤིང་ཚེ་ཐར་ལ་གཏང་ཆོག་གམ།

ལན། ཤིང་ལ་ཚེ་མེད་པས་ཚེ་ཐར་གཏོང་ཚུལ་གཏན་ནས་མེད་མོད་སྲུང་སྐྱོབ་བྱེད་པ་ཤིན་ཏུ་གལ་ཆེའོ། །

༡༩༩ ཚེ་ཐར་གཏོང་དུས་བཙོང་ན་རིན་མི་ལེན། བཤས་ན་ཤ་མི་ཟ་ཟེར་བ་འགྲིག་གམ།

ལན། ཚེ་ཐར་གཏོང་དུས་བཤའ་མི་རུང་ལ་བཤས་ན་ཚེ་ཐར་དུ་བཏང་བ་མེད་པ་ཡིན་ལ་བཙོང་མི་རུང་ལ་བཙོང་ན་ཕ་རོལ་བས་མི་བཤའ་བའི་ངེས་པ་མེད་པས་སོ། །

༢༠༠ ཚེ་ཐར་གྱི་སྲོག་ཆགས་ཤི་ན་དེའི་ཤ་ཟོས་ན་ཆོག་གམ།

ལན། དེ་ཁྱོད་ཀྱིས་བསད་པའི་ཤ་མ་ཡིན་པས་ཟོས་ན་ཉེས་པ་གང་ཡང་མི་འབྱུང་། དེ་གསོན་དུས་བལ་ལ་སོགས་པ་ཡང་བླངས་ནས་སྤྱད་དུ་རུང་ངོ་། །


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། བན་ཤུལ་འཇམ་དབྱངས། འབའ་སྣང་གྲོལ། 

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། nkdr བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23542931
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།