​ཀུ་ཤུ་འདི་ཅིས་ཀྱང་ཚ་ལུ་མར་བསྒྱུར་དགོས་སམ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» འབོལ་རྩོམ། »​ཀུ་ཤུ་འདི་ཅིས་ཀྱང་ཚ་ལུ་མར་བསྒྱུར་དགོས་སམ།
​ཀུ་ཤུ་འདི་ཅིས་ཀྱང་ཚ་ལུ་མར་བསྒྱུར་དགོས་སམ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2016-03-31ལྟ་ཀློག (3993)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


ཀུ་ཤུ་འདི་ཅིས་ཀྱང་ཚ་ལུ་མར་བསྒྱུར་དགོས་སམ། 

གྱི་ལིང་འཇིགས་མེད།

    སྤྱིར་བཏང་རིག་གཞུང་ཞིབ་འཇུག་གི་དམིགས་ཡུལ་ནི་རིག་གཞུང་དེའི་ངོ་བོ་དངོས་ལ་རྒྱུས་ལེན་པ་དང་། དེའི་ལེགས་ཆ་དར་སྤེལ། ཉེས་སྐྱོན་བཅོས་སྒྱུར་གྱི་ཆེད་དུ་ཡིན་དགོས་ལ། དེ་ནི་འཛམ་བུ་གླིང་གི་རིག་གཞུང་ཞིབ་འཇུག་པ་ཐུན་མོང་གིས་མཁྱེན་གསལ་གྱི་གནད་དོན་ཞིག་རེད། འོན་ཀྱང་ད་ལྟ་ང་ཚོའི་བོད་ཀྱི་རིག་གཞུང་ཞིབ་འཇུག་འདི་ལ་གནད་དོན་མང་བོ་ཞིག་འབྱུང་བཞིན་འདུག  ང་ཚོའི་རིག་གཞུང་འདི་ལ་རྒྱལ་སྤྱིའི་སྟེང་ནའང་རྒྱལ་སྤྱིའི་བོད་རིག་པ་ཞིབ་འཇུག་གི་སྡེ་ཁག་དང་མཁས་པ་གང་མང་ཞིག་ཡོད་ལ། དེ་བཞིན་དུ་རྒྱལ་ནང་དུའང་ཞིབ་འཇུག་གི་སྡེ་ཁག་དང་ཞིབ་འཇུག་པ་གང་མང་ཡོད། འོན་ཀྱང་ཕྱི་རྒྱལ་གྱི་ཞིབ་འཇུག་པ་མང་ཤོས་ཀྱིས་ང་ཚོར་ཞིབ་འཇུག་བྱེད་པའི་དམིགས་ཡུལ་ནི་ང་ཚོའི་རིག་གཞུང་ལ་ཞིབ་འཇུག་བྱས་ཏེ་ཁོ་ཚོའི་མཚར་སྣང་གི་དོགས་པ་མང་བོ་ཞིག་སེལ་བར་རེ་བ་བྱེད་ལ། རྒྱལ་ནང་གི་ཞིབ་འཇུག་པ་དག་ནི་མང་ཤོས་སྲིད་གཞུང་གི་ལས་བྱེད་པ་ཡིན་པས་རིག་གཞུང་དང་བདེན་དོན་ལ་བརྩི་བཀུར་བྱེད་མི་ཕོད། མདོར་ན་ཁོ་ཚོས་བོད་རིག་པ་ལ་ཞིབ་འཇུག་བྱེད་པའི་དམིགས་ཡུལ་ནི་བོད་ཀྱི་རིག་གཞུང་དེ་རིག་གཞུང་གཞན་ཞིག་གི་ངོ་བོར་བསྒྱུར་རྒྱུ་དེ་རེད། དེ་བས་ཀྱང་ཞིབ་འཇུག་པ་ལ་ལས་ང་ཚོའི་རིག་གནས་ཀྱི་ཁྱད་ཆོས་མང་བོ་ཞིག་ལ་"འདི་ཅི་ཡིན་ནམ་"ཞེས་ཞིབ་འཇུག་མི་བྱེད་པར། "འདི་ཅི་མ་ཉན་པ་རེད་དམ།"ཞེས་ཐད་ཀར་དམའ་འབེབ་དང་ཁྱད་གསོད་བྱེད། 

    ཆབ་སྲིད་ལོ་རྒྱུས་སྨྲ་བ་དང་ཆབ་སྲིད་རིག་གཞུང་སྨྲ་བ་དག་ལ་ཁྱད་ཆོས་ཤིག་ཡོད་པ་ནི་ཞིབ་འཇུག་མ་བྱས་གོང་ལ་གྲུབ་དོན་རྙེད་ཡོད་པ་དེ་རེད། དཔེར་ན་བོད་ཀྱི་སྤྱི་ཚོགས་རྙིང་བ་ནི་ཆོས་སྲིད་ཆིག་སྒྲིལ་ལམ་ལུགས་རྙིང་བའི་འོག་ན་གནས་ཡོད་ཅེས་པའི་གྲུབ་དོན་དེ་ཁོ་ཚོས་སྔར་ནས་རྙེད་ཡོད་པས། ཁོ་ཚོའི་ཞིབ་འཇུག་གི་དམིགས་ཡུལ་ཡང་སྔར་གྱི་གྲུབ་དོན་དེ་ལ་བདེན་དཔང་འཚོལ་རྒྱུའི་སྟེང་ན་ཡོད། དེ་བས་ཞིབ་འཇུག་གི་བརྒྱུད་རིམ་དང་གནད་དོན་མི་གཙོ་བར་རང་གི་ལྟ་ཕྱོགས་གཙོ་བོར་འཛིན། བོད་ལྗོངས་ཞིབ་འཇུག་དང་ཀྲུང་གོའི་བོད་རིག་པ་གཉིས་ནི་བོད་ནང་གི་བོད་རིག་པ་ཞིབ་འཇུག་གི་ཆེད་དེབ་གྲགས་ཅན་གཉིས་རེད། འོན་ཀྱང་དེ་གཉིས་ཀྱིས་དུས་ནམ་ཡང་ལོ་རྒྱུས་དང་ཆབ་སྲིད་ཀྱི་གནད་དོན་ཨང་དང་བོར་བཞག་ཡོད་པ་ལས་རིག་གཞུང་གི་རིན་ཐང་དེ་གཙོ་བོར་བཞག་མེད། དེ་བས་དེབ་དེ་གཉིས་སུ་ཡུལ་སྲོལ་གོམས་གཤིས་དང་ཆོས་ལུགས་རིག་གནས་ཀྱི་ཆེད་སྒྲིག་ལེ་ཚན་ཡང་མེད། ད་སྐབས་ཚད་མ་རིག་པ་སོགས་རྒྱལ་སྤྱིའི་སྟེང་ན་དོ་སྣང་ཆེ་ཤོས་སུ་བརྩི་བའི་རིག་གཞུང་དེ་དག་གི་སྐོར་ལ་ཆེད་རྩོམ་རེ་གཉིས་སྤེལ་གྱིན་འདུག་མོད། དེ་ནི་དངོས་གནས་ས་བཅད་མ་སྟོང་བ་ཙམ་རེད། མདོར་ན་ངས་བཤད་འདོད་པ་ནི་ད་སྔ་རྒྱལ་ཕྱི་ནང་གི་བོད་རིག་པ་ཞིབ་འཇུག་པ་མང་ཤོས་ཀྱིས་བོད་ཅེས་པ་དོན་དངོས་སུ་ཅི་འདྲ་ཞིག་ཡིན་པ་དེ་གཏན་ནས་ཤེས་ཀྱི་མི་འདུག ཐ་ན་བོད་རང་གི་ཡོན་ཏན་པ་མང་བོས་ཀྱང་རང་ཉིད་སུ་ཡིན་པ་དེ་ངོ་ཤེས་མི་འདུག  དེ་ནི་གཙོ་བོ་ང་ཚོས་རིག་གཞུང་ཞིབ་འཇུག་གི་ཁྲོད་ནས་གལ་ཆེ་བའི་ཞིབ་འཇུག་གི་ཁ་ཕྱོགས་དེ་དོར་བས་རེད། 

    ད་ལྟ་འཛམ་བུ་གླིང་གི་མིས་བོད་མི་རིགས་ངོ་ཤེས་དགོས་ན་ང་ཚོའི་རིག་གནས་ཀྱི་སྟེང་ནས་ངོ་ཤེས་དགོས་པ་རེད། ངས་འདིར་བཤད་པ་ནི་ཡུལ་སྲོལ་གོམས་གཤིས་སོགས་ཁྱད་མཚར་བའི་རིག་གནས་དེ་དག་དང་དེས་མཚོན་པའི་མི་ལོ་སྟོང་གི་ལོ་རྒྱུས་ལྡན་པའི་ནང་བསྟན་རིག་གཞུང་ཡིན། འདིའི་ཕྱོགས་ནས་ང་ཚོ་ནི་འཛམ་བུའི་གླིང་གི་འགྲོ་བ་མིའི་སེམས་སུ་ད་དུང་ཡང་སྔར་བཞིན་ཆེས་གསང་བ་ལྐོག་གྱུར་གྱི་གནས་སུ་ལུས་ཡོད། ད་དུང་རྒྱལ་ནང་གི་ལས་བྱེད་པ་མང་བོ་དང་བོད་རང་གི་ན་གཞོན་དག་གི་སེམས་སུ་ཆེས་རྗེས་ལུས་དང་ཆེས་རྨོངས་དད་ཆེ་བའི་མི་རིགས་ཤིག་ཏུ་གྱུར་ཡོད། དེ་ནི་ཁོ་ཚོས་ང་ཚོར་ཞིབ་འཇུག་བྱེད་མ་ཐུབ་པའི་མཇུག་འབྲས་རེད། དཔེར་ན་རྒྱ་མི་རིགས་ཀྱིས་གནས་ནས་ད་ལྟའི་བར་ང་ཚོའི་ཕུང་བོ་བྱ་དུར་གྱི་ཆོ་ག་ལ་ངོ་རྒོལ་དང་དམའ་འབེབ་བྱེད་ལ། རྒྱལ་ནང་དུ་བོད་རིག་པར་ཞིབ་འཇུག་གི་ལས་ཀ་སྤེལ་ནས་མི་ལོ་བཅུ་ཕྲག་ཁ་ཤས་འགོར་ནའང་ད་དུང་འདུ་ཤེས་འདི་སྔར་གནས་ཡོད། དེ་ནི་ཁོ་ཚོས་དེ་ལ་གཏིང་ཟབ་པའི་རྒྱུས་མ་ལོན་པ་དང་། རིག་གཞིང་ཞིབ་འཇུག་པ་དག་གིས་ཀྱང་དེ་ཇི་བཞིན་ངོ་སྤྲོད་མ་ཐུབ་པས་རེད། དེ་ལྟ་བུའི་སྟེང་ནས་ཀྱང་མི་རིགས་ཕན་ཚུན་བར་ལྟ་ཚུལ་ངན་པ་དང་ཐ་ན་འགལ་བའང་འབྱུང་སྲིད་ལ། དེ་ནི་རིག་གཞིང་ཞིབ་འཇུག་གི་སྡེ་ཁག་གིས་མ་འདང་བའི་ས་རེད།

    སྐད་ཆ་སླ་མོར་བཤད་ན་ད་ལྟའི་ཞིབ་འཇུག་པ་མང་བོས་རང་གི་ལག་ཏུ་ཚ་ལུ་མ་ལྟ་བུའི་རང་གི་ལྟ་ཚུལ་ཞིག་བཟུང་སྟེ་ཀུ་ཤུ་ལྟ་བུའི་ང་ཚོར་དཔྱད་བརྗོད་བྱེད་ཅིང་། ཁོ་ཚོས་ཚ་ལུ་མ་ལས་གཞན་པའི་ཤིང་ཏོག་གི་ཁྱད་ཆོས་དང་དགེ་མཚན་མི་ཤེས་པས་ཐབས་བརྒྱ་ཇུས་སྟོང་གིས་ཀུ་ཤུ་འདི་ཚ་ལུ་མ་ཞིག་ཏུ་བསྒྱུར་བར་འབད་པ་བྱེད། དེ་བས་ང་ཚོས་རང་ཉིད་ཚ་ལུ་མ་དང་མི་འདྲ་བའི་ཁྱད་ཆོས་འདི་རང་གི་དགེ་མཚན་དུ་མཐོང་ནས་རང་ཉིད་ཀྱང་འཛམ་བུ་གླིང་གི་ཞིམ་མངར་ལྡན་པའི་ཤིང་ཏོག་ཁྱད་པར་བ་ཞིག་གི་གོ་སར་འགྲོ་ཐུབ་དགོས་ལ། བོད་རིག་པར་ཞིབ་འཇུག་བྱེད་པའི་དམིགས་ཡུལ་ཡང་འདི་ཡིན་འོས།   2016/3/30


རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 42t8 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  ​ཀུ་ཤུ་འདི་ཅིས་ཀྱང་ཚ་ལུ་མར་བསྒྱུར་དགོས་སམ།   སྤེལ་མཁན།: F སྤེལ་དུས:2016/3/31
ད་ཉོག་རེད།
viagra online coupon link free viagra samples coupon
sumial 40 sumial 10 precio sumial dosis
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23503078
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།