ཤ་རློན་ཟ་བའི་མི་རིགས་ཤིག
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» འོས་སྦྱོར་གླིང་། » ཤ་རློན་ཟ་བའི་མི་རིགས་ཤིག
ཤ་རློན་ཟ་བའི་མི་རིགས་ཤིག
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2016-03-28ལྟ་ཀློག (10652)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

        ཤ་རློན་ཟ་བའི་མི་རིགས་ཤིག

           2016-03-19    15:38:31

རྩོམ་སྒྱུར་བ་དང་མཁོ་སྤྲོད་གནང་མཁན་གསེར་ལག་འཇམ་དབྱངས་ཚུལ་ཁྲིམས། 


    ཟླ་3པའི་ཚེས་17ཉིན་སྤེལ་བའི་གསར་འགྱུར་ལྟར་ན། ཨུ་རུ་སུའི་པར་རྒྱག་མཁན་ཏི་མེ་ཐི་ལེ•ཐི་ཁཱ་ཆི་ཁི་༼Dmitry Tkachuk༽ཨུ་རུ་སུ་བྱང་ཕྱོགས་ཀྱི་ན་འདམ་གཞོང་གི་ཕྱུགས་ལས་མི་རིགས་ནེ་ནེ་ཚིའི་མི(涅涅茨人)རྣམས་དང་མཉམ་དུ་རུ་བ་གནས་སྤོས་པ་རེད། ཁོ་ཚོ་དང་མཉམ་དུ་ཉིན་ཤས་རིང་འཚོ་བ་རོལ་ཞིང་བརྙན་པར་ཀྱིས་འབྲོག་པའི་ཉིན་རྒྱུན་གྱི་འཚོ་བ་ཟིན་བྲིས་སུ་བཀོད་དེ། གནའ་བོའི་མི་རིགས་འདིའི་ངོ་མཚར་ལྐོག་གྱུར་གྱི་ངོ་གདོང་གི་སང་རས་ཀྱི་ཡོལ་བ་ཕྱེས་ཡོད།


    ཐི་ཁཱ་ཆི་ཁིས་མི་རིགས་འདིའི་རུ་བ་སྤོ་བའི་གོ་རིམ་ཁྲོད་ཁོ་རང་ཚོས་གངས་ཀྱི་ཁྲོད་ནས་ཁ་ལོ་བཏུལ་ཡོད་པའི་ཤ་བའི་ཤ་ཁྲག་རློན་ཟ་བྱེད་པ་པར་དུ་བཀོད་ཐུབ་ཡོད། ནེ་ནེ་ཚིའི་སྐྱེས་པ་དང་བུད་མེད། བྱིས་པ་ཚོས་བཤས་མ་ཐག་པའི་ཤ་བའི་མཐའ་རུ་བསྡད་དེ། ཤ་ཁྲག་ལོངས་སུ་སྤྱོད་ཅིང་ཁྱིམ་ཚང་གི་འཚོ་བའི་སྐོར་གླེང་མོལ་བྱེད་པ་དང་། རྔམ་མཐུག་པའི་གདོད་མའི་གནས་སྟངས་དེ་མཐོང་བྱུང་།


     ཐི་ཁཱ་ཆི་ཁི་ནེ་ནེ་ཚི་མི་རྣམས་དང་ལྷན་དུ་ཟླ་གཅིག་གི་རིང་བསྡད་པ་དང་། མི་རྣམས་ཧང་སངས་པར་བྱེད་པའི་པར་རིས་དག་ཟིན་བྲིས་སུ་བཀོད་པ་རེད།


     ཆེས་ཐག་ཉེ་ཤོས་ཀྱི་སྡོད་གནས་ཀྱང་དབྱིན་ལེ་100༼སྤྱི་ལེ་161༽ལས་རིང་དུ་བརྒལ་བས། ནེ་ནེ་ཚི་མི་རྣམས་ཡ་ང་བའི་བྱང་སྣེ་གླིང་གི་ན་འདམ་གཞོང་དུ་སྒོ་ཟོག་ཤ་བ་འཚོ་དགོས་ཡོད།


     ཁོ་ཚོ་དང་ལྷན་དུ་སྡོད་སྐབས། ཐུ་ཁཱ་ཆི་ཁིས་རང་ཉིད་རྦད་དེ་མི་རིགས་འདིའི་ཟས་གོས་གནས་མལ་སོགས་འཚོ་བ་རོལ་སྟངས་ལ་ཟབ་ཞུགས་བྱས་པ་རེད།


     འབྲོག་པ་ཚོས་བཞོན་མའི་ཀོ་བས་ཞགས་པ་བཟོ་བཞིན་ཡོད་པ་དང་། ཁོ་ཚོས་དུས་རྒྱུན་ཞགས་པ་འཕངས་ཏེ་འགག་ལ་བཏང་ནས་ཤ་བ་གསོད་པ་ལས། མེ་མདས་གསོད་པ་ནི་མ་ཡིན། ཐབས་ལམ་འདིས་ཤ་བའི་ཁྲག་མི་ཤོར་བར་བྱེད་ཐུབ་པ་དང་ཤ་ཁྲག་ནི་ཚོ་བ་འདིའི་སྲོལ་རྒྱུན་གྱི་བཏུང་བ་ཡིན། 


     ཚོ་བ་འདིས་ཤ་དང་ཉ་རྣམས་ཡོ་རོབ་རྒྱལ་ཁབ་དག་ལའང་ཕྱིར་འཚོང་བྱེད་བཞིན་ཡོད།


    རུ་སྤོར་དུས་ནེ་ནེ་ཚི་མིས་སྦྲ་གུར་ཕུབ་བཞིན་པ།


     ཚོ་ཁག་གི་ལོ་གཞོན་ཚོ་སྒར་བའི་ཕྱི་རོལ་ཏུ་གཅན་གཟན་ཚོགས་ཀྱི་འཇིགས་སྣང་ཡོད་ནའང་ཁོ་ཚོ་གཅིག་པུར་བསྡད་ཆོག


       ཧ་ལམ་ནེ་ནེ་ཚི་མི་གྲངས40000ཙམ་བྱང་སྣེ་གླིང་དུ་གནས་སྡོད་བྱེད་པ་དང་། གནས་འདིའི་མཚན་མོའི་གནམ་གཤིས་ནི་དྲོད་ཚད་གོར་ཐིག་མན་གྱི་34ལ་སླེབས་ཀྱིན་ཡོད།


     ཕྱུགས་ཟོག་ནི་ཁོ་རང་ཚོའི་འཚོ་གནས་ལ་མཚོན་ན་ཆེས་གལ་འགངས་ཆེ་ཤོས་དེ་ཡིན་ཞིང་། མི་ཚེ་གང་བོར་ཕྱུགས་རིགས་གསོ་སྤེལ་དང་འཚོ་སྐྱོང་ལ་འབད་བཞིན་ཡོད།


                   རུ་བ་སྤོར་བའི་ལམ་དུ།


པར་རྒྱག་དུས་བསམ་བཞིན་དུ་ཉམས་སྟོན་བཞིན་པའི་མི་ཞིག


    ཁོ་རང་ཚོས་སྔར་བཞིན་འབྲོག་པའི་འཚོ་བ་རོལ་སྟངས་སྲུང་འཛིན་བྱེད་བཞིན་ཡོད་ནའང་། དེང་རབས་ཤེས་རིག་ཀྱང་གཡོལ་ཐབས་མེད་པར་ཁོ་ཚོའི་འཚོ་བའི་ནང་འཛུལ་ནས་འོང་བཞིན་ཡོད། ཚོ་ཁག་གི་མི་སྣ་ཁ་ཤས་ཀྱིས་རང་ཉིད་ཀྱི་གློག་འདོན་འཕྲུལ་ཆས་ཀྱིས་གློག་བརྙན་བསྟན་ཆོག་པ་དང་། ཡང་ན་གཞན་པ་དག་གིས་གངས་ཁྲོད་ཀྱི་འཕྲུལ་རྟ་རྩེད་ཆོག


ནེ་ནེ་ཚི་མི་རྣམས་ཀྱིས་ཁོ་རང་ཚོའི་ཤ་བ་འདུལ་བར་འབད་བཞིན་པ།


མལ་ཁྲི་ནི་ཤ་ལྤགས་ཀྱིས་བཟོས་པ་དང་ཧ་ཅང་དྲོན་པོ་ཡིན།


    ཡ་མ་ཨར་ཕྱེད་གླིང་གི་ལྷོ་ཕྱོགས་སུ། ཁོ་རང་ཚོར་ཤིང་སྡོང་མང་བོ་རག་ཐུབ་པ་དང་། དེ་ནས་ཤིང་སྡོང་རྣམས་བྱང་ཕྱོགས་ཀྱི་ཕྱུགས་རར་དབོར་འདྲེན་བྱེད་པ་ཡིན། འདིའི་ལམ་ཐག་ལ་ཧ་ལམ་དབྱིན་ལེ་400༼སྤྱི་ལེ་644༽ལྷག་ཡོད།


འབྲོག་མི་ཞིག་གིས་ཞགས་པ་འཕེན་རྩལ་སྦྱོང་བཞིན་པ།


     གཅན་གཟན་གྱི་པགས་པས་ལྭ་བ་བཟོ་བཞིན་ཡོད་དེ། རྒྱུ་མཚན་ནི་ནམ་ཡང་ཡ་ང་སྙིང་རྗེ་བྲལ་བའི་ནམ་ཟླ་གྲང་མོར་ཁ་གཏད་གཅོག་དགོས།


      ཐི་ཁཱ་ཆི་ཁིས་ཀྱང་ཚོ་ཁག་འདིའི་སྲོལ་རྒྱུན་གྱི་གོས་གྱོན་ཏེ་རང་ཉིད་ལ་ཧ་ཅང་འཚམ་པར་བཤད་པ་དང་། ཤ་བ་འཛིན་པར་སྦྱོང་བརྡར་བྱས།


    དུས་མཚུངས་སུ། ཐི་ཁཱ་ཆི་ཁིས་ངོ་མཚར་བའི་ངང་ནེ་ནེ་ཚིའི་ཚོ་ཁག་གི་བུད་མེད་ཚོས་རུ་བ་སྤོར་བའི་གོ་རིམ་ཁྲོད་ཁྱིམ་ལས་མང་ཤོས་འགན་ལེན་བྱེད་པ་མཐོང་བྱུང་། དེ་ཡང་སྦྲ་གུར་ཕུབ་འགེལ་དང་བུད་ཤིང་སྒྲུག་པ། ཟ་མ་བཟོ་བ། ལྭ་བ་འཚེམ་པ། བྱིས་པ་གཉོར་སྐྱོང་སོགས་བྱེད་པ་ཡིན། སྐྱེས་པ་ཚོས་ལུས་སེམས་གཉིས་ཀ་སྒོ་ཟོག་ཤ་བ་གསོ་སྐྱོང་གི་ཕྱོགས་ལ་བཀོལ་ཏེ་འབད་བཞིན་ཡོད།


སྐྱེས་པ་ཚོས་ཁ་དོག་སྔོན་པོའི་ཨང་གྲངས་ཀྱིས་ཤ་བ་རྣམས་ལ་རྟགས་རྒྱག་བཞིན་པ།


        སྦྲ་གུར་ནང་དུ། འཚོ་བའི་ཡོ་བྱད་ནི་སྤྱིར་བཏང་བ་ཙམ་ལས་མ་འདས་མོད། ཡིན་ནའང་གློག་འདོན་འཕྲུལ་ཆས་ཀྱིས་གློག་འདོན་བཞིན་ཡོད། 


ངལ་གསོ་བྱེད་བཞིན་པའི་འབྲོག་མི།


      ཕྱུགས་ཟོག་ཕྱོགས་གཅིག་ཏུ་བསྡུས་ཏེ་མདུན་སྐྱོད་བྱེད་སླད། ནེ་ནེ་ཚི་མི་རྣམས་ཀྱིས་ཉམས་འགྱུར་འདྲ་མི་སྟོན་ཅིང་སྐད་སྣ་ཚོགས་བརྒྱབ་སྟེ་འགུལ་སྐྱོད་བྱེད་བཞིན་ཡོད།


     རུ་ནང་དུ་གཉིད་ཉལ་དུས་མེ་མེད་ནའང་མེ་བཀོལ་སྤྱོད་བྱས་ཏེ་ཟ་མ་བཟོ་བཞིན་ཡོད། སྟབས་ལེགས་པ་ཞིག་ལ་པགས་པས་ཁོ་རང་ཚོ་གཉིད་སྐྱིད་པོར་རོལ་བར་རོགས་རམ་བྱེད་ཐུབ།


ན་འདམ་གཞོང་གི་གཡུང་ལ་ཕབ་པའི་ཤ་ཁྱུ།


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། བན་ཤུལ་འཇམ་དབྱངས། འབའ་སྣང་གྲོལ། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། eb3h བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23503881
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།