ཁམ་བུའི་མེ་ཏོག་རྣམ་པར་བཞད་པའི་དུས་ཚིགས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 24 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» འོས་སྦྱོར་གླིང་། »ཁམ་བུའི་མེ་ཏོག་རྣམ་པར་བཞད་པའི་དུས་ཚིགས།
ཁམ་བུའི་མེ་ཏོག་རྣམ་པར་བཞད་པའི་དུས་ཚིགས།
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2016-03-26ལྟ་ཀློག (9581)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཁམ་བུའི་མེ་ཏོག་རྣམ་པར་བཞད་པའི་དུས་ཚིགས།  

2016-03-24      07:20:31


    ཡང་བསྐྱར་རྣམ་པར་བཞད་པའི་ཁམ་བུའི་མེ་ཏོག་ལ་རོལ་བའི་དུས་ཚིགས་ལ་སླེབས་བྱུང་། འཛམ་གླིང་ཡོངས་སུ་པར་ལེན་སྒྱུ་རྩལ་ལ་དགའ་བའི་གྲོགས་པོ་དག་ཀུན་ནས་མྱོས་པར་གྱུར་བ་ནི། ལྷན་དུ་མི་ཚང་གཞན་པའི་ཁམ་བུའི་མེ་ཏོག་ལ་བལྟ་རོལ་བྱེད་པ་དེ་ཡིན། པར་འདི་ནི་ཁམ་བུའི་མེ་ཏོག་གི་གཙང་བོ་སྟེ། སྤྱི་གླིང་༼Inokashira park༽ཡིན་ལ། ཉི་ཧོང་བ་འགའ་ཞིག་གིས་མེ་ཏོག་རྣམ་པར་བཞད་པའི་ཤིང་སྡོང་འོག་ཏུ་ལྷན་འཛོམས་ངང་མེ་ཏོག་གི་མཛེས་སྡུག་ལ་རོལ་མྱོང་བྱེད་བཞིན་ཡོད། པར་ལེན་མཁན་Danilo Dungo


    ཡིད་དབང་འཕྲོག་པའི་ཞིང་ཁམས། གནའ་སྔ་མོ་ཞིག་ནས་བཟུང་། རི་བོ་༼Mt. Yoshino༽ནི་ཆེས་མཛེས་སྡུག་ལྟ་བས་མི་ངོམ་པའི་ཁམ་བུའི་མེ་ཏོག་ལ་བལྟ་རོལ་བྱེད་ས་ཡིན། མེ་ཏོག་གི་ཚོགས་ཀྱིས་ཧ་ལམ་གོམ་པ་སྟོང་8ལ་ཉེ་བའི་ཀྱག་ཀྱོག་གི་རི་ལམ་ཡོངས་སུ་གཡོགས་ནས་ཡོད། རི་བོ་ཅེ་ཡེ་吉野-Omineདང་རི་བོ་Yuyaབར་གྱི་རི་ལམ་ལ་OmineOkukudouཞེས་པའི་མཚན་སྙན་གསོལ་ཡོད། གནས་འདི་ནི་ད་ལྟའང་སྔར་བཞིན་ཆོས་ལུགས་ཉམས་ལེན་བྱེད་ས་དང་། ཅེ་ཡེ་རི་བོ་གཏོགས་པའི་ཅེ་ཡེ་ཕྱེད་གླིང་གི་གནས་འདི་ནི་མིའི་ཤེས་རབ་ཀྱི་རྩལ་སྦྱོང་ས་ཡིན། མིག་སྔར་གནས་མཆོག་འདི་ནི་མཉམ་འབྲེལ་རྒྱལ་ཚོགས་སློབ་གཞི་རྩ་འཛུགས་༼UNESCO༽ཀྱིས་འཛམ་གླིང་གི་ཤུལ་བཞག་རྒྱུ་དངོས་ལ་གཏན་ཁེལ་བྱས་ཡོད། པར་ལེན་མཁན་Yoshiki Fujiwara


    ཉི་ཧོང་གི་ཁམ་བུའི་མེ་ཏོག་དུས་ཚིགས། གནས་འདི་ནི་ཉི་ཧོང་གི་མེ་ཏོག་ལ་བལྟ་རོལ་བྱེད་ས་ཆེས་ལེགས་པའི་ས་ཆ་ཡིན། པར་ལེན་མཁན་Ryan WH


      མེ་ཏོག་གི་ཆར་བ། གནས་འདི་ནི་ཉི་ཧོང་གི་ས་ཆ་༼Shinjuku Gyoen༽ཡིན། པར་ལེན་མཁན་JoydeepDasgupta


    མེ་ཏོག་གི་སྒྱུ་འཕྲུལ་རོལ་དབྱངས། གནས་འདི་ནི་དཔྱིད་ཀྱི་དཔལ་མོ་སླེབས་པའི་ཉི་ཧོང་གི་ཏུང་ཅིན་ཡིན། པར་ལེན་མཁན་S. Ohtani


     མཚན་གུང་རྣམ་པར་བཞད་པའི་མེ་ཏོག  གནས་འདི་ནི་ཉི་ཧོང་ཏུང་ཅིན་གྱི་སྤྱི་གླིང་Ueno parkནང་གི་ཁམ་བུའི་མེ་ཏོག་གི་དུས་ཚིགས་ཡིན། ལོ་རེ་རེའི་དཔྱིད་ཀར། ཧོར་ཟླ་བཞི་བའི་ཟླ་འགོ་ཙམ་དུ་མི་རྣམས་གནས་འདིར་འཛོམས་ཏེ། ཉི་ཧོང་སྲོལ་རྒྱུན་གྱི་ལྒང་ཞུ་དཔྱངས་པའི་ཁམ་སྡོང་འོག་ཟས་མཆོག་ལ་རོལ་བཞིན་ཡོད། པར་ལེན་མཁན་Aurora Simionescu


   ལྷོ་ཁོ་རེ་ཡའི་ཁམ་བུའི་མེ་ཏོག་དུས་ཚིགས། ཁོ་རེ་ཡའི་ཀྲིན་ཧེ་གྲོང་ཁྱེར་༼Jinhae༽དུ་ཁམ་བུའི་མེ་ཏོག་གི་དུས་སྟོན་སྤེལ་བ་ནི་བལྟ་རོལ་བྱེད་ས་གཙོ་བོ་ཞིག་ཡིན། འདི་ནི་སྤྱི་ལོ་2015ལོའི་ཟླ་4བར་གྲོང་ཁྱེར་༼Yeojwacheon༽གྱི་མི་བགྲོད་གཞུང་ལམ་དུ་པར་དུ་སྒྲོན་པ་ཞིག་རེད། པར་ལེན་མཁན་Jessica W.


     མེ་ཏོག་གི་ལམ་ཕྲན། འདི་ནི་ཁམ་བུའི་མེ་ཏོག་གི་དུས་ཚིགས་སུ་རྒྱལ་ཁབ་ཐང་ཆེན་༼National Mall༽ནས་སྒྲོན་པའི་པར་རིས་རེད། སྐབས་དེར་ང་ལ་ཏག་ཏག་བསམ་ཚུལ་ཞིག་སྐྱེས་པ་ནི། བདག་གིས་པར་ཆས་ཀྱི་འོད་ལེན་བཀོལ་ཏེ་བརྙན་རས་སུ་འཆར་བའི་མི་སྣ་མི་གསལ་བར་བཟོས་ཆོག་ལ། སྒྱུ་རྩལ་འདིས་པར་རིས་འདི་ལ་ཐུན་མོང་མ་ཡིན་པའི་གསོན་ཉམས་ལྡན་པར་བྱས་ཡོད། པར་ལེན་མཁན་Jessie Meyer


    རྣམ་པར་བཞད་པའི་མེ་ཏོག  གནས་འདི་ནི་ཧོ་ཨར་ཐི་གྲོག་རོང་གི་Valle del Jerte)དཔྱིད་དཔལ་མངོན་དུས་སུ་བཞད་པའི་མེ་ཏོག་གི་ཚོགས་ཡིན། པར་ལེན་མཁན་José Antonio Zamora


     དཔྱིད་དཔལ་དུས་ཀྱི་ཞིང་ཁའི་འཇའ་ཚོན། རྣམ་པར་བཞད་པའི་ཁམ་བུའི་མེ་ཏོག་དང་སྟག་པ་དཀར་བོས་དཔྱིད་ཀྱི་ཞིང་ཁར་ཁ་དོག་རྣམ་པར་བཀྲ་བར་བྱས་ཡོད། པར་ལེན་མཁན་Hiroki Inoue


    ཁམ་བུའི་མེ་ཏོག་གི་ཚོགས། ཞོགས་པར་ལུང་མདོ་རུ་པར་དུ་སྒྲོན་པ། པར་ལེན་མཁན་Hayashi Yusuke


    དཔྱིད་དཔལ་གྱི་མཚན་ལྗོངས། འདི་ནི་ཉི་ཧོང་གི་ཆིན་སིན་རྫོང་༼Aomori༽གི་ཅིན་ཆིན་གྲོང་ཁྱེར་༼Tsugaru༽གྱི་མེ་འཁོར་ལྕགས་ལམ་དུ་སྒྲོན་པའི་པར་ཡིན། མིང་མི་ཤེས་པའི་འབབ་ཚིགས་ཀྱི་འགྲམ་དུ་མེ་ཏོག་གི་ཚོགས་ཀྱིས་འཛུམ་ཆུང་ཀུན་ནས་གྲོལ། འདི་ནི་མཛེས་སྡུག་གིས་ཕྱུག་པའི་ཉི་ཧོང་གི་དཔྱིད་དུས་ཀྱི་མཛེས་རིས་ཤིག་ཡིན། པར་ལེན་མཁན་Sho Shibata


     མེ་ཏོག་ཚོགས་ཀྱིས་འཛུམ་ཆུང་གྲོལ། སློབ་གྲྭ་གྲོལ་ནས་ཡུལ་ལ་ལོག་པའི་ལམ་བར་དུ། བདག་གིས་ཁམ་བུའི་མེ་ཏོག་པར་དུ་སྒྲོན་པ་ཡིན། པར་ལེན་མཁན་Ben Danner


     རྒན་རྒོན་ཟུང་། རྒན་རྒོན་གཉིས་ཀྱིས་ལོ་གཅིག་གི་མཛེས་སྡུག་གི་དུས་ཡུན་འདི་ལ་རོལ་མྱོང་བྱེད་བཞིན་པ། པར་ལེན་མཁན་Joe Ishikawa


    རྩིག་ལྡེབས་དཀར་བོ། ཉི་ཧོང་ཏུང་ཅིན་གྱི་ཧེ་མོ་ཁྲོན་༼Meguro River༽གཙང་བོའི་འགྲམ་ངོགས་གཉིས་སུ་ཁམ་བུའི་མེ་ཏོག་བཞད། པར་ལེན་མཁན་Masayuki Yamashita


    ཁམ་སྡོང་འོག་གི་དགོང་ཟས། ཁྱེད་ཀྱིས་ཟ་ཁང་འདི་ནས་ཟས་ལ་རོལ་ཞོར་སྒེའུ་ཁུང་ཕྱི་རོལ་གྱི་མེ་ཏོག་གི་ཚོགས་ལའང་བལྟ་རོལ་བྱས་ཆོག  པར་ལེན་མཁན་Arthur Matsuo


    བྱ་ཚོགས་སྟོང་གི་འདུ་གནས། གནས་འདི་ནི་ཆེས་དགའ་བསུ་ཐོབ་པའི་ཁམ་བུའི་མེ་ཏོག་ལ་བལྟ་རོལ་བྱེད་སའི་གྲས་ཀྱི་གཅིག་ཡིན། པར་ལེན་མཁན་totomaimartinez


      གློ་ཁའི་མེ་ཏོག་དང་ལམ་བུ། ཉི་ཧོང་ཏུང་ཅིན་གྱི་Tokyomidtown,Minato-Kuས་ཆའི་གློ་ཁའི་ཁ་དོག་གི་ཁམ་སྡོང་མེ་ཏོག་དང་གློ་ཁའི་མདོག་གི་གཞུང་ལམ། LEDགློག་སྒྲོན་གྱི་འོད་མདངས་དེ་ཁམ་སྡོང་གི་མེ་ཏོག་ཚོགས་ལ་འཁྱུད་དུས། རང་བྱུང་གི་མཛེས་སྡུག་དང་ཚན་རིག་གི་ལག་རྩལ་གྱི་གཉིས་སྣང་ནུབ་ཡོད། པར་ལེན་མཁན་Masayuki Yamashita


     མེ་ཏོག་གི་ཚོགས་རྣམ་པར་བཞད། གཙང་བོའི་ངོགས་སུ་མེ་ཏོག་ཆར་བ་བབས། པར་ལེན་མཁན་Masayuki Miyamoto


     རྣམ་པར་བཀྲ་བའི་མེ་ཏོག  མེ་ཏོག་གི་འདབ་ལོ་འཐོར་བའི་རི་བྲག་ཡང་བསྐྱར་མཛེས་སྡུག་ཡིད་དབང་འཕྲོག་པར་གྱུར། པར་ལེན་མཁན་Motoshi Kawano


      དཔྱིད་དུས་ཀྱི་མེ་འཁོར་ཐེངས་ཤིག  ང་རང་མེ་འཁོར་དུ་བསྡད་ཀྱང་མིག་ཟུང་རང་དབང་མེད་པར་ཕྱི་རོལ་ཀྱི་མེ་ཏོག་ཚོགས་ཀྱི་ཕྱོགས་སུ་ཤོར། པར་ལེན་མཁན་Janvika Shah


     མེ་ཏོག་གི་འདབ་ལོ་ས་རུ་ཟགས་པ། གཟའ་འཁོར་གཅིག་ལས་མི་འགོར་བར། ཁམ་བུའི་མེ་ཏོག་གི་འདབ་ལོ་ས་རུ་ཟགས་པ་ཡིན། པར་ལེན་མཁན་Danilo Dungo


   མེ་ཏོག་ཆུན་པོ་ཞིག  གནམ་གཤིས་ཀྱི་འཕོ་འགྱུར་དང་བསྟུན་ནས་དཔྱིད་དུས་དང་སྟོན་དུས་གཉིས་ཀྱི་དྲོད་འཇམ་གྱི་ནམ་ཟླ་ནི་མིག་རྡེབ་དབང་ཙམ་གྱིས་ཡལ་འགྲོ། ད་ལོའི་ཉིའུ་ཡོའི་དཔྱིད་དུས་ནི་ཧ་ལམ་ཟླ་བ་གཅིག་ཙམ་ལས་མེད་པ་འདྲ། སྐྱོ་གདུང་གིས་མནར་བའི་ང་རང་དབུས་སྤྱི་གླིང་བརྒྱུད་ནས་འགྲོ་སྐབས་རང་གི་iphoneབཀོལ་ནས་པར་འདི་སྒྲོན་པ་ཡིན། པར་ལེན་མཁན་Marianne Barthelemy          

རྩོམ་འདི་སྒྱུར་བ་བོ་དང་མཁོ་སྤྲོད་བྱེད་མཁན་ནི་གསེར་ལག་འཇམ་དབྱངས་ཚུལ་ཁྲིམས་ཡིན། 


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། བན་ཤུལ་འཇམ་དབྱངས། འབའ་སྣང་གྲོལ། 

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། qnft བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23527066
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།