རིའི་རྒྱལ་བོ་རི་རབ་གླིང་བཞི་གླིང་ཕྲན་བརྒྱད་ཀྱིས་བསྐོར་བར་འདོད་པ་ཚན་རིག་དང་འགལ་ལམ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 24 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བཅར་འདྲི། »རིའི་རྒྱལ་བོ་རི་རབ་གླིང་བཞི་གླིང་ཕྲན་བརྒྱད་ཀྱིས་བསྐོར་བར་འདོ
རིའི་རྒྱལ་བོ་རི་རབ་གླིང་བཞི་གླིང་ཕྲན་བརྒྱད་ཀྱིས་བསྐོར་བར་འདོད་པ་ཚན་རིག་དང་འགལ་ལམ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2016-03-23ལྟ་ཀློག (12480)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 

ནང་བས་འཇིག་རྟེན་ལེབ་ལེབ་དང་དབུས་སུ་རིའི་རྒྱལ་བོ་རི་རབ་གླིང་བཞི་གླིང་ཕྲན་བརྒྱད་ཀྱིས་བསྐོར་བར་འདོད་པ་ད་ལྟའི་ཚན་རིག་གིས་སའི་གོ་ལ་ཟླུམ་པོར་བཤད་པ་དང་འགལ་མོད་འོན་ཀྱང་ལ་ལས་དེ་དག་འགལ་བ་མེད་པར་བཤད་པ་ཇི་ལྟར་ཡིན།

དྲི་བ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དབང་འགྲུབ།  དྲིས་ལན།  སློབ་དཔོན་ཆེན་མོ་ཤེས་རབ་བསྟན་དར། 

     དྲི་བ་འདི་ནི་ཤིན་ཏུ་གལ་ཆེ་སྟེ་ཐོག་མར་ཤེས་རྒྱུ་ནི་སྟོན་པ་སངས་རྒྱས་ཀྱིས་འཇིག་རྟེན་འདི་ལེབ་ལེབ་ཡིན་ཞེས་པ་ཁོ་ན་མ་ཡིན་པར་ཟླུམ་པོའི་རྣམ་བཞག་སོགས་གདུལ་བྱའི་ཁམས་དང་བསྟུན་ནས་སྣ་ཚོགས་ཤིག་གསུངས་ཡོད་པ་དེ་རེད།  ཤེས་རིག་འཕེལ་རིམ་གྱི་དབང་དུ་བྱས་ན་འཇིག་རྟེན་ལེབ་ལེབ་ཡིན་ཞེས་པའི་ལྟ་ཚུལ་འདི་ལོ་ཉིས་སྟོང་ལྷག་གི་སྔོན་གྱི་བསམ་བློའི་བཞེད་ཚུལ་དེ་ཡིན་པས་སྟོན་པ་སངས་རྒྱས་ལ་མཚོན་ན་སྤྱིའི་རྣམ་བཞག་གདུལ་བྱའི་ཁམས་དང་བསྟུན་ནས་མི་གསུང་ག་མེད་ཡིན་ཏེ། གནའ་བོའི་མིའི་རྣ་ལམ་དུ་ད་ལྟའི་གློག་ཀླད་དང་གནམ་གྲུ་བཤད་པའི་ཚེ་རྣར་གཏན་ནས་མི་འགྲོ་བའི་ཁར་ཨ་ཧ་འདིས་འཕྲུལ་སྣང་འབའ་ཞིག་བཤད་ཀྱིན་འདུག་ཅེས་ལོག་བཤད་དུ་བརྩི་ངེས་ཤིང་། དེ་བཞིན་མཁས་དབང་ཚེ་ཏན་ཞབས་དྲུང་གིས་སྤྱིར་མངོན་པ་འོག་མ་སོགས་ལས་གསུངས་པ་ཕལ་ཆེར་བྲམ་ཟེ་བ་རྣམས་ཀྱི་འདོད་ཚུལ་དགོས་དབང་གིས་བཞག་པ་མང་ཞེས་གསུངས་པ་ལྟར་ཡིན། ལྷག་པར་སྒྲ་མི་སྙན་གྱི་ནམ་ཕྱེད་དང་ལུས་འཕགས་གླིང་གི་ཉི་མ་ནུབ་པ། འཛམ་བུའི་གླིང་གི་ཉི་མ་ཕྱེད་བ་ལང་སྤྱོད་ཀྱི་ཉི་མ་འཆར་བ་དུས་གཅིག་པ་དང་རང་རེའི་ཉིན་གུང་ཨ་རིའི་མཚན་གུང་ཡིན་པའི་ཚུལ་དེར་གླིང་བཞིའི་བཤད་ཚུལ་དང་ཕྱོགས་འདྲ་ཞིང་། གཞུང་མང་བོར་རྒྱ་གར་རྒྱ་ནག་བོད་ཡུལ་བཅས་པའི་ཡུལ་འདི་ནི་འཛམ་བུ་གླིང་དུ་ངོས་འཛིན་པ་མཐོང་བས་འདི་དག་བསམས་ན་རིའི་རྒྱལ་བོ་རི་རབ་ནི་གཞན་མ་ཡིན་པར་གོ་ལ་ཟླུམ་པོ་འདིར་ངོས་བཟུང་ན་འགལ་བ་མེད་སྙམ་ཞིང་། དེར་བཤད་པའི་གསེར་གྱི་རི་བདུན་རོལ་བའི་མཚོ་བདུན་སོགས་ནི་ལོ་ངོ་སྟོང་ཕྲག་མང་བོའི་སྔོན་གྱི་གནས་ཚུལ་ཡིན་པས་ས་གཞི་ཆེན་པོར་འགྱུར་བ་སྣ་ཚོགས་ཀྱི་དབང་གིས་དེ་བཞིན་སྡོད་པའི་ངེས་པ་མེད་སྙམ་སྟེ་དཔྱད་པར་བྱ་བའི་གཞིའོ། །

    དེ་ནི་སྟོན་པ་སངས་རྒྱས་ཀྱིས་དངོས་པོའི་གནས་སྟངས་མཁྱེན་པའི་དབང་ གིས་འཇིག་རྟེན་ཁམས་ལེབ་ལེབ་དང་ཟླུམ་པོ་སྣ་ཚོགས་གསུངས་པ་ཡིན་ལ་སུ་ཞིག་ གིས་དངོས་པོའི་གནས་སྟངས་འདི་མ་ཤེས་པའི་བར་དུ་ལྟ་བ་འདིའི་བདེན་དོན་མཁྱེན་མི་སྲིད་པ་སྨོས་མེད་ཡིན་ཏེ། བོད་རིག་པའི་མཁས་དབང་ཏུའུ་ཆིས་ནམ་ཞིག་ལ་འཇིག་རྟེན་ལེབ་ལེབ་ཡིན་པའི་བདེན་དཔང་གསར་བ་ཞིག་འབྱུང་ངེས་ཞེས་གསུངས་དོན་ཡང་ཡིན། དེ་ནི་དངོས་པོའི་ཆོས་ཉིད་དང་སེམས་ཀྱི་འདུ་ཤེས་འཛིན་ སྟངས་ལས་ཤེས་དགོས་ཏེ། དཔེར་ན་ཆུ་ནི་ཉ་རང་གི་འཚོ་གནས་དང་སེམས་ཁམས་དང་མཐུན་པའི་ཁོར་ཡུག་ཅིག་ཡིན་ལ་འདི་ལས་ཁོ་ཚོས་བདེ་ཞིང་སྐྱིད་པའི་འཚོ་བ་ རོལ་བ་ཡིན་པས་མི་དང་ཁོ་གཉིས་ཆུའི་འཇིག་རྟེན་ལྟ་ཚུལ་མི་འདྲ་བ་དང་འདུ་ཤེས་འཛིན་སྟངས་མི་འདྲ་བས་ཉས་ཆུ་ནི་བདེ་ཞིང་སྐྱིད་པའི་འཇིག་རྟེན་ཡིན་པས་དེ་དང་བྲལ་ན་དེ་མ་ཐག་ཏུ་ཤིའོ་ཟེར་ཞིང་མི་ནི་དེ་ལས་ལྡོག་སྟེ་དེར་ལྷུང་ཚེ་དེ་མ་ཐག་ཏུ་ཤི་བས་གཉིས་ཀ་གཅིག་ཏུ་མཐུན་མི་སྲིད། དེ་བཞིན་མེ་ནང་གི་སྲོག་ཆགས་དང་ཆུ་ནང་གི་སྲོག་ཆགས་ཀྱི་མོས་པ་མི་འདྲ་བ་དང་ས་འོག་གི་སྲོག་ཆགས་དང་ས་སྟེང་གི་སྲོག་ཆགས་ཀྱི་འདུ་ཤེས་འཛིན་སྟངས་ཀྱང་ག་ལ་འདྲ། དེ་བས་མིའི་འདུ་ཤེས་འཛིན་ སྟངས་ཀྱིས་ཆུའི་ནང་གི་སྲོག་ཆགས་ཀྱི་འདུ་ཤེས་འཛིན་སྟངས་བཀག་ན་དངོས་པོའི་ཆོས་ཉིད་དང་འགལ་བ་ཡིན་ནོ། །

    དེ་བས་སྟོན་པ་སངས་རྒྱས་ཀྱིས་སེམས་ཅན་རྣམས་ལ་འཇིག་རྟེན་ཁམས་སྣ་ཚོགས་སུ་སྣང་རུང་བར་དགོངས་ནས་མདོ་དྲན་པ་ཉེར་བཞག་དང་དཔལ་དུས་ཀྱི་འཁོར་ལོ། ཕལ་བོ་ཆེའི་མདོ། ཆོས་ཀྱི་རྣམ་གྲངས་ཀྱི་མདོ་སོགས་ན་འཇིག་རྟེན་ཁམས་མི་འདྲ་བ་དུ་མ་ཞིག་གསུངས་པ་ཡིན་གྱི་གཞན་དུ་ན་དངོས་འགལ་ཡིན་པས་སོ། །དེའི་ཕྱིར་དེ་ལྟར་གསུངས་པ་ནི་དངོས་པོའི་གནས་སྟངས་དེ་མཁྱེན་ཅིང་གཟིགས་པའི་འབྲས་རྟགས་ཡིན་ཏེ། དཔེར་ན་དཔལ་དུས་ཀྱི་འཁོར་ལོར་འཇིག་རྟེན་ཁམས་ཟླུམ་པོ་དང་དེ་ལ་ཉི་ཟླས་བསྐོར་བའི་རྣམ་བཞག་མཛད་པ་དེང་གི་སྔོན་ཐོན་ཚན་རིག་དང་འགལ་བ་ཡིན་ནའང་། ཁོང་གིས་དེར་རྒྱུ་སྐར་རྒྱུ་བའི་ཚད་གཞི་གཏན་ལ་ཕབ་པ་བཞིན་བརྩིས་ན་ཉི་འཛིན་ཟླ་འཛིན་གྱི་ཆུ་ཚོད་སྐར་ཆ་གཅིག་གིས་ཀྱང་མ་ནོར་བར་དེང་གི་སྔོན་ཐོན་ཚན་རིག་ལྟར་གཏན་ལ་འབེབ་ཐུབ་པ་འདི་ལྟ་བུ་ནི་འཕྲུལ་ཆས་ལ་མ་བརྟེན་པར་དེང་གི་ཚན་རིག་པས་ཀྱང་གཏན་ལ་དབབ་མི་ཐུབ་པའི་གནས་ཚུལ་འདི་ཤེས་ལ་སྟོན་པ་སངས་རྒྱས་ཀྱིས་ལོ་ཉིས་སྟོང་ལྷག་གི་སྔ་རོལ་ཏུ་དེང་གི་ཚན་རིག་ལས་ཀྱང་སྔོན་ཐོན་ཡིན་པའི་གཞུང་ལུགས་ཤིག་བཟོས་པ་འདི་ཐམས་ཅད་མཁྱེན་པའི་རྟགས་ཤིག་མ་ཡིན་ནམ།  གནས་ལུགས་འདི་ནི་སྟོན་པ་སངས་རྒྱས་ཀྱིས་མདོ་སྡེ་དུ་མ་ལས་གསུངས་ཏེ་པདྨ་རྣམ་པར་རོལ་བ་ཞེས་བྱ་བའི་མདོ་ལས་ལྷའི་བུ་རྣམ་པར་རོལ་བས་འཇམ་དཔལ་ལ་སྨྲས་པ། འཇམ་དཔལ་ཕྱི་རོལ་གྱི་ཡུལ་འདི་རྣམས་ནི་བྱེད་པ་བོས་བྱས་པའམ་ཇི་ལྟར་ལྟ་བར་བགྱི། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ཕྱི་རོལ་གྱི་ཡུལ་འདི་རྣམས་ནི་བྱེད་པ་བོས་བྱས་པ་མ་ཡིན་ཏེ་སེམས་སམ་རྟོག་པའི་བག་ཆགས་ཀྱིས་སྣང་བ་ཡིན་ནོ། །ལྷའི་བུས་སྨྲས་པ། བག་ཆགས་ཇི་ལྟར་བརྟས་ཀྱང་རི་དང་རྒྱ་མཚོ་དང་། ཉི་མ་དང་ཟླ་བ་ལ་སོགས་པ་སྲ་ཞིང་འཐས་པ་ལྟར་གྱུར་པ་སྣང་ག་ལ་རུང་། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་སྣང་དུ་རུང་སྟེ། གྲོང་ཁྱེར་ཆེན་པོ་ཝ་རཱ་ཎ་སཱི་ན་བྲམ་ཟེ་མེ་སྦྱིན་ཞེས་བྱ་བས་རང་གིས་ལུས་སྟག་ཏུ་བསྒོམས་པས་གྲོང་ཁྱེར་གྱི་མི་རྣམས་ཀྱིས་སྟག་ཏུ་མཐོང་ནས་བྲོས་པས་གྲོང་ཁྱེར་སྟོང་བ་བྱུང་ངོ། །ཟད་པར་ས་ཆུ་བསྒོམས་པས་ས་དང་ཆུ་སྣང་བ་དང་། རྣལ་འབྱོར་སྤྱོད་པའི་དགེ་སློང་གིས་མི་གཙང་བ་དང་རུས་གོང་གི་འདུ་ཤེས་བསྒོམས་པས་དེར་སྣང་བ་ཡིན་ན་ཐོག་མ་མེད་པའི་བག་ཆགས་ཀྱིས་བརྟས་པས་ཅི་སྟེ་མི་སྣང་། ལྷའི་བུས་སྨྲས་པ། བག་ཆགས་བརྟས་པའི་དབང་གིས་རྣམ་པ་སྣ་ཚོགས་དག་ཅིའི་ཕྱིར་སྣང་བ་ཡིན། འཇམ་དཔལ་གྱིས་སྨྲས་པ། སྣང་བ་ཐམས་ཅད་མ་ངེས་ཏེ། ལ་ལའི་སྣང་བ་ནི་ལ་ལའི་མུན་པ་ཡིན་ནོ། །

    འདི་ལྟར་ས་འབའ་ཞིག་ལའང་ས་ལ་སར་འདུ་ཤེས་པའང་ཡོད། ས་ལ་ལོངས་སྤྱོད་དུ་འདུ་ཤེས་པའང་ཡོད། ས་ལ་སྡུག་བསྔལ་དུ་འདུ་ཤེས་པའང་ཡོད། མེ་ལ་མེར་འདུ་ཤེས་པའང་ཡོད། མེ་ལ་ལོངས་སྤྱོད་དུ་འདུ་ཤེས་པའང་ཡོད། མེ་ལ་གནས་སུ་འདུ་ཤེས་པའང་ཡོད། མེ་ལ་ཟས་སུ་འདུ་ཤེས་པའང་ཡོད། ཆུ་ལ་སར་འདུ་ཤེས་པའང་ཡོད། ཆུ་ལ་བདུད་རྩིར་འདུ་ཤེས་པའང་ཡོད། ཆུ་ལ་གནས་སུ་འདུ་ཤེས་པའང་ཡོད། ནམ་མཁའ་ལ་སར་འདུ་ཤེས་པའང་ཡོད། དེ་བས་ན་ངེས་པ་མེད་པའི་ཕྱིར་བག་ཆགས་ཀྱི་དབང་གིས་གང་ལྟར་ཡང་སྣང་བ་ཡིན་ནོ་ཞེས་གསལ་བོར་གསུངས་ཡོད་པས་སོ། །


རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 64va བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  རིའི་རྒྱལ་བོ་རི་རབ་གླིང་བཞི་གླིང་ཕྲན་བརྒྱད་ཀྱིས་བསྐོར་བར་འདོད་པ་ཚན་རིག་དང་འགལ་ལམ།   སྤེལ་མཁན།: དྷཱི་ཡིག སྤེལ་དུས:2020/3/16
ཧ་ཅང་ཡག་སོང་། མདོ་ལུང་མང་པོ་བཀོད་འདུག ཐུགས་རྗེ་ཆེ།🙏🌍🙏🌍🙏
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23523959
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།