བོད་ཀྱི་ལོ་རྒྱུས་ཀུན་གསལ་ཉིན་བྱེད།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 27 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བཅད་རྩོམ། »བོད་ཀྱི་ལོ་རྒྱུས་ཀུན་གསལ་ཉིན་བྱེད།
བོད་ཀྱི་ལོ་རྒྱུས་ཀུན་གསལ་ཉིན་བྱེད།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2016-03-21ལྟ་ཀློག (6464)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

   

 བོད་ཀྱི་ལོ་རྒྱུས་ཀུན་གསལ་ཉིན་བྱེད།

         བློ་བཟང་འཇིགས་མེད་ཡེ་ཤེས།
    དེ་ཡང་འཛམ་བུའི་གླིང་ན་ཀུན་གྱིས་བསྟོད་བསྔགས་བྱེད་སའི་ཡུལ་མཆོག་ཁྱད་པར་ཅན་ཏེ་བོད་ཅེས་པའི་ལྗོངས་འདིའི་ལོ་རྒྱུས་ཐམས་ཅད་གཅིག་ཀྱང་མ་ལུས་པར་གསལ་ལེར་སྟོན་མི་ནུས་ཀྱང་རང་ནུས་ཅི་ལྕོགས་ཀྱིས་བོད་ཀྱི་ལོ་རྒྱུས་རགས་ཙམ་བཤད་པར་བྱ།

འགྲོ་སྐྱོབ་ཁུར་ཆེན་ཕྲག་ལ་མཛད་པ་མཆོག

བདེན་གཉིས་ཤེས་བྱ་མ་ལུས་མཁྱེན་པ་མཆོག
བློ་ཆེན་འགྲོ་བ་བདེ་ལ་འགོད་པ་མཆོག
ཐུབ་དབང་སྟོན་པ་དེ་ལ་ཕྱག་འཚལ་ལོ།།

ལྷག་པའི་ལྷ་ཡིས་རྨོངས་མུན་མ་ལུས་པ།།
གཅོད་པའི་མཐུ་ལྡན་ཤེས་རབ་ལྷ་མཆོག་ལ།།
དང་བའི་བློ་ཡིས་རིན་ཆེན་སྤུངས་དགོད་པའི།།
བློ་ཡི་གཏེར་མཆོག་ཁྱེད་ལ་ཕྱག་བྱ་བ།།

སྒྲིབ་བྲལ་སྟོང་དབྱིངས་ཤེས་རབ་ལྷ་མོ་ཉིད།།
པད་མཚོའི་གདན་དུ་བཞུགས་ཤིང་སོར་མོ་ཡི།།
དྲི་ཟའི་འཕང་འགྲོ་དབྱངས་སྙན་ལ་རོལ་བཞིན།།
དབྱངས་ཅན་ལྷ་མོས་ངག་གི་དཔལ་སྟེར་ཅིག

པུར་རྒྱལ་བོད་ཀྱི་བྱ་གཞག་ཐམས་ཅད་ཀྱང་།།
ཡང་དག་གསལ་བོར་སྟོན་མཐུ་མི་ལྡན་པས།།
ལོ་རྒྱུས་འདི་རྩོམ་དམ་བཅའ་བཞག་པ་ན།།
ངོ་མཚར་རྒྱལ་རབས་ཀུན་གསལ་ཉིན་བྱེད་ཉིད།།

མང་བཀུར་རྒྱལ་བོའི་རྒྱུད་པ་ལས་བྱུང་ཞིང་།།
མཚར་བའི་རྟགས་ཀྱིས་ཆུ་ལ་བསྐྱུར་ཞིང་ནི།།
ཞིང་བས་རྙེད་ཅིང་བོད་དུ་ཕེབས་པ་ཡི།།
མཛུབ་མོ་གནམ་ལ་བཙུག་པས་རྒྱལ་བོར་བཀུར།།

མཆིམས་རྗེ་ཞང་ཞུང་མྱང་རོ་གནུབས་ཡུལ་བཙན།།
ཉང་རོ་འོལ་ཕུ་སྐྱེས་རིར་ལྗོན་སྔོན་ཆེ།།
ངམ་ཤོད་སྲིབས་ཡུལ་ཀོང་ཉང་འགས་ཡུལ་རྒྱལ།།
རྒྱན་ཕྲན་བཅུ་གཉིས་དབང་བསྒྱུར་གཉའ་ཁྲི་བཙན།།

མུ་ཁྲི་སོགས་ཀྱི་ལོ་རྒྱུས་གསལ་བོ་མེད།།
དེ་མཐུན་ལྗགས་རྩལ་ལྷག་ཏུ་སུ་ལ་འང་མེད།།
བློ་རིག་དབང་ཕྱུག་འགའ་ཞིག་དཔྱད་པ་ཡིས།།
སྔོན་མེད་དེབ་ཅིག་བྱུང་བ་སྲིད་པའི་གནས།།

ཁྲི་ཐོག་རྗེ་བཙུན་བརྩེ་སེམས་མེ་ལྕེ་འབར།།
ཡོང་བཟའ་སྟོང་རྒྱལ་མཚོ་ཡིས་དུང་བ་རྒྱས།།
ལྷ་ཐོ་ཐོ་རི་གཉན་བཙན་འཇིག་རྟེན་བབས།།
གཉན་པོ་གསང་བའི་ཐུབ་བསྟན་སྟ་གོན་བསྐྲུན།།

ཤེལ་དཀར་ཕྲེང་བ་གངས་རིའི་ལྗོངས་སུ་བབས།།
སྲོང་བཙན་སྒམ་པོའི་སྟོབས་འབྱོར་ཕྱོགས་གཞིར་ཁྱབ།།
ཐུགས་རྗེ་ཆེན་པོའི་སྙིང་རྗེ་ཡིས་བསླངས་བའི།།
བོད་ཁམས་སྟོབས་ཀྱིས་ཡ་གླིང་ཕྱེད་ཙམ་བླངས།།

དམར་སེར་མདོག་གིས་བརྒྱན་ཞིང་བློ་ཡིས་གྲིས།།
རྨོངས་མུན་འཇོམས་ཤིང་གསལ་བྱེད་སུམ་ཅུ་ཡིས།།
སྔོན་མེད་ལེགས་བཤད་གསར་བ་བོད་ན་ཡོད།།
དར་རྒྱས་ཆེན་པོ་གངས་ཅན་ལྗོངས་ལ་ཤར།།

མགར་གྱི་གདུང་རྒྱུད་ཕོ་རྩལ་སྣ་དྲུག་འཛོམས།།
དམག་ཇུས་སྲིད་ཐབས་ཟུང་འབྲེལ་དམ་ལ་བབས།།
སྔོན་གྱི་བོད་ནི་གྲོགས་སམ་ཁུ་དཔོན་ལ།།
ད་ནི་སྟོང་ཁུན་རྒྱལ་བོའི་ཡུལ་གྲུ་ཞིག

རྒྱ་བཟའ་ཀོང་ཇོ་མཁའ་དབྱིངས་ཟླ་བ་དང་།།
བལ་བཟའ་ཁྲི་བཙན་དགུ་ཚིགས་སྐར་མ་ཉིད།།
མོང་བཟའ་འོ་དོད་ཁྲོད་ནས་གུང་རི་གུང་།།
རྒྱལ་བོའི་སྲས་མཆོག་འཇིག་རྟེན་རྩེ་དགའ་བ།།


ཡུན་ཐུང་མི་ལོ་ལྔ་ཡིས་འཁོར་བ་འདས།།
ཟླ་ཤེལ་ཁྱེའུ་མང་སྲོང་མང་བཙན་འཁྲུངས།།
ཡབ་ཆེན་འདས་རྗེས་དགུང་ལོ་བཅུ་གསུམ་སྟེང་།།
རྒྱལ་སྲིད་སྐྱོང་བའང་དོན་མེད་འཆལ་གཏམ་མིན།།

འདུས་སྲོང་མང་རྗེ་སྲིད་སྐྱོང་ལོ་ཚོད་མིན།།
འབྲོ་བཟའ་ཁྲི་ལོད་ཡང་སྲིད་བྱས་ཤིང་བོད།།
སྟོང་ཁུན་རྒྱལ་མོ་བོའུ་ཙུ་ཐེན་ཉིད་བཙན།།
གངས་ཅན་རྒྱལ་ཚབ་མོ་འདི་དེ་ལས་བཙན།།

གླང་ཆེན་འགྱོགས་པའི་གླག་གི་སྐེད་པ་གཅོད།།
རྟ་གཡང་ལས་འཐེན་འབྲོང་ཆེན་རྩལ་གྱིས་བསྐོར།།
གཡང་དར་ཤུགས་ཀྱིས་འདྲུད་མཁན་འབྲོང་ཤོར་བ།།
རྩལ་བོ་ཆེ་བདུན་གྲགས་པ་བོད་ན་ཁྱབ།།

མཆིམས་བཟའི་མངལ་ལས་ཨག་ཚོམ་པ་དང་ནི།།
ཁྲི་ལྡེ་གཙུག་བརྟན་ཁྱེའུ་གསར་བ་བྱུང་།།
གྱིམ་ཤིང་ཀོང་ཇོའི་མངལ་ཕུང་ལས་ཁྲི་སྲོང་།།
ཤར་རིའི་རྩེ་རུ་དུང་གི་ཟླ་བ་འཛུམ།།

ཆོས་དར་དགའ་སྤྲོས་གངས་ཅན་བོད་ལ་ཁྱབ།།
ཐུབ་བསྟན་དར་བས་རྒྱལ་བློན་འཁོར་འབངས་དགྱེས།།
ལོ་ཙཱ་བ་དང་དགེ་སློང་ཆིག་སྟོང་ལྔའི།།
ཆོས་ཀྱི་རྒྱལ་ཁབ་གྱུར་བར་སྟ་གོན་བསྐྲུན།།

ཕྱག་རྡོར་རལ་བ་ཅན་གྱི་ཁྲིམས་སྲོལ་བཟང་།།
རྡོ་རིང་ཆེན་མོ་རྒྱ་བོད་ས་མཚམས་བཙུགས།།
མངའ་བདག་ཆེན་མོའི་བྱམས་བརྩེར་ཕྲག་དོག་པས།།
ཅོག་རོ་ལེགས་སྒྲ་བྱ་བའི་དབུ་ཉིད་གཅུས།།

བཟློག་མེད་བཀའ་བཙན་བོད་ཀྱི་བསྟན་པ་བསྣུབས།།
སེམས་ལ་མུན་པ་འཐིབས་ཤིང་བཀའ་ལོག་བསྒྲགས།།
འུ་དུམ་བཙན་པོའི་བྱ་སྤྱོད་འབྲས་བུ་དེ།།
ལྷ་ལུང་ལྕགས་མདས་ལྔ་བའི་ལམ་དུ་བརྫངས།།

གླང་དར་མ་ཉིད་བཀྲོངས་ཀྱང་བསྟན་པ་བ།།
གསོ་མིན་འོན་ཏང་དགེ་བ་གསལ་ལ་ལྟོས།།
བསྟན་པའི་མེ་རོ་གསོས་པའི་འདི་ཉིད་ཀྱང་།།
འོག་མིན་གནས་བརྫངས་ཐུབ་བསྟན་ཕོ་ཉ་ཉིད།།

ཡུམ་བརྟན་འོད་སྲུང་དབུ་རུ་གཡོ་རུ་བྱས།།
བོད་ཁམས་རྩོད་ཕྱིར་དམག་འཁྲུག་ལོ་མང་བརྒྱབ།།
འབྲས་བུ་ཐོབ་མིན་གངས་ཅན་སིལ་བུར་འཐོར།།
འ་ཞ་འཇང་ཡུལ་ཞང་ཞུང་སོ་སོར་ཕྱེས།།

ས་སྐྱའི་རྒྱལ་རྒྱུད་ལུགས་བཟང་འབངས་རྣམས་བདེ།།
ཕག་གྲུའི་གདུང་རབས་སྒྲིག་ཁྲིམས་བཙན་ཞིང་ནི།།
རིན་སྤུངས་ཚོགས་རྣམས་སྲོལ་ལེགས་འཁོར་རྣམས་རྒྱལ།།
བདེ་བ་ལྷ་ཡི་ཁམས་འཕྱ་ཀཱཻ་ལ་ཤ།།

ཙོང་ཁའི་སྐྱེས་རིར་རྟ་བདུན་དབང་བོར་ཤར།།
རྒྱལ་བ་གཉིས་བ་བློ་བཟང་གྲགས་པ་འཁྲུངས།།
བོད་ཀྱི་མགོན་སྐྱབས་གཅིག་པུ་འདི་ན་ཡོད།།
སྲིད་གསུམ་ཁྱབ་པའི་གྲགས་པ་བླ་ན་འབར།།


གཙང་བའི་དུས་ནས་བེ་རི་རྒྱལ་བོ་དང་།།
ཞིང་ཤག་པ་སོགས་སེ་ར་འབྲས་སྤུངས་རྣམས།།
བཙན་གྱིས་བཅོམ་ཞིང་སྐྱ་སེར་མང་ཚོགས་རྣམས།།
ཁྲག་དམར་འཁྱིལ་བའི་ལོ་རྒྱུས་ཡ་ང་བ།།

རྒྱལ་བ་ལྔ་བའི་མཚན་དུ་སྟོང་ཁུན་གྱི།།
འཇམ་དབྱངས་རྒྱལ་བོའི་མཚན་ལ་རྒྱ་མཚོ་ཉིད།།
བླ་མར་མཚན་བཏགས་གྲགས་པ་ས་སྟེང་ཁྱབ།།
ངག་དབང་རྒྱ་མཚོ་མཆོག་གི་ཚུལ་ཁྲིམས་སྟོབས།།

རྒྱལ་དབང་བཅུ་གསུམ་པ་ཉིད་གནའ་དེང་གཉིས།།
ཟུང་འབྲེལ་ཐབས་བརྩོན་སློབ་གསོར་མཐོང་ཆེན་བྱེད།།
གངས་ཅན་དེང་རབས་བསྐྲུན་པ་སྐུ་དྲིན་ཆེ།།
འཕགས་པ་ཆེན་པོས་ཆོས་ཀྱི་ཐབས་ལམ་བསྟན།།

སྐུ་འབུམ་སྟག་འཚེར་རི་ནས་རྒྱལ་བ་ཆེ།།
བིས་མདོ་པཎ་ཆེན་ཡང་སྤྲུལ་ཆེན་པོ་མགོན།།
བཅིངས་གྲོལ་དམག་རྣམས་བོད་ལ་འབོར་ཆེན་ཐོན།།
དྲག་ཤུལ་སྟོབས་ཀྱིས་ལུགས་བཟང་རྩ་ནས་གཏོར།།

པེ་ཅིན་གནས་ནས་དོན་མཐུན་གནས་མིན་པས།།
དོན་ཚན་བཅུ་བདུན་པ་ཉིད་གཏན་ལ་ཕབས།།
དྲག་པོའི་བཙན་མནོན་མ་བཟོད་གཞན་ཡུལ་ཏུ།།
སྤྱུགས་པས་འཚོ་བ་འདི་ནས་འགོ་བརྩམས་པ།།

གངས་ཅན་བོད་པའི་རིག་གནས་དར་ཁྱབ་ཤོག།།
གངས་ཅན་བོད་པའི་སྲོལ་རྒྱུན་དར་ཁྱབ་ཤོག།།
གངས་ཅན་བོད་པའི་ཆབ་སྲིད་དར་རྒྱས་ཤོག།།
གངས་ཅན་བོད་པའི་རྒྱལ་ཁབ་དར་རྒྱས་ཤོག།།

ལོ་རྒྱུས་འདི་ཉིད་གཞུང་ལུགས་ཆེན་པོ་མིན།།
ལོ་རྒྱུས་འདི་ཉིད་གདམས་ངག་ཟབ་མོ་མིན།།
འོན་ཏང་འདི་ཉིད་སྤྱི་ཁོག་ཙམ་ཞིག་ནི།།
རྟོག་པའི་སེམས་ཀྱི་ཟས་སུ་འགྱུར་བར་སྨོན།།

ཞེས་པ་འདི་ནི་གངས་ལྗོངས་འཇིགས་མེད་ཤེས་རིག་ནོར་བུའི་སློབ་གླིང་ནས 2014.4.24ཉིན་བློ་བཟང་འཇིགས་མེད་ཡེ་ཤེས་ཀྱིས་རང་ལོ་བཅུ་གཅིག་པ་ལ་ལོ་རྒྱུས་ཀུན་གསལ་ཉིན་བྱེད་ཅེས་སྤྱི་ཁོག་ཅིག་བཤད་པ་ཐམས་ཅད་ཀྱི་སེམས་ཀྱི་ཟས་སུ་འགྱུར་བར་སྨོན།  དགེའོ།།།།

རྩོམ་ཡིག་མཁོ་སྤྲོད་པ།  སེར་སྐོར་འཇམ་ཚེ། 


རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 63va བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  བོད་ཀྱི་ལོ་རྒྱུས་ཀུན་གསལ་ཉིན་བྱེད།   སྤེལ་མཁན།: ཨ་བོད་པ སྤེལ་དུས:2016/3/21
བོད་པ་ཚང་ལ་ལསབསོལ་ཆེ་ངོ་མ་ཡ་མཚན་རེད
furosemide mgdking.com zovirax 200mg
viagra online coupon drug discount coupons free viagra samples coupon
viagra coupons from pfizer discount prescription drug cards coupon viagra
online viagra coupons gallaghermalpractice.com new prescription coupons
  བོད་ཀྱི་ལོ་རྒྱུས་ཀུན་གསལ་ཉིན་བྱེད།   སྤེལ་མཁན།: རྡོ་བཀྲ སྤེལ་དུས:2016/3/21
ངོ་མ་ཡ་མཚན་རེད། ཐུན་མིན་གྱི་རིག་སྟོབས་འདི་འདྲ་ཞིག་མངའ་བ་ཡ་མཚན་རེད། བོད་པ་ཚང་གི་ལས་བསོད་རེད།
diprolene 0.05% deltasone cialis
gabapentin 300mg link sildenafil citrate 50mg
prednisolone 20 mg posologie waltersgarage.com prednisolone 20 mg posologie
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23541243
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།