ནང་བསྟན་རྒྱུན་ཤེས། ༡༦
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྒྱུན་ཤེས།» རིག་གནས་རྒྱུན་ཤེས། »ནང་བསྟན་རྒྱུན་ཤེས། ༡༦
ནང་བསྟན་རྒྱུན་ཤེས། ༡༦
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2016-03-16ལྟ་ཀློག (4614)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ནང་བསྟན་རྒྱུན་ཤེས། ༡༦

མཛད་པ་བོ། དགེ་རྒན་ཤེས་རབ་བསྟན་དར། 



༡༨༡ ཆོས་འདོན་པ་ལ་ཐོག་མར་གནས་ཁང་བྱི་དོར་བྱེད་པའི་རྒྱུ་མཚན་གང་།

ལན། དེ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྤྱན་འདྲེན་པའི་ཆེད་དུ་ཡིན་ལ་ནང་ཕྱགས་པའི་ཚེ་རང་གི་སྡིག་སྒྲིབ་ཉོན་མོངས་དང་བཅས་པ་ཕྱགས་པའི་བསམ་པ་འཛིན་དགོས་པ་ཡིན་ནོ། །

༡༨༢ དེ་ལྟར་བྱི་དོར་བྱས་པ་ལ་ཕན་ཡོན་གང་འབྱུང་།

ལན། དེ་ལ་ཕན་ཡོན་ལྔ་འབྱུང་སྟེ་རང་གི་སེམས་དྭངས་པར་འགྱུར། གཞན་གྱི་སེམས་དྭངས་པར་འགྱུར། ལྷ་རྣམས་དགའ་བར་འགྱུར། གཟུགས་བཟང་བོར་འགྱུར་བ། ལུས་ཞིག་ནས་ལྷ་ཡུལ་དུ་སྐྱེས་པར་འགྱུར་བ་དང་ལྔའོ། །

༡༨༣ མཚམས་ལ་འདུག་པ་ཞེས་པའི་དོན་ཅི།

ལན། མཚམས་ལ་འདུག་པ་ནི་རང་གི་སེམས་པ་མི་གཡེང་བར་རྩེ་གཅིག་ཏུ་ཆོས་བསྒྲུབ་པའི་ཆེད་དུ་སེམས་པ་འདིའི་ཕན་ཆད་ལ་མི་འགྲོ་ཞེས་མཚམས་བཅད་པ་ལ་ཟེར།

༡༨༤ མཚམས་ལ་འདུག་དུས་སྟན་འོག་ཏུ་གཡུང་དྲུང་འབྲི་ཞིང་དུར་བ་དང་ཀུ་ཤ་འཇོག་པའི་རྒྱུ་མཚན་གང་།

ལན། སྟན་འོག་ཏུ་གཡུང་དྲུང་ཆོས་སྐོར་དུ་འབྲི་བ་ནི་ས་གཞི་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབས་པ་ཡིན་ལ། དུར་བ་འཇོག་པ་ནི་དེ་ཚེ་རིང་བའི་རྫས་ཡིན་པས་དེའི་གནད་གྱིས་བསྒྲུབ་པ་ཡུན་རིང་དུ་འཕེལ་བའི་རྟེན་འབྲེལ་དང་། ཀུ་ཤ་གཙང་བར་བྱེད་པའི་རྫས་ཡིན་པས་དེ་ལས་སྒྲིབ་པ་འདག་པའི་རྟེན་འབྲེལ་ཡོད་དོ། །

༡༩༠ ཆོས་ཉམས་སུ་ལེན་དུས་འདུག་སྟངས་ག་འདྲ་དགོས་སམ།

ལན། དེ་ལ་ལུས་རྣམ་སྣང་ཆོས་བདུན་བྱ་དགོས་ཏེ་རྐང་བ་རྡོ་རྗེ་དཀྱིལ་དྲུང་ངམ་ཕྱེད་དྲུང་། དེ་ཡང་གཡས་པ་ཕྱི་དང་གཡོན་པ་ནང་དུ་བྱེད་དགོས། ལག་པ་གཉིས་ཉམས་བཞག སྒལ་ཚིགས་ཉི་ཤུ་རྩ་གཉིས་མདའ་ལྟར་བསྲིངས། མཆུ་དང་སོ་རང་བབས་སུ་བཞག ལྕེ་རྩེ་རྐན་ལ་སྦྱར། མགོ་གུག་ཙམ་བྱེད། མིག་སྣ་གཤོག་ཕན་ཚུན་རིག་ཙམ་བྱས་ནས་སྣ་རྩེར་ཕབ། ཕྲག་པ་རང་སོར་བཞག་པ་སྟེ་རྣམ་སྣང་ཆོས་བདུན་ལྡན་དུ་བྱ་དགོས། དེའི་སྟེང་དབུགས་འགྲོ་འོང་བསྣམས་ཏེ་རླུང་ཆམ་ལ་འབེབ་པ་བསྣན་ནས་རྣམ་སྣང་ཆོས་བརྒྱད་ཟེར།

༡༨༦ ལུས་རྣམ་སྣང་ཆོས་བརྒྱད་བྱས་པ་ལ་དགེ་བ་ཅི་ཡོད།

ལན། འདི་ལ་བརྟེན་ནས་རྩ་རྣམས་ཀྱི་ནང་དུ་རླུང་འགྲོ་བདེ་ཞིང་། དེའི་གནད་ཀྱིས་སེམས་ཏིང་ངེ་འཛིན་ལ་གནས་པ་འབྱུང་།

༡༨༧ ཕྱག་ཅེས་པ་གང་།

ལན། ཡིད་ཀྱིས་བླ་མ་མཀོན་མཆོག་གསུམ་དྲན་པའི་དད་པ་དང་། དད་པའི་ཀུན་ནས་བསླངས་པའི་ངག་གིས་དསྟོད་པ། ལུས་ཀྱིས་ཐལ་མོ་སྦྱར་བ་ཡན་ཆད་ཕྱག་ཡིན།

༡༨༨ ཕྱག་འཚལ་བའི་ཕན་ཡོན་གང་ཡིན།

ལན། ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག་ཅིང་། རང་གིས་ལུས་ཀྱིས་ཅི་ཙམ་ནོན་པའི་དབང་ཆེན་གསེར་གྱི་ས་གཞི་ལ་ཐུག་པའི་བར་གྱི་རྡུལ་ཕྲ་རབ་གྱི་གྲངས་དང་མཉམ་པའི་འཁོར་ལོའི་བསྒྱུར་བའི་རྒྱལ་བོར་སྐྱེ་བ་ལེན་གསུངས།

༡༨༩ ཕྱག་འཚལ་ལུགས་མ་འགྲིག་པ་ལ་ཉེས་པ་ཡོད་དམ།

ལན། ཐལ་མོ་མ་སྦྱར་བ་ལ་ཤི་འཕོས་ནས་མཐའ་འཁོབ་ཏུ་སྐྱེ་བ་དང་། ཚེ་འདིར་འབད་པ་ཆེན་པོས་ནོར་བཙལ་ཡང་ནོར་མི་རྙེད་པ། དཔྲལ་བ་ས་ལ་མ་ཐུག་ན་དམྱལ་བ་མནར་མེད་མགོ་འཕྱང་དུ་སྐྱེ་གསུངས། 

༡༩༠ ལུས་ཀྱི་ཕྱག་གི་མཚོན་དོན་གང་ཡིན།

ལན། ཐལ་མོ་ཁོང་སྟོང་དུ་སྦྱར་བས་སྟོང་ཉིད་མཚོོན། ཐལ་མོ་སྦྱར་བའི་གཟུགས་ཀྱིས་གཟུགས་སྐུ། ཡ་གཉིས་ཀྱིས་ཐབས་ཤེས་གཉིས། དེ་གཉིས་སྦྱར་བས་ཐབས་ཤེས་ཟུང་འབྲེལ་གྱི་ལམ་མ་སྐྱེས་པ་སྐྱེ་བ། སྐྱེས་པ་གནས་པ། གནས་པ་གོང་འཕེལ་ལ་འགྲོ་བའི་རྟེན་འབྲེལ་འགྲིག་པ་དང་། ཐལ་མོ་སྤྱི་བོར་སྦྱར་བས་སྤྱི་བོའི་རྩ་མདུད་གྲོལ། ཁྱད་པར་གཙུག་ཏོར་ལྟ་བས་མི་མངོན་པ་འགྲུབ། ཨོལ་མདུད་ཀྱི་ཐད་དུ་སྦྱར་བས་སྤྱི་བོའི་རྩ་མདུད་གྲོལ། ཁྱད་པར་གསུང་དབྱངས་ཡན་ལག་དྲུག་ཅུ་མགྲིན་པ་ཆོས་ཀྱི་དུང་འདྲ་བ་སོགས་གསུང་གི་ཡོན་ཏན་འགྲུབ། ནུ་མ་གཉིས་ཀྱི་དབུས་ཀྱི་སྙིང་གར་སྦྱར་བས་སྙིང་གའི་རྩ་མདུད་གྲོལ། རྒྱལ་བའི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་འགྲུབ་པའི་བག་ཆགས་འཇོག  དེ་གསུམ་གྱིས་སྒོ་གསུམ་གྱི་སྡིག་སྒྲིབ་འདག                                

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། a7yd བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  ནང་བསྟན་རྒྱུན་ཤེས། ༡༦   སྤེལ་མཁན།: འབྲོག་རི་སྤྱང་། སྤེལ་དུས:2016/3/17
ཡིག་ནོར།
free viagra coupon viagra coupons free discount pharmacy canada
viagra coupons from pfizer discount prescription drug cards coupon viagra
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23501877
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།