ཉི་ཧོང་བས་ཅིའི་ཕྱིར་རྫུན་མ་མི་བཟོ་བ་ཡིན་ནམ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» སྤྱི་ཚོགས་སློབ་གསོ། »ཉི་ཧོང་བས་ཅིའི་ཕྱིར་རྫུན་མ་མི་བཟོ་བ་ཡིན་ནམ།
ཉི་ཧོང་བས་ཅིའི་ཕྱིར་རྫུན་མ་མི་བཟོ་བ་ཡིན་ནམ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2016-03-11ལྟ་ཀློག (10700)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཉི་ཧོང་བས་ཅིའི་ཕྱིར་རྫུན་མ་མི་བཟོ་བ་ཡིན་ནམ། 

འཇམ་དབྱངས་ཚུལ་ཁྲིམས། 

   ཐམས་ཅད་ཀྱིས་ཤེས་གསལ་ལྟར། ཉི་ཧོང་ནི་ཕུན་ཚོགས་བླ་ན་མེད་པར་རེ་སྙེག་བྱེད་པའི་རྒྱལ་ཁབ་ཅིག་ཡིན་ཞིང་། ཐོན་རྫས་ཀྱི་སྤུས་ཚད་དེ་འདྲ་ཡིན་ལ། འཚོ་བའི་སྤུས་ཚད་ཀྱང་དེ་འདྲ་ཡིན། དེ་བཞིན་མཁའ་དབུགས་ཀྱི་སྤུས་ཚད་དང་། འཕྲོད་བསྟེན་གྱི་ཁོར་ཡུག་ཚང་མ་དེ་འདྲ་ཡིན། ལྷག་པར་དུ་བླ་ན་མེད་པའི་གཞུང་དྲང་ཡིད་རྟོན་ནི་དེ་བས་ཀྱང་སེམས་འགུལ་ཐེབས་པ་ཞིག་ཡིན།

       གཟའ་ཉི་མར་རྒྱ་མཚོའི་སྤྱི་གླིང་དུ་སོང་ན། སྒོ་འཛིན་ནི་ཉི་ཧོང་སྒོར་མོ་800ཡིན་པ་དང་དེ་དམངས་སྒོར་40ལྷག་ཙམ་རེད། ཡིན་ནའང་སྤྱི་གླིང་དུ་དབང་བོ་སྐྱོན་ཅན་འགྲོ་སའི་དམིགས་བསལ་གྱི་སྒོ་ཁ་ཤས་ཤིག་མཁོ་སྤྲོད་སྒྲིག་བཀོད་བྱས་ཡོད་པ་དང་། བདག་གི་པུས་མོ་ལས་ཀྱང་དམའ་བའི་བྱང་བུ་ཞིག་གི་སྟེང་དུ། "དབང་བོ་སྐྱོན་ཅན་བགྲོད་ལམ། མི་གཞན་བགྲོད་མི་ཆོག"ཅེས་བྲིས་འདུག

  དེ་ལ་སྤྱི་གླིང་གི་མི་སྣས་སྲུང་མི་དགོས་དོན་མེད་པར་སྙམ་པ་དང་མང་ཚོགས་ཀྱིས་ཀྱང་སྒོ་དེ་བརྒྱུད་ནས་དངུལ་གྲོན་ཆུང་བྱེད་བསམ་བཞིན་པའི་མི་གཅིག་ཀྱང་ཡོད་པ་མ་རེད། གཞན་ཡང་ཟ་ཁང་དུ་ཟས་མི་གཙང་བ་ཡོད་པར་འདོད་བཞིན་མེད་དེ། རྒྱུ་མཚན་ནི་ཐེངས་སྔོན་མར་ཏ་པན་ཤ་བསྲེགས་མ་ཟོས་པའི་རྐྱེན་གྱིས་མི་བཞིའི་གྲོད་ཁོག་བཤལ་བའི་དོན་རྐྱེན་གྱིས་ཟ་ཁང་དེའི་སྒོ་རྒྱག་ཏུ་བཅུག་པར་མ་ཟད་སྦྱིན་བདག་གིས་ཀྱང་མི་ཚེ་གང་བོར་བཟའ་ཆས་ལས་རིགས་གཉེར་མི་ཆོག་པར་བྱས་པ་རེད།      ཉི་ཧོང་དུ་འོངས་ནས་ཟ་མ་ཟོས་ན་གྲོད་ཁོག་བཤལ་བར་སེམས་ཁྲལ་ཡོད་པའི་ཀྲུང་གོ་བ་རྣམས་ལ་བདག་གིས་བཤད་འདོད་པ་ནི། "གལ་ཏེ་ཁྱེད་ཀྱི་གྲོད་ཁོག་བཤལ་བ་ཡིན་སྐྱིད་པ་ལ་ཨང་། ཁྱེད་རང་ལ་རྒྱུ་བསོད་ཡོད་ངེས་རེད་"ཅེས་ངས་ཀུ་རེ་རྩེད་སྲིད།  ཐ་ན་གྲོང་ཁྱེར་སྲིད་གཞུང་དུ་སོང་ནས་"ཁྱིམ་ཐོ་ལ་ཞུགས་པར"(ཉི་ཧོང་ལ་ཀྲུང་གོ་ལྟ་བུའི་ཁྱིམ་ཐོ་ལམ་ལུགས་མེད་མོད། ཡིན་ནའང་ཁྲལ་དངུལ་ཕན་བདེ་ནི་ས་ཆ་གཞན་ཞིག་ནས་ཐོ་འགོད་བྱེད་དགོས)ཧ་ཅང་སྟབས་བདེ་ལས་སླ་བ་ཡིན་པ་ནི་ཡིད་ཆེས་བྱེད་དཀའ་བ་ཞིག་རེད། ལས་བྱེད་མི་སྣས་ཁང་གཤར་རེ་རེ་གསལ་བའི་ས་ཁྲ་ཞིག་ང་ལ་བསྟན་ནས་ང་རང་གི་སྡོད་གནས་བཤད་དུ་བཅུག་རྗེས་སྒྲུབ་ཚར་སོང་བ་རེད། ང་རང་ཧང་སངས་པའི་ངང་གལ་སྲིད་གཞན་གྱིས་རྫུན་མ་བཟོས་པ་ཡིན་ན་ཅི་བྱ་ཞེས་ལས་བྱེད་མི་སྣ་དེ་ལ་དྲིས་པ་ན། ཁོ་རང་ཡ་མཚར་བའི་སྒོ་ནས་ང་ལ། ཅིའི་ཕྱིར་རྫུན་མ་བཟོ་དགོས་སམ། དེ་འདྲ་ཡིན་ན་ང་ཚོས་བསྐུར་བའི་སྨན་བཅོས་ཉེན་སྲུང་གི་བདེན་དཔང་སོགས་ཀྱི་རྒྱུ་ཆ་དག་ཀྱང་ཁོང་ཚོར་འབྱོར་མི་སྲིད་པ་མ་ཡིན་ནམ་ཟེར།

     ཁྱེད་ཀྱིས་གཟིགས་དང་། མི་དང་མིའི་བར་འབྲེལ་བ་བྱེད་སྟངས་དེ་འདྲའི་ལས་སླ་མོ་ཞིག་རེད། དེ་བས་ཡུན་རིང་བོར་ཕྱི་རྒྱལ་དུ་འཚོ་བ་རོལ་མཁན་དག་ནི་"གླེན་པར་"གྱུར་བ་ལས་མ་འདས་ཏེ། སྤྱི་ཚོགས་སྒྲིག་སྲོལ་ཡོད་ཚད་ལ་བརྩི་སྲུང་སྒོས་ལམ་དུ་བསྐྱོད་སྐབས་གློག་བརྡ་ལ་བལྟ་ཞིང་གྲལ་སྒྲིག་སར་གང་ནུས་ཀྱིས་གྲལ་སྒྲིག་པ་ལས་གཞན། གྲལ་སྒྲིག་པའི་ཆ་རྐྱེན་མེད་ས་རུའང་གྲལ་སྒྲིག་པ་རེད། ཕྱི་རོལ་ཏུ་ཟ་མར་རོལ་དུས་མིང་གྲགས་ཆེ་བའི་སྒོར་ཁུག་(路易威登)རྟགས་ཅན་དང་ཡང་ན་(登喜路)རྟགས་ཅན་གང་ཞིག་ཡིན་ཀྱང་སྒྲོག་ཙེའི་སྟེང་བཞག་ནས་གསང་སྤྱོད་ཁང་དུ་སོང་ནའང་སོམ་ཉི་དང་དོགས་ཟོན་ཅི་ཡང་བྱེད་མི་དགོས།

       ཡིན་ནའང་འདི་ལྟ་བུའི་ཡིད་རྟོན་མ་ལག་ལ་ལྡོག་ཏུ་མེད་པའི་སྣང་ཚུལ་ཞིག་ཡོད་པ་ནི། གལ་སྲིད་དེ་འདྲའི་ཡིད་རྟོན་དང་རྒྱབ་འགལ་བྱས་པ་ཡིན་ན་མཇུག་འབྲས་ནི་ཤིན་ཏུ་བློ་ཡུལ་ལས་འདས་པ་ཞིག་པ་ཡིན་པ་གདོན་མི་ཟ། ཉི་ཧོང་གི་ཚོང་ལས་ཁྲོད་དུའང་སྐབས་རེར་ཧ་ཅང་མཐོང་དཀོན་པའི་རྫུན་བཟོའི་སྣང་ཚུལ་རེ་གཉིས་ཙམ་འབྱུང་བཞིན་ཡོད་དེ། དཔེར་ན། ཕྱི་རྒྱལ་གྱི་ཐོན་རྫས་ཁ་ཤས་ཤིག་ཉི་ཧོང་རང་གི་ཐོན་རྫས་(ཉི་ཧོང་བས་རང་གི་རྒྱལ་ཁབ་ཀྱི་ཐོན་རྫས་ནི་ཆེས་ལེགས་ཤོས་ཡིན་པར་ཡིད་ཆེས་ཡོད་པས། ཐོན་རྫས་རྫུན་བཟོ་བྱེད་པའི་ཁ་ཕྱོགས་ནི་ཉི་ཧོང་རྒྱལ་ཁབ་དང་རྦད་དེ་ལྡོག་ནས་ཡོད) ཡིན་ཁུལ་བྱེད་ཀྱིན་ཡོད། དཔེར་ན། ལོ་འགའི་སྔོན་དུ། ཀྲུང་གོའི་ཐོན་རྫས་མན་ལི་ཉ(鳗鱼)ཉི་ཧོང་གི་མན་ལི་ཉ་ཡིན་པར་བརྫུས་པའི་དོན་རྐྱེན་ཐེངས་ཁ་ཤས་ལ་བྱུང་བའི་མཇུག་འབྲས་ནི།

  གཅིག  སྦྱིན་བདག་གིས་རང་སྐྱོན་ངོས་ལེན་གྱིས་འཛད་སྤྱོད་པར་དགོངས་དག་ཞུ་དགོས་པ།

  གཉིས། ཁེ་ལས་དེ་ཉིད་གཙོས་ཡན་ལག་གི་ཁེ་ལས་ཁག་ལ་དངུལ་ཁང་གིས་དངུལ་བུན་གཏོང་མཚམས་འཇོག་པ་དང་། མཉམ་ལས་བྱེད་པའི་ཁེ་ལས་དག་གིས་ཀྱང་ཁེ་ལས་དེ་དང་ཚོང་ལས་ཀྱི་འབྲེལ་ལམ་གཅོད་དགོས། དེ་བས་ཁེ་ལས་དེའི་སྒོ་མོ་ཧར་གྱིས་རྒྱག་པའི་ལམ་ཁ་ལས་གཞན་པའི་གདམ་གསེས་ཅི་ཡང་མེད།

   གསུམ། ལོ་ན་ཅུང་ཆེ་བའི་ཁེ་ལས་གཉེར་མཁན་ཁག་ཅིག་གིས་ཡང་བསྐྱར་ཁེ་ལས་གསར་བ་ཞིག་གཟུག་པའི་ལམ་ཁ་ཡོངས་སུ་བཀག་ཟིན་པས་ཐ་ན་རང་སྲོག་གཅོད་པ་ཡིན།

    དེ་ཡང་ཀུན་གྱིས་ཤེས་པའི་མི་སྣས་རྫུན་བཤད་པ་ཡིན་ན་མཁས་མདོག་དང་རྒྱུ་མཚན་གསེད་བཀྲོལ་གང་ཡང་མེད་པར་མང་ཚོགས་ལ་དགོངས་དག་ཞུ་དགོས། དོན་དམ་པར་བཤད་ན། འཁྲབ་སྟོན་པ་དང་གཞས་པ་གཞས་མ་གྲགས་ཅན་སུ་ཞིག་ཡིན་ནའང་རང་ཉིད་ཀྱི་ཚུལ་མིན་གྱི་བྱ་སྤྱོད་དབང་གིས་ཏུང་ཅིན་སློབ་ཆེན་སོགས་ཀྱི་ལོ་རྒྱུས་ཡིག་ཚགས་སུ་འགོད་ཐབས་མེད། ཀྲུང་གོ་རུ་དེ་ནི་"ཁ་ཕོ་ཆེ་བ་"ཙམ་ལ་བལྟ་བ་ལས་རྫུན་བཟོ་བྱེད་པ་མིན། ཡིན་ནའང་ཉི་ཧོང་དུ། རྫུན་བཤད་པའི་མི་གཞན་གྱིས་ཤེས་པ་ཡིན་ན་དེ་ལ་རྒྱུ་མཚན་གསལ་བཤད་གང་ཡང་བྱས་མི་ཆོག  དཔེར་ན། ཐེངས་སྔོན་མར་སིན་ཁོ་ཧྲང་ཧྲིས(森口上史)IPSནད་ཐོག་ཚོད་ལྟའི་ལག་ལེན་གྱི་གནད་དོན་ཐད་རྫུན་བཟོ་བྱས་པར། ཁོ་རང་གིས་མི་དམངས་ཡོངས་ལ་རང་སྐྱོན་ངོས་ལེན་གྱིས་དགོངས་དག་ཞུ་སྐབས། རང་ཉིད་ལས་གནས་ནས་དགོངས་ཞུ་བྱས་ཟིན་པའང་བཤད་ཡོད། དེ་ནི་ཁོས་ནད་ཐོག་ལག་ལེན་ཚོད་ལྟ་ནད་པ་གཅིག་ཙམ་ལས་མ་བྱས་པ་དེ་ནད་པ་དྲུག་ལ་བྱས་པར་བརྗོད་པས། མང་ཚོགས་རླུང་ལངས་པར་བྱས་པ་དང་སྨྱན་གཟུགས་ཁག་གིས་ཕུགས་འདེད་བྱས་ཏེ་ཁོ་རང་གི་ཆེད་རྩོམ་ལ་མིང་རྟགས་འགོད་མཁན་གྱི་རྩོམ་པ་བོ་རེ་རེར་འདིའི་ཐད་ལྟ་ཚུལ་དང་དགོངས་འཆར་ཅི་ཡོད་གསུངས་སུ་བཅུག  དོན་རྐྱེན་འདིས་ཁོ་རང་དང་མཉམ་ལས་བྱེད་པ་མཐའ་དག་གིས་འབྲེལ་ལམ་རྩ་བ་ནས་བཅད་པ་རེད།

   རྒྱུ་མཚན་དེའི་དབང་གིས། ཉི་ཧོང་དུ་གལ་ཏེ་རྫུན་བཤད་པ་ཤེས་པ་ཡིན་ན། སྤྱི་ཚོགས་ཀྱི་འགྲོ་སྟངས་ནི་རྫུན་བཟོ་བས་ལྷག་བསམ་ཟོལ་མེད་ངང་རྒྱུ་མཚན་གསེད་བཀྲོལ་དང་དགོངས་དག་ངེས་པར་དུ་ཞུ་དགོས་པ་དེ་ཡིན། དགོངས་དག་ཞུས་རྗེས་མང་ཚོགས་ཀྱིས་ཀྱང་ཡང་བསྐྱར་རེ་རེ་བཞིན་ཞིབ་ཏུ་རྩད་གཅོད་བྱེད་མི་སྲིད་མོད། ཡིན་ནའང་དེ་ནས་བཟུང་ཧ་ལམ་རྫུན་བཟོ་བས་ཡང་བསྐྱར་སྔོན་མའི་ལས་རིགས་དེ་གཉེར་ཐབས་མེད།

དཔེར་ན་ཀུན་གྱིས་ཤེས་པའི་མི་སྣ་ལྟ་བུ། NHKབརྙན་འཕྲིན་འཕྲིན་ལམ་དུ་ཁོ་རང་ཐེངས་མང་བོར་སྐུ་མགྲོན་བྱས་ཏེ་འོངས་པ་དང་། ཨེ་ཤེ་ཡ་ཡུལ་སྐོར་ལེ་ཚན་ཞིག་ཁོ་རང་གིས་མདོ་འཛིན་བྱས་པ་རེད། མ་འོངས་པར་ཉི་ཧོང་གི་བརྙན་འཕྲིན་དང་ཚགས་པར་སོགས་གསར་འགྱུར་ཁག་ཏུ་ཡང་བསྐྱར་རྫུན་བཤད་པའི་འཁྲབ་སྟོན་པ་དང་གཞས་པ་གཞས་མ་གྲགས་ཅན་ཧ་ཅང་མཐོང་དཀའ།

       རྒྱུ་མཚན་དེའི་ཕྱིར། ཉི་ཧོང་དུ་རྫུན་བཟོ་བྱེད་པའི་བྱ་བ་ནི་བཙོན་ཁང་དུ་སྡོད་པ་ལས་ཀྱང་ཚབས་ཆེན་ཡིན། གལ་ཏེ་རྫུན་བཟོ་བྱས་པ་གཞན་གྱིས་ཤེས་པ་ཡིན་ན་དེ་ནི་ཧ་ལམ་མི་དེའི་མདུན་སྐྱོད་ཀྱི་ལམ་བུ་དུས་དེ་ནས་བཟུང་ཡོངས་སུ་བཀག་ཚར་བ་རེད། རྒྱུ་མཚན་ནི་རྫུན་བཟོ་མཐུན་གཉེར་ཁང་གི་སྒོ་མོ་གཏན་དུ་བརྒྱབ་ཅིང་ཁེ་ལས་སྦྱིན་བདག་གིས་ཐ་ན་རང་སྲོག་བཅད་ནའང་དེ་ལ་སྙིང་རྗེ་མཁན་མེད་པ་དང་ཚང་མས་དེ་ནི་རང་སྲོག་བཅད་དེ་རང་གི་ནོར་འཁྲུལ་གྱི་ཉེས་པ་འདག་ཐབས་ཙམ་ལས་མ་འདས་སྙམ། དེ་ལས་ལྡོག་སྟེ་ཉེས་པ་གཞན་གྱིས་བཙོན་ཁང་དུ་སྡོད་པ་ནི་ཉེས་ཆད་དུས་ཡུན་མཇུག་རྫོགས་རྗེས་སྔར་བཞིན་རྒྱུན་ལྡན་གྱི་འཚོ་བ་རོལ་ཆོག་ལ། གཞན་གྱིས་དེ་ལ་མཐོང་ཆུང་དང་ཁྱད་གསོད་གང་ཡང་བྱས་མི་ཆོག  ཉི་ཧོང་དུ་ཡིད་རྟོན་ཞེས་པའི་ཡིག་འབྲུ་འདི་གཉིས་ནི་དེ་འདྲའི་བླ་ན་མེད་པ་ཅིག་ཡིན་པས། སིན་ཁོ་ཧྲང་ཧྲིའི་དོན་རྐྱེན་བྱུང་རྗེས་ད་ལྟ་ཉི་ཧོང་གི་ཚན་རིག་ཞིབ་འཇུག་གི་མི་སྣ་ཡོད་ཚད་ངོ་མཚར་བའི་གྲུབ་འབྲས་བྱུང་བ་དང་། ཡང་དེ་ཉིད་ད་དུང་ཚོད་ལྟ་ཡང་དག་ཡིན་མིན་ཐག་གཅོད་བྱ་དཀའ་བའི་སྐབས་སུ། སྐྱེས་བུ་དེ་སུ་ཡིན་ནའང་ལས་གྲོགས་དག་ལ་བཤད་དོན། "ང་རང་སིན་ཁོ་ཧྲང་ཧྲིའི་རྗེས་སུ་འགྲོ་བ་མ་ཡིན་ནམ་"ཞེས་ཁ་མཚར་ཀུ་རེ་རྩེད་སྲིད། སྐད་ཆ་འདི་ནི་ཉི་ཧོང་ཚན་རིག་པའི་སྡེ་རུ་ཧ་ཅང་གཟབ་ནན་དང་ཆེས་རྒྱུག་ཆེ་བའི་གཏམ་དཔེ་རུ་གྱུར་ནས་ཡོད།

     ཉི་ཧོང་བའི་ཀུན་སྤྱོད་ཚད་གཞི་ནི་ཆེས་ཚད་མཐོ་ཤོས་ཀྱི་གནས་སུ་སླེབས་ཡོད་པ་དང་ཉི་ཧོང་བའི་མི་སྒེར་བར་གྱི་གཞུང་དྲང་ཟོལ་མེད་ཀྱི་འབྲེལ་བའང་བསམ་པའི་ཡུལ་ལས་འགོངས་པའི་གནས་སུ་སླེབས་ཡོད། འདི་ལ་རྩོམ་པ་བོར་མྱོང་ཚོར་ཟབ་མོ་ཡོད་དེ། ཏ་པན་(大阪)གྲོང་ཁྱེར་ཉེ་འདབས་ཀྱི་གྲོང་སྡེ་ཆུང་ཆུང་ཞིག་གི་རླངས་འཁོར་འབབ་ཚིགས་ཤིག་འཁྲིས་སུ། སྔོ་ཚོད་གསར་བ་ཁུག་མ་གཅིག་རེ་གཅིག་རེ་བྱས་ནས་བཞག་ཡོད་པ་དང་འགྲམ་དུ་ཤིང་བྱང་ཅིག་གི་སྟེང་དུ་སྔོ་ཚོད་ཁུག་མ་རེ་ལ་ཉི་ཧོང་གི་སྒོར་བརྒྱ་ཡིན་པའི་གསལ་བཤད་ཡི་གེ་བྲིས་འདུག་པ་ལས།  དེ་སྲུང་མཁན་གང་ཡང་མི་འདུག་པ་དང་ཡོད་ཚད་ཉོ་མཁན་སྐུ་མགྲོན་ཚོས་རང་རྟོགས་ཀྱིས་རིན་འབབ་ཀྱི་སྒོར་མོ་དེ་གསོག་ཉར་བྱེད་སའི་སྒམ་ཆུང་ཞིག་གི་ནང་དུ་འཇོག་དགོས། ཉི་ཧོང་དུ་རང་འགུལ་སྣུམ་སྣོན་ས་ཚིགས་ཤིན་ཏུ་མང་བ་དང་སྣུམ་ག་ཚོད་དགོས་ན་རང་ཉིད་ཀྱིས་རང་འགུལ་ངང་སྒོར་མོ་སྤྲོད་དགོས་ལ། ནམ་ཡང་སྣུམ་རིན་གྱི་སྒོར་མོ་མི་སྤྲོད་པའི་མི་གཅིག་ཀྱང་མེད། ཉི་ཧོང་གི་ཚོང་ཁྲོམ་དང་རང་འདེམས་ཚོང་ཁང་། རང་འགུལ་ཉོ་སྒྲུབ་འཕྲུལ་ཆས(自动贩卖机)སོགས་གང་ཞིག་ཡིན་ནའང་དངུལ་སྒོར་བདེན་རྫུན་འབྱེད་བྱེད་ཀྱི་མ་ལག་ནང་འཇུག་གཏན་ནས་མི་བྱེད། རྒྱུ་མཚན་ནི་དངུལ་རྫུན་མ་བཀོལ་སྤྱོད་བྱེད་མཁན་མི་གཅིག་ཀྱང་མེད་པས་ཡིན།

    ཉི་ཧོང་དུ། ཅ་དངོས་བོར་ནའང་སེམས་ཁྲལ་བྱེད་མི་དགོས་ཏེ། རྒྱུ་མཚན་ནི་ཅ་དངོས་རྙེད་མཁན་གྱིས་ལམ་སང་དངོས་པོ་རྙེད་ས་དང་བར་ཐག་ཆེས་ཉེ་སའི་ཉེན་རྟོག་ཁང་ལ་སྤྲོད་པ་ཡིན། བདག་གི་གྲོགས་པོ་ཞིག་ཉི་ཧོང་ལ་བྱ་བ་སྒྲུབ་པར་སྐྱོད་དེ་ས་འོག་ལྕགས་ལམ་བརྒྱུད་ནས་མར་ཐོན་སྐབས་རང་གི་ཕྱི་གོས་འཁོར་སྒམ་ནང་ནས་བརྗེད་པ་རེད། ཁོའི་སེམས་སུ་ད་ནི་འགྲིག་མ་སོང་སྙམ་པ་དང་ཕྱི་གོས་དང་མཉམ་དུ་ཡིག་ཆ་གཙོ་བོ་སྐོར་ཞིག་དང་དངུལ་ཁུག  ཕྱི་སྐྱོད་འཛིན་ཡིག་བཅས་ཡོད། ཏག་ཏག་ཅི་བྱ་གཏོལ་མེད་ངང་ཁོ་རང་གི་སེམས་སུ་བྲེལ་འཚུབ་ཆེན་པོ་ལངས་པའི་སྐབས་སུ། མི་ཞིག་གིས་ཁོ་ལ་བོར་སྟོར་བྱུང་བའི་ཅ་དངོས་རྒྱུན་གཏན་ལྟར་གཞན་གྱིས་འབབ་ཚིགས་ལ་སྤྲོད་ངེས་ཡིན་པ་བཤད།

       ཁོ་རང་འབབ་ཚིགས་ཚོམས་ཆེན་དུ་སླེབས་དུས། ཁོ་རང་གི་ཕྱི་གོས་ནི་གཉེར་མ་དག་ལེགས་པར་ལྟེབ་ནས་ཡོད་པ་དང་། ཅ་དངོས་ཡིག་ཆ་སོགས་ཀྱང་མ་ཚང་བ་མེད་པར་འགྱིག་ཁུག་ཅིག་ཏུ་ལེགས་པར་བཞག་ནས་ཡོད་པ་མཐོང་བས། ཁོ་རང་ལ་སེམས་འགུལ་ཚད་མེད་ཐེབས། རྗེས་སུ་ཁོས་དོན་འདི་ང་ལ་གླེང་ཐེངས་རེ་རེར་ཡང་བསྐྱར་སེམས་འགུལ་ཚད་མེད་ངང་བཀའ་དྲིན་བརྗོད་ཀྱིས་མི་ལང་བ་དྲན་འོངས།

   ཉི་ཧོང་ནི་སྟོབས་འབྱོར་དར་རྒྱས་ཆེ་བའི་རྒྱལ་ཁབ་ཅིག་ཡིན་པ་ཙམ་དུ་མ་ཟད། དེ་བས་ཀྱང་མི་སེམས་བློ་བདེ་བག་ཕེབས་བྱས་ཆོག་པའི་གནས་མཆོག་རྒྱལ་ཁབ་ཅིག་ཡིན། ཉི་ཧོང་གི་ཐུན་མོང་གི་ལྟ་བ་དང་མཉམ་ལས་ཀྱི་འདུ་ཤེས་ནི་ཤིན་ཏུ་ལེགས་པ་དང་། གཞན་བཀུར་གྱི་བསམ་བློ་དང་བྱ་བ་གང་ཞིག་ཡིན་ནའང་ཐོག་མར་གཞན་པར་བསམ་བློ་བཏང་ནས་མི་གཞན་ལ་དཀའ་ལས་གང་ཡང་མི་བཟོ།

       ཁོ་རང་ཚོའི་ཕུན་ཚོགས་བླ་མེད་རིང་ལུགས་ཀྱི་ཆེས་ལེགས་པའི་དཔེ་མཚོན་ཞིག་ནི་གསང་སྤྱོད་ཁང་གི་གཙང་སྦྲའི་ཚད་ཐིག་ལ་བལྟས་ན་རྟོགས་སྲིད་དེ། ཉི་ཧོང་གི་མགྲོན་ཁང་གི་གསང་སྤྱོད་ཁང་དང་སྤྱི་སྤྱོད་གསང་སྤྱོད་ཁང་གང་ཞིག་ཡིན་ནའང་གཙང་སྦྲ་ནི་ངེས་པར་དུ་ཆེས་ལེགས་པའི་ཚད་ཐིག་ལ་སླེབས་དགོས་པ་རེད། དེ་དག་ཚང་མར་རང་འགུལ་གྱི་"ཚད་མཐོའི་"ཆུ་བཤལ་མ་ལག་སྒྲིག་བཀོད་བྱས་ཡོད། འདི་ཙམ་ནི་གསལ་བཤད་མང་ཙམ་བྱེད་དགོས་དོན་མེད་དེ་བཀོལ་སྤྱོད་མཁན་ཐམས་ཅད་ཀྱིས་ཤེས་པ་རེད།

       ཉི་ཧོང་གིས་ཁོར་ཡུག་ལ་བཏོན་པའི་རེ་འདུན་ནི་ཆེས་ཕུལ་བྱུང་དང་ཆེས་གཟབ་ནན་ཡིན་པ་གནས་དེར་འགྲོ་མྱོང་མཁན་ཚང་མས་ཤེས་སྲིད། ཉི་ཧོང་གི་སྲང་ལམ་དུ་ཟླ་བ་གསུམ་ལ་བགྲོད་སྐྱོད་བྱས་ནའང་ཀོ་ལྷམ་སྟེང་ས་རྡུལ་མི་ཆགས་པ་དང་། གད་སྙིགས་གང་ཞིག་མར་འཕེན་པ་ཡིན་ནའང་གཙང་མར་བཀྲུ་དགོས་པ་དང་དུག་སེལ་བྱས་རྗེས་གཞི་ནས་ཚུར་སྡུད་པ་རེད། ཉི་ཧོང་དུ་དུས་གཏན་དུ་ཆེས་ཡང་དག་པའི་གཙང་སྦྲ་དང་དུག་སེལ་བྱེད་པའི་ལས་ཀ་རྒྱུན་འཁྱོངས་བྱས་པའི་དབང་གིས་ཉི་ཧོང་ནི་ནད་དུག་དང་ནད་འབུ་ཕྲ་མོ་ཆེས་ཉུང་ཤོས་དང་འཕྲོད་བསྟེན་ཆེས་ལེགས་ཤོས་ཀྱི་རྒྱལ་ཁབ་ཏུ་གྱུར་བ་རེད།

      དེ་བས་མི་རྣམས་ཀྱང་ན་ཚ་བྱུང་བ་ཧ་ཅང་ཉུང་བ་དང་འཚོ་བཅུད་ཕུན་སུམ་ཚོགས་ཤིང་དོ་མཉམ་པ། ཤིན་ཏུ་བདེ་ཐང་ཡིན་པའི་སེམས་ཁམས། མཛེས་ཤིང་ཡིད་དུ་འོངས་པའི་སྤྱི་ཚོགས་ཁོར་ཡུག  སྤྱི་ཚོགས་ཕན་བདེ་འགན་སྲུང་འཐུས་སྒོ་ཚང་བ། སྨན་བཅོས་ཚན་རིག་ལག་རྩལ་དར་རྒྱས་ཆེ་བ། གཞུང་དྲང་ལྷག་སེམས་ལྡན་པའི་སྤྱི་ཚོགས་ཁོར་ཡུག  གུས་ལུགས་བརྩི་བཀུར་ལྡན་པའི་སྤྱི་ཚོགས་འབྲེལ་འདྲིས། དར་རྒྱས་ཤིན་ཏུ་ཆེ་བའི་སློབ་གསོའི་མ་ལག  གཤིས་བཟང་དཀྱེལ་ཡངས་ཡིན་པའི་སྤྱི་ཚོགས་སོགས་ཀྱིས་ཉི་ཧོང་བསྟུད་མར་ལོ་ངོ་བཞི་ཅུ་ཞེ་གཉིས་རིང་མིའི་རིགས་འཚོ་གནས་བྱེད་ས་ཆེས་ལེགས་ཤོས་ཀྱི་འཛམ་གླིང་གི་རྒྱལ་ཁབ་གྲས་ཀྱི་གཅིག་ལ་བདམས་ཐོན་བྱུང་བ་རེད།    ཉི་ཧོང་བ་ནི་བླ་མེད་ཕུན་ཚོགས་རིང་ལུགས་པ་ཡིན་པ་དང་། ཁོ་རང་ཚོ་མཐའ་དག་སྒྲིག་སྲོལ་སྲུང་བརྩིའི་དབྱིངས་སུ་ཞུགས་ནས་བསྡད་ཡོད།

    ཉི་ཧོང་གི་སྒྲིག་སྲོལ་སྲུང་བརྩི་ནི་འཛམ་གླིང་གི་སྐྱེ་བོ་ཡོངས་ཀྱིས་ཤེས་པ་དང་། ས་ཆ་གང་ཞིག་གི་ལྗོངས་རྒྱུའི་གནས་མཆོག་གང་ཞིག་ཏུ་ཡུལ་སྐོར་སྣེ་ཤན་པས་ལག་ཏུ་དར་ཆ་བཟུང་ནས་ལམ་སྣེ་ཁྲིད་སྐབས། མི་སྐོར་ཞིག་ཁ་ཁུག་སིམ་པོའི་སྒོ་ནས་གྲལ་བསྒྲིགས་ནས་སྣེ་ཤན་པའི་རྗེས་སུ་འབྲངས་ནས་མདུན་སྐྱོད་བྱེད་བཞིན་ཡོད་ན་དེ་ནི་ཉི་ཧོང་གི་མི་ཡིན་པ་ཐག་ཆོད་ཡིན། ཉི་ཧོང་བ་ནི་བླ་མེད་ཕུན་ཚོགས་རིང་ལུགས་པ་ཡིན་ལ། ཁོ་ཚོ་ལག་རྩལ་གསར་གཏོད་ཀྱི་ལས་ལ་ཞུགས་ནས་ཡོད་པ་དང་ཐོན་རྫས་ཀྱི་སྤུས་ཚད་ཚད་མེད་པར་མཐོར་འདེགས་བྱེད་པ་ཡིན་ཞིང་། དཔེར་ན་མྱུར་བགྲོད་མེ་འཁོར་(高铁)ལ་མཚོན་ནས་བཤད་ཀྱང་། ཉི་ཧོང་ནི་མྱུར་བགྲོད་མེ་འཁོར་གྱི་སྲོལ་འབྱེད་མཁན་ཐོག་མ་ཡིན་ལ། ལོ་ངོ་ཉི་ཤུ་ལྷག་རིང་གི་ཞིབ་འཇུག་དང་ཚད་ལེན་ཚོད་ལྟ། ཡང་དང་བསྐྱར་དུ་ཚད་ལེན་ཚོད་ལྟ། བསྐྱར་གསོ་སོགས་བྱས་པ་བརྒྱུད་དེ་ད་གཟོད་གཞི་ནས་རྒྱུན་ལྡན་འགྲུལ་སྐྱོད་བྱས་པ་རེད།

      ཉི་ཧོང་གི་ལག་ཆ་དང་འཕྲུལ་སྟེགས། གཞུང་སྒྲུབ་སྒྲིག་ཆས། རླངས་འཁོར། འཛད་སྤྱོད་གློག་རྡུལ། བཟོ་ལས་སྒྲིག་ཆས་སོགས་མཐའ་དག་ཀུན་ལས་ཁྱད་པར་དུ་འཕགས་པའི་ཚད་གཞི་རུ་སླེབས་པར་བྱས་ཡོད། དེ་བས་ཁོ་ཚོས་ད་གཟོད་གོ་ལ་ཡོངས་སྒེར་སྡེམ་བྱས་ཤིང་གཞན་སུའང་རྗེས་ཟིན་ཐབས་བྲལ། ཉི་ཧོང་ནི་ལྷན་སྐྱེས་སུ་ལེགས་ཐོག་ལེགས་འཚོལ་དང་ཧུར་བརྩོན་མཐའ་སྐྱེལ། བློ་རྩེ་གཅིག་ཏུ་གཞོལ་བ། བླ་མེད་ཕུན་ཚོགས་རིང་ལུགས་པ། སྒོ་ཀུན་ནས་རྩེར་སྙེག་བྱེད་པ། བླ་ལྷག་གཟབ་ནན་ཆེ་བའི་མི་རིགས་ཤིག་ཡིན་ལ། འདིའང་ཉི་ཧོང་རྒྱལ་ཁབ་སྟོབས་ལྡན་ཞིག་ཏུ་གྱུར་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན།


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ། ཨ་བུ་འབྲོང་།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 1xp4 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  ཉི་ཧོང་བས་ཅིའི་ཕྱིར་རྫུན་མ་མི་བཟོ་བ་ཡིན་ནམ།   སྤེལ་མཁན།: བློ་བཟང་ལེགས་ལྡན། སྤེལ་དུས:2022/2/10
དངོས་གནས་སེམས་འགུལ་ཐེབས་པ་ཞིག་རེད།
  ཉི་ཧོང་བས་ཅིའི་ཕྱིར་རྫུན་མ་མི་བཟོ་བ་ཡིན་ནམ།   སྤེལ་མཁན།: བློ་བཟང་ལེགས་ལྡན། སྤེལ་དུས:2022/2/10
དངོས་གནས་སེམས་འངུལ་ཐེབས་པ་ཞིག་རེད།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23503428
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།