ཁྱོད་ཀྱི་མི་ཚེ་ཧྲིལ་བོ་བརླག་པར་བྱེད་པའི་གྲོགས་པོ་རིགས་ལྔ།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 9 ཚེས 19 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བསྒྱུར་རྩོམ། »ཁྱོད་ཀྱི་མི་ཚེ་ཧྲིལ་བོ་བརླག་པར་བྱེད་པའི་གྲོགས་པོ་རིགས་ལྔ།
ཁྱོད་ཀྱི་མི་ཚེ་ཧྲིལ་བོ་བརླག་པར་བྱེད་པའི་གྲོགས་པོ་རིགས་ལྔ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2016-03-11ལྟ་ཀློག (16829)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 

ཁྱོད་ཀྱི་མི་ཚེ་ཧྲིལ་བོ་བརླག་པར་བྱེད་པའི་གྲོགས་པོ་རིགས་ལྔ།༼༡༽

毁掉你一生的五种朋友
བཛྲ་ཚུལ་ཁྲིམས་རྒྱ་མཚོས་བསྒྱུར།      班字尔慈智加措译
  ༼འདི་ནི་རྒྱའི་སློབ་དཔོན་ཅིན་ཁོན་ཞེས་པས་གསུངས་པ་ཞིག་སྟེ། ཐེངས་གཅིག་ཀློག་པས་ཕལ་ཆེ་བ་མཉམ་འཇོག་བྱེད་འོས་དང་གོ་རྒྱུ་ཡོད་པ་ཤ་སྟག་ཏུ་སྣང་བས་ཕན་པ་ཕྲན་བུ་རེ་འབྱུང་སྲིད་དམ་སྙམ་ནས། ཕ་ཡུལ་མཛོད་དགེ་རུ་སྟོད་མར་ཚ་བོ་གསེར་འོད་སྐྱབས་ཀྱི་ཁྱིམ་ནས་འཕྲལ་དུ་བསྒྱུར་བ་ཡིན་པས་ཁྱེད་ཀྱིས་ཀྱང་ཐེངས་གཅིག་ཀློག་པར་མཛོད།༽
(我在家乡佐盖仁多玛村的外甥赛沃杰家里时,看到净空法师的这几句言教,读了一遍之后,觉得大部分说得蛮有道理。因此,我觉得应该分享一下不能阅读中文的藏族同胞,所以,把它译成了藏文,不妨你也读一遍。)
    རིགས་དང་བོ་ནི། ཕ་མ་ལ་སྲི་ཞུ་མི་བྱེད་ཅིང་། ཐ་ན་ཕ་མ་ལ་གཤེ་ཞིང་བརྡེག་པར་ཡང་སྲིད་པ་ཞིག་སྟེ།  འདི་ནི་རིགས་དང་བོ་ཡིན་ལ། དུད་འགྲོ་ལའང་མི་འགྲན་པའི་མིའི་རིགས་ཤིག་གོ།༼སྲི་ཞུ་མེད་པའི་རིགས་སུ་གཏོགས་པ་རྣམས་སོ།།༽
(མ་ཕྱིའི་རྒྱ་ཡིག་ནི།)第一种人:不孝敬父母,甚至辱骂、大骂父母,此为第一种,畜生不如的人!(不孝型)
    རིགས་གཉིས་པ་ནི། གྲོགས་པོ་ལ་སྒོར་མོ་བསྐྱི་བའི་དུས་སུ་ནི་མདུན་ནས་པུས་འཛུག་དགོས་ཀྱང་འཛུགས་ལ། བྲང་ལག་པས་བརྡུང་ནས་བཀའ་དྲིན་ཞུ་བ་དང་ཆབས་གཅིག་དུས་ལྟར་ཕྱིར་སྟེར་རྒྱུའི་ཁས་ལེན་དམ་བཅའ་བྱས་ནའང་། སྒོར་མོ་ཕྱིར་སྟེར་བའི་དུས་ལ་བབ་པ་ན་ནི། གཡས་བཤོལ་གཡོན་བཤོལ་བྱེད་པའམ། རྒྱུ་མཚན་སྣ་ཚོགས་ཤིག་བཤད་ནས་གཡོལ་ཐབས་བྱེད་པའམ། ཐ་ན་ཁ་པར་ལ་སོགས་པའང་སྒོ་བརྒྱབ་ནས་གཡོལ་བར་བྱེད་ཅིང་མངོན་སུམ་ལ་བསྙོན་ལྡིང་ནས་སྐྱིན་ཚབ་མི་སྤྲོད་མཁན་རྣམས་སོ།།༼དུད་འགྲོ་དང་འདྲ་བའི་མིའི་རིགས་སུ་གཏོགས་པ་རྣམས་སོ།།༽
(མ་ཕྱིའི་རྒྱ་ཡིག་ནི།)第二种人:开口向朋友借钱的时候,恨不得跪下来,拍胸拍脯,表示感谢并承诺按时还钱,到还钱的时候,避而不见,以种种理由推脱,甚至关机躲避,赖账不还。(畜生型)
    རིགས་གསུམ་པ་ནི། ཁྱོད་ཀྱིས་ཁོ་ལ་རོགས་རམ་བྱེད་པའི་ཚེ་ན་དགའ་ཡང་། གལ་ཏེ་རོགས་རམ་མ་བྱས་ན་ངོ་ལོག་བྱེད་པ་སྟེ། ཁེ་ཕན་ཅུང་ཟད་ཅུང་ཟད་ཅིག་དང་འབྲེལ་ནས་དེ་མ་ཐག་གདོང་མདོག་ནག་པོར་འགྱུར་འགྲོ་བའི་རིགས་རྣམས་སོ།།༼ཀུན་སྤྱོད་མེད་པའི་མིའི་རིགས་སུ་གཏོགས་པ་རྣམས་སོ།།༽
(མ་ཕྱིའི་རྒྱ་ཡིག་ནི།)第三种人:你帮他是高兴,你不帮他时就反脸,涉及到一点点利益就立马黑脸的人。(无德型)
    རིགས་བཞི་བ་ནི། གཞན་ལ་གུས་བཀུར་བྱེད་མི་ཤེས་ཤིང་། རང་ཁོ་ན་གཙོ་བོར་འཛིན་པའི་མིའི་རིགས་རྣམས་སོ།།ལོ་འགའི་རིང་གོ་སྐབས་གཡོ་འཛིན་གྱིས་ཁེ་ཚོང་བུན་ལོག་བྱས་ནས་སྒོར་རྡོག་ཅུང་ཟད་རེ་རྙེད་པ་དང་། དེ་ལ་རྟེན་ནས་སྲིད་གཞུང་གི་དཔོན་པོ་འགའ་རེ་ངོ་ཤེས་པ་ན། གཞན་ཐམས་ཅད་རང་ལ་མི་འགྲན་ནོ་སྙམ་པ་དང་། རང་ཉིད་ཀྱི་དགའ་བདེ་དེ་གཞན་གྱི་སྡུག་བསྔལ་གྱི་སྟེང་ནས་བསྐྲུན་རྒྱུར་དགའ་བའི་མིའི་རིགས་སམ། རང་གི་ཁེ་ཕན་(ཅུང་ཟད་ཙམ་)གྱི་ཆེད་དུ་གཞན་མང་བོ་ལ་གནོད་པ་བྱེད་པ(ལ་ཅི་མི་སྙམ་ཞིང་)།  ཡིད་ཉོན་མོངས་ཤིང་ཉིན་རེ་བཞིན་གཞན་འཚེངས་བ་མཐོང་ན་ཡིད་དགའ་བ། ཉམ་ཐག་པ་དག་གི་མདུན་ནས་རང་ཉིད་གྱི་གྲུབ་འབྲས་ངོམ་པ་ལ་དགའ་བའི་མིའི་རིགས་རྣམས་སོ།།༼གཞན་ལ་འཚེ་བར་བྱེད་པ་གནོད་འབུ་ལྟ་བུའི་རིགས་སུ་གཏོགས་པ་རྣམས་སོ།།༽

(མ་ཕྱིའི་རྒྱ་ཡིག་ནི།)第四种人:不懂得尊重别人,以自我为中心的人。这几年投机倒把,弄到几个钱,认识了几个政府干部,觉得所有人都不如自己,习惯将快乐建立在别人的痛苦之上的人,为了自己利益损害大家利益懊恼,每天都要你好看!在弱者面前炫耀自己的成就。(损人害虫型)

    རིགས་ལྔ་བ་ནི། ༼དཔེར་ན་སྤྱིར་༽དོན་བཅུ་ཡོད་པ་ལ། ཁྱོད་ཀྱིས་ཁོ་ལ་གྲོགས་བྱས་ནས་དེ་ལས་དོན་དགུ་ཙམ་བསྒྲུབས་ཟིན་ཀྱང་། གལ་ཏེ་གཅིག་ཙམ་ཁོའི་འདོད་ཐོག་ལ་མ་བབ་ན། དེ་མ་ཐག་ངོ་ལོག་བྱེད་པ་དང། གཞན་དག་དང་འགྲོགས་པ་ན། གཞན་གྱིས་རང་ལ་བཟང་བྱས་པ་གཏན་མི་དྲན་ཞིང་། (གཞན་གྱིས་)རང་གི་འདོད་པ་ལྟར་མ་བསྒྲུབས་པ་རེ་ཡོད་ན། དེ་ཁོ་ན་ཡིད་ནས་བརྗེད་མི་ཐུབ་པའི་རིགས་རྣམས་ཏེ།།གྲོགས་པོས་རང་ལ་རོགས་རམ་བྱས་པ་དང་། རང་གི་དོན་དུ་འགྲོ་སོང་ཕུད་མྱོང་བ་ལྟ་བུ་ལ་ནི་དྲིན་དུ་གོ་བའི་བློ་གཏན་མེད་ཅིང་། བེད་སྤྱོད་མ་བྱས་ན་སྡུག་གྱོང་ཡིན་ལ། (གཞན་)བེད་སྤྱོད་བྱེད་འོས་པ་ཉིད་དོ་སྙམ་དུ་འཛིན་པའི་མིའི་རིགས་རྣམས་སོ།།༼སྤྱང་ཀིའི་བུ་གསོས་ལྟར་ཁྲེལ་མེད་པའི་མིའི་རིགས་རྣམས་སོ།།༽

)第五种人:十件事,你对他做好了九件,有一件不如他的意,就反脸。和人相处,从不记得他的好,只记得不如一他的地方,对朋友给他帮过忙,为他开销过的,从无感恩之心,认为白捡的,应该的。(白眼狼型)
    གོང་དུ་བཤད་མ་ཐག་པའི་མིའི་རིགས་འདི་དག་དང་གྲོགས་སྦྲན་པ་དེའི་ཚེ་ན་ནི། ཕལ་ཆེར་ཁྱོད་ཀྱི་མི་ཚེའི་ཕྱེད་ཀ་ཙམ་བརླག་ཚར་བ་རེད།
        交到以上的几种人,你的一生基本上毁掉一半了。
ངེས་པར་བསྒྲིག་འོས་པའི་གྲོགས་པོའི་རིགས་བཞི་ཡོད་དེ།
 【一定要交四位朋友】
 {༡}ཁྱོད་ལ་དགའ་བའི་གྲོགས་པོ་སྟེ། ཁྱོད་རང་དབུལ་ཞིང་ཕོངས་པའི་དུས་སུ་བསྐུལ་མ་དང་རོགས་རམ་བྱེད་མཁན་རྣམས་སོ།།(མ་ཕྱིའི་རྒྱ་ཡིག)1、欣赏你的朋友:在你穷困潦倒的时候鼓励你、帮助你。
   {༢}   བྲོད་པ་ཡོད་པའི་གྲོགས་པོ་སྟེ། ཁྱོད་ཡིད་སྐྱོ་ཞིང་སྡུག་བསྔལ་བའི་དུས་སུ་ཁྱོད་རང་མི་འབྲལ་ཞིང་སེམས་གསོ་བྱེད་མཁན་རྣམས་སོ།།(མ་ཕྱིའི་རྒྱ་ཡིག)2、有正能量的朋友:在你伤心难过的时候陪伴你、开解你。
   {༣}   ཁྱོད་ཀྱི་ལམ་སྣ་འཁྲིད་པའི་གྲོགས་པོ་སྟེ། རང་དོན་ཡིད་བྱེད་ཀྱིས་མ་ལྷད་པར་ཁྱོད་ཀྱི་ལམ་སྣ་འཁྲིད་ནས་ཁྱོད་ཉིད་འདམ་རྫོབ་དང་རྨོངས་མུན་ལས་སྒྲོལ་མཁན་རྣམས་སོ།།(མ་ཕྱིའི་རྒྱ་ཡིག)3、为你领路的朋友:愿意无私引领你,走过泥泞,迷雾。
   {༤}   ཁྱོད་ལ་སྐྱོན་བརྗོད་བྱེད་ཕོད་པའི་གྲོགས་པོ་སྟེ། ནམ་ཡིན་ཡང་ཁྱོད་ལ་དྲན་བསྐུལ་དང་ལྟ་ཞིབ་བྱེད་ཅིང་། ཁྱོད་རང་ཀྱོག་ཀྱོག་འབའ་ཞིག་གི་མི་ཚེའི་བགྲོད་ལམ་ལ་བརྒྱུད་དུ་འཇུག་མི་འདོད་མཁན་རྣམས་སོ།།
4、会批评的的朋友:时刻提醒你,监督你,不希望你的人生路走的磕磕绊绊。

          (དོན་བསྒྱུར་གཙོ་བོར་བྱས་པའོོ།།) ༢༠༡༦ལོའི་ཟླ་༣ཚེས་༡༡ཉིན།   2016年3月11日


རྩོམ་ཡིག་མཁོ་སྤྲོད་པ། གླིང་བུའི་སྙེ་མ་་ཡིན། 

རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་། 


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། wtl0 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  ཁྱོད་ཀྱི་མི་ཚེ་ཧྲིལ་བོ་བརླག་པར་བྱེད་པའི་གྲོགས་པོ་རིགས་ལྔ།   སྤེལ་མཁན།: གཡག སྤེལ་དུས:2016/4/1
ངོ་མ་བཟང་ཀི
tretinoin corladjunin.org.pe cipro pill
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
5784712
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号