ཁྱེད་ནི་ངས་ཆེས་གུས་བཀུར་བྱེད་འདོད་པའི་རླབས་ཆེན་གྱི་མི་སྣ་ཞིག་ཡིན།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 27 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བསྒྱུར་རྩོམ། »ཁྱེད་ནི་ངས་ཆེས་གུས་བཀུར་བྱེད་འདོད་པའི་རླབས་ཆེན་གྱི་མི་སྣ་ཞིག
ཁྱེད་ནི་ངས་ཆེས་གུས་བཀུར་བྱེད་འདོད་པའི་རླབས་ཆེན་གྱི་མི་སྣ་ཞིག་ཡིན།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2016-03-08ལྟ་ཀློག (6733)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

您是我最敬佩的伟人之一

ཁྱེད་ནི་ངས་ཆེས་གུས་བཀུར་བྱེད་འདོད་པའི་རླབས་ཆེན་གྱི་མི་སྣ་ཞིག་ཡིན།

བཛྲ་ཚུལ་ཁྲིམས་རྒྱ་མཚོས་བསྒྱུར།

           那是一个风雪交加的年月,即1938年年底。有一位年轻的伦敦股票交易员,名叫尼古拉斯温顿,因受朋友之邀打算到瑞士去欢度圣诞假期。但他途经捷克时,却发现了一大批被纳粹扣留的犹太儿童,即将面临着极为惨酷的命运,也就是二战一触即发的时候了。于是他取消了去瑞士的计划,而游说德国军方放过这些孩子,并请求交给他运往英国。谁都知道这样的救助工作是十分危险而艰辛的工作。但他对急救这些无辜孩子的精神从未衰退过,勇往直前的脚步从未退缩过。因此,最终他动用各种关系,用8列火车救出了669个孩子,而那些孩子的父母,很多都未能活着走出集中营。随着二战的到来,温顿加入了英国皇家空军。战后,他不仅遇到了自己心爱的女人Grete,而且跟她结婚了。但是他在战前解救那么多孩子举动,他从未对谁提起。

       དེ་ནི་ཁ་རླུང་བུ་ཡུག་འཚུབ་པའི་ལོ་ཟླ་ཞིག་སྟེ། ༡༩༣༨ལོའི་ལོ་མཇུག་དེར་ལན་ཊོན་དུ་ན་གཞོན་མ་རྐང་དངུལ་ལོར་ཉོ་ཚོང་བྱེད་མཁན་མིང་ལ་ནེ་ཀོའུ་ལ་སི་བུན་ཏུན་ཞེས་ཟེར་བ་ཞིག་ཡོད་དོ།། ཁོ་གྲོགས་པོས་གདན་དྲངས་པ་ལྟར་སེའུ་ཙེར་ལ་ཡེ་ཤུའི་འཁྲུངས་སྐར་གྱི་གུང་གསེང་སྤྲོ་འཆམ་བྱེད་དུ་འགྲོ་རྩིས་བྱས། འོན་ཀྱང་ཅེ་ཁི་བརྒྱུད་ནས་འགྲོ་སྐབས། ན་ཙིས་བཀག་བསྐྱིལ་བྱས་པའི་ཡིའུ་ཐའེ་རིགས་ཀྱི་བྱིས་པ་མང་བོ་ཞིག་ཆེས་ཡ་ང་བའི་ལས་དབང་ལྕི་མོ་ཞིག་ལ་འཕྲད་དུ་ཉེ་ནས་ཡོད་པ་ཚོར་བྱུང་། སྐབས་དེ་ནི་འཛམ་གླིང་འཁྲུག་ཆེན་གཉིས་པ་ལངས་ལ་ཁད་དུ་ཡོད་པའི་སྐབས་ཤིག་རེད།  དེ་ནས་ཁོ་སེའུ་ཙེར་ལ་འགྲོ་མཚམས་བཞག་ནས་ལྗར་མན་དམག་དཔུང་ལ་བྱིས་པ་འདི་དག་གཏོང་དགོས་ཚུལ་ཐབས་ཀྱིས་ཞུས་ཤིང་། དེར་མ་ཟད་ཁོང་རང་ཉིད་ལ་སྤྲད་དེ་དབྱིན་ཇི་ལ་སྐྱེལ་དུ་འཇུག་རྒྱུའི་རེ་བ་བཏོན། འདི་ལྟ་བུའི་སྲོག་སྐྱོབ་བྱེད་པའི་བྱ་བ་ནི་ཆེས་ཉེན་ཁ་ཆེ་ཞིང་དཀའ་ངལ་ལྡན་པ་ཞིག་ཡིན་པ་སུས་ཀྱང་ཤེས་ནུས་པ་ཞིག་རེད།  འོན་ཀྱང་ཁོ་ནམ་ཡང་ཉེས་མེད་ཀྱི་བྱིས་པ་དེ་དག་མྱུར་སྐྱོབ་བྱེད་པའི་སྙིང་སྟོབས་ཉམས་མ་མྱོང་ཞིང་། གོམ་ཁ་ལྷོད་མ་མྱོང་བས་མཇུག་མཐར་ཁོས་འབྲེལ་ལམ་སྣ་ཚོགས་བརྒྱུད་དེ་མེ་འཁོར་བརྒྱད་བཙལ་ནས་བྱིས་པ་ ༦༦༩ བསྐྱབས་པ་རེད། ཡིན་ནའང་བྱིས་པ་དེ་ཚོའི་ཕ་མ་རྣམས་ནི་ཕལ་མོ་ཆེ་བཙོན་ཁང་ནས་ཐར་མ་ཐུབ། བིན་ཏུན་ཡང་འཛམ་གླིང་འཁྲུག་ཆེན་གཉིས་པ་ལངས་པ་དང་མཉམ་དུ་དབྱིན་ཇིའི་རྒྱལ་གཞུང་མཁའ་དམག་ལ་ཞུགས། དེ་ནས་གཡུལ་འཁྲུག་མཇུག་བསྒྲིལ་རྗེས། ཁོ་ཡང་རང་ཉིད་ཆེས་དགའ་སའི་བུད་མེད་ Grete གྷི་རིས་ཋིས་ཞེས་པ་དང་ཕྲད་པར་མ་ཟད། དེ་དང་གཉེན་བསྒྲིགས་བྱས། འོན་ཀྱང་ཁོས་གཡུལ་འཁྲུག་གི་སྔོན་དུ་བྱིས་པ་མང་བོ་ཞིག་གི་སྲོག་བསྐྱབས་པའི་བྱ་སྤྱོད་དེ་སུ་གཅིག་ལའང་གླེང་མ་མྱོང་།

         1988年,Grete打扫阁楼时,从旧箱子里发现了一个清单,上面写着丈夫曾解救的孩子,以及接纳他们的家庭等细节,Grete当场被震惊得潸然泪下。

         ༡༩༨༨ལོར། ཁོའི་ལྕམ་མོ་གྷི་རིས་ཋི་ ( Grete ) ཞེས་པས་ལྡིང་ཁང་ནང་གཙང་ཉར་བྱེད་སྐབས་སྒམ་ཆུང་རྙིང་བ་ཞིག་གི་ནང་ན་མིང་ཐོ་ཞིག་ཡོད་པ་མཐོང་བས་ཞིབ་ཏུ་བལྟས་པ་ན། དེའི་ནང་དུ་ཁྱོ་གས་བྱིས་པ་མང་བོ་ཞིག་བསྐྱབས་པའི་གནས་ཚུལ་དང་བྱིས་པ་རྣམས་གཉོར་སྐྱོང་བྱེད་མཁན་ཁྱིམ་ཚང་གི་གནས་ཚུལ་སོགས་ཞིབ་རྒྱས་བཀོད་འདུག་པ་མཐོང་བས་ལྕམ་མོ་གྷི་རིས་ཋི་ Grete ཧ་ལས་ཤིང་ཧང་སངས་ཏེ་མིག་ཆུ་མང་བོ་དབང་མེད་དུ་ཤོར་སོང་།

        很快BBC邀请这位老英雄“简单谈谈”往事,节目中主持人突然宣布,他身旁的女士就是当年的孩子…,温顿错愕不已…快结束时,主持人又问:现场有谁也是被他所救,请站起来好吗?温顿怎么也没有想到,身后数排中年人齐刷刷站起来,老英雄缓缓起身,向当年被自己抱上火车的孩子们点头致意,回过身后,他淡然地,用手帕轻轻的擦拭夺眶而出的泪水。

         དེ་ནས་ཅང་མ་འགོར་བར་ BBC ཞེས་པས་དཔའ་བོ་རྒན་པ་འདི་ཉིད་གདན་དྲངས་ཏེ་འདས་དོན་དེ་ཉིད་མདོར་བསྡུས་ཤིག་གསུང་དུ་བཅུག སྐབས་དེར་མདོ་འཛིན་པས་གློ་བུར་དུ་གསལ་བསྒྲགས་བྱེད་རྒྱུར། ཁོང་གི་འགྲམ་དེར་ཡོད་པའི་བུད་མེད་དེ་ཡང་སྔོན་གྱི་བྱིས་པ་དེ་དག་གི་གྲས་ཤིག་རེད་ཅེས་སོགས་ཟེེར་བྱུང་བར། བིན་ཏུན་བསམ་ཡུལ་ལས་འདས་པ་ལྟ་བུར་གྱུར། དེ་ནས་མཇུག་བསྒྲིལ་ལ་ཉེ་བ་ན་ཡང་མདོ་འཛིན་པས། འདིའི་ནང་ན་ད་དུང་ཁོང་གིས་བསྐྱབས་མྱོང་བ་སུ་གང་ཞིག་ཡོད་ན་ཡར་བཞེངས་རོགས་ཞེས་བཤད་པ་ན། བིན་ཏུན་གྱི་བསམ་པའི་གུད་ལའང་མ་དྲན་པ་ཞིག་ནི། ཁོའི་རྒྱབ་ལོགས་སུ་ཡོད་པའི་མི་དར་མ་གྲལ་འཕྲེང་འགའ་ཙམ་མཉམ་ཤིག་གེར་ཡར་ལངས་བྱུང་། དེ་ནས་ནེ་ཀོའུ་ལ་སི་བིན་ཏུན་དལ་བུར་ཡར་ལངས་ནས་སྔོན་རང་ཉིད་ཀྱིས་མེ་འཁོར་དུ་བཞག་ནས་བསྐྱབས་པའི་བྱིས་པ་རྣམས་ལ་མགོ་བོ་བསྒུར་ཙམ་བྱས་ཞིང་གུས་འདུད་ཅིག་ཞུས། དལ་མོར་ཕྱིར་འཁོར་ནས་ལག་ཕྱིས་བླངས་ཏེ་ཁོའི་མིག་གོང་ནས་ཐོལ་གྱིས་ཤོར་བའི་མཆི་མ་ཕྱི་ཙམ་བྱས།

       2009年,为纪念义举70周年,一列“温顿火车”从布拉格开抵伦敦。当年被他直接救出的孩子及其家族,命名为“温顿小孩”的6000多人赶到英国,重逢场面一度泪奔失控,一定是爱有天意:劫后余生的人们,能在和平年代欣喜重逢。

        ༢༠༠༩ལོར། དྲང་བདེན་གྱི་བྱ་སྤྱོད་དེ་ལོ་འཁོར་བདུན་ཅུ་འཁོར་བར་རྗེས་དྲན་བྱེད་ཆེད། བིན་ཏུན་མེ་འཁོར་ཞེས་པ་ཞིག་ཅེ་ཁིའི་རྒྱལ་ས་པུའུ་ལཱ་ཀི་ནས་དབྱིན་ཇིའི་རྒྱལ་ས་ལོན་ཊོན་བར་དུ་གཏོང་འགོ་བཙུགས། བིན་ཏུན་བྱིས་པ་ཞེས་བཏགས་པ་ཁོང་གིས་དངོས་སུ་བསྐྱབས་པ་དང་དེའི་མི་རྒྱུད་དང་བཅས་པ་མི ༦༠༠༠ ལྷག་ཙམ་དབྱིན་ཇིར་ཐོན་བྱུང་ཞིང་སླར་ཡང་འདུ་འཛོམས་བྱུང་བའི་རྣམ་པ་དེས་ཁོ་ཚོའི་མིག་ཆུ་རང་དབང་མེད་པར་འཆོར་དུ་བཅུག་སོང་། དེ་ལྟར་ཡ་ང་བའི་གོད་ཆག་དེ་འདྲ་བྱུང་རྗེས་སུ་ལྷག་མར་ལུས་པའི་མི་རྣམས་སླར་ཡང་འདི་ལྟར་སྤྲོ་དགའི་ངང་མཇལ་འཛོམས་བྱུང་བ་ནི། ངེས་པར་གནམ་རྒན་མ་སྙིང་རྗེ་ཤོར་བ་ཡིན་ནམ་ཅི་སྙམ་པ་འཆར་རོ།།

      Peter Miles,也是他当年解救的孩子之一,现在也成为白发老人了,不仅如此,被他当年解救的其他青年和小男孩都已白发苍苍。Peter的孙子孙女也前来感谢救命恩人:谢谢你,给了我们生命!当年获救的孩子中,不乏后来的社会名流,比如著名电影导演卡雷尔.赖兹。工党政治家杜布斯勋爵说:“我的命是他给的。”

         ཕིས་ཋིར་མེལ་སི་ ( Peter Miles ) ཡང་ཁོང་གིས་དེའི་སྐབས་སུ་བསྐྱབས་པའི་བྱིས་པ་ཞིག་རེད། ད་སྐབས་ཁོ་ཡང་སྐྲ་ལོ་དུང་ལྟར་དཀར་བའི་རྒན་པོ་ཞིག་ཏུ་གྱུར་ཡོད། དེར་མ་ཟད་དེའི་སྐབས་སུ་བསྐྱབས་པའི་ན་གཞོན་དང་བྱིས་པ་ཕལ་མོ་ཆེ་ད་ལྟ་སྐྲ་ལོ་དཀར་སང་སང་དུ་གྱུར་ཟིན་འདུག ཕིས་ཋིར་གྱི་ཚ་བོ་ཚ་མོ་རྣམས་ཀྱང་ཆེད་དུ་འོངས་ཏེ་སྲོག་སྐྱོབ་ཀྱི་དྲིན་ཅན་ལ། ང་ཚོའི་ཚེ་སྲོག་ནི་ཁྱེད་ཀྱིས་གནང་བས་ཐུགས་རྗེ་ཆེ་ཞེས་ཆེད་དུ་དྲིན་བཟོ་ཞུས། སྔར་བསྐྱབས་པའི་བྱིས་པ་དེ་དག་གི་ནང་ན་ཕྱིས་ཀྱི་སྤྱི་ཚོགས་ཁྲོད་སྙན་གྲགས་ཆེ་བའི་མི་སྣ་ཡང་མང་བོ་འདུག་སྟེ། དཔེར་ན་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་ཁཱ་ལེར་ལེ་ཚི་ལྟ་བུས་མཚོན་ནོ།། གུང་ཏང་ངམ་བཟོ་ཏང་ཆབ་སྲིད་པ་སྐུ་དྲག་ཏུའུ་པུའུ་སིས་ཀྱང་། ངའི་ཚེ་སྲོག་ནི་ཁོང་གིས་བསྩལ་བ་རེད་ཅེས་ཟེར་རོ།།

       这一次他没法低调了,英国女王也不仅接见了他,并授予爵士勋位;捷克总统为老人颁发白狮勋章。人们都称他为“英国辛德勒”。而他依旧内敛,淡然,从未表露出救世主般的神色。他说:“有的人生来伟大,有的人追求伟大,有的人硬被人说伟大。”温顿认为自己显然是第三种。也许正是这种简单、豁达,让他获得了不可思议的长寿,2015年7月1日,温顿告别了他温柔以待的人世,享年106岁。

       ད་རེས་ནི་ཁོང་གོ་མེད་ཚོར་མེད་དུ་སྡོད་དབང་མ་བྱིན་པར་འདུག་སྟེ། དབྱིན་ཇིའི་རྒྱལ་མོས་ཀྱང་དངོས་སུ་ཁོང་ལ་མཇལ་འཕྲད་གནང་བར་མ་ཟད། སྐུ་དྲག་གི་གོ་གནས་ཀྱང་གནང་བ་རེད། ཅེ་ཁིའི་སྲིད་འཛིན་གྱིས་ཀྱང་ཁོང་ལ་སེང་དཀར་གཟེངས་རྟགས་ ( འདི་ནི་ཅེ་ཁིའི་རྒྱལ་ཁབ་ཀྱི་ཆེས་མཐོ་བའི་བྱས་རྗེས་མཚོན་པའི་གཟེངས་རྟགས་ཤིག་རེད། ) བསྩལ་ཏོ།། དེའི་ཕྱིར་མི་རྣམས་ཀྱིས་ཁོང་ལ་དབྱིན་ཇིའི་ཞིན་ཏི་ལི་ ( སྔོན་ཨོ་སི་ཁཱ་ཞིན་ཏི་ལི་ཞེས་པ་ལྗར་མན་གྱི་ཚོང་བ་གྲགས་ཅན་ཞིག་སྟེ། ཡིའུ་ཐེ་མི་རིགས་མང་བོ་བསྐྱབས་པའི་དྲང་བདེན་གྱི་ཚད་དུ་འཇོག་རྒྱུའི་མི་ཞིག་ཡོད་པ་དེར་དཔེ་བླངས་པ་རེད། ) ཞེས་འབོད་པ་བྱུང་། ཡིན་ན་ཡང་ཁོང་ནི་མངོན་ཆུང་བྱས་ནས་བཞུགས་རྒྱུར་དགའ་ཞིང་རྙེད་བཀུར་སྙན་གྲགས་ལ་ཅི་ཡང་མི་བརྩི་བ་ཞིག་ཡིན་པས། སྐྱབས་མགོན་ལྟ་བུའི་ཉམས་ནི་ནམ་ཡང་བསྟན་མ་མྱོང་ངོ་།། ཁོང་གིས་གསུངས་རྒྱུར། མི་ལ་ལ་ཞིག་ནི་རང་བཞིན་གྱིས་རླབས་ཆེན་ཡིན་ལ། འགའ་ཞིག་ནི་རླབས་ཆེན་ལ་བརྩོན་པར་བྱེད་དོ།། འོན་ཏེ་ཁ་ཅིག་ནི་མི་རྣམས་ཀྱིས་བཙན་ཤེད་ཀྱིས་རླབས་ཆེན་དུ་བསྒྲགས་པ་ཙམ་ཡིན།  བིན་ཏུན་གྱིས་རང་ཉིད་ནི་རིགས་གསུམ་པར་གཏོགས་པར་འདོད་དོ།། དེ་ཡང་འདི་ལྟར་བབ་ཆགས་དང་བློ་ཁོག་ཆེ་བ་དེས། ཕལ་ཆེར་ཁོང་འདི་ལྟར་བསམ་ཡུལ་ལས་འདས་པའི་སྐུ་ཚེ་རིང་བ་ཞིག་ཏུ་གྱུར་བཅུག་གམ་སྙམ་སྟེ། སྤྱི་ལོ་༢༠༡༥ལོའི་ཟླ་༧ཚེས་༡ཉིན། ཁོང་ཡང་དགུང་ལོ་༡༠༦ལོན་ནས་ཁོང་གིས་རྟག་པར་ཞི་བདེའི་ཉམས་ཀྱིས་བསྐྱངས་པའི་འཇིག་རྟེན་འདི་དང་གཏན་བྲལ་བྱས་སོང་ངོ་།།

སྤྱི་ལོ་༢༠༡༦ལོའི་ཟླ་༣ཚེས་༧ཉིན། བཛྲ་ཚུལ་ཁྲིམས་རྒྱ་མཚོས་ཕ་ཡུལ་མཛོད་དགེ་རུ་སྟོད་མ་ནས་བསྒྱུར་བའོ།།

2016年3月7日班字尔慈智加措译于家乡佐盖仁多玛。

རྩོམ་ཡིག་མཁོ་སྤྲོད་པ། གསར་འགོད་པ་ཚེ་རིས། 


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ། ཨ་བུ་འབྲོང་།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། wtm0 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23541850
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།