འཇིག་རྟེན་འཕུར་སྐྱོད་པ་ཞིག་གིས་མཁའ་དབྱིངས་ནས་གོ་ལར་བལྟས་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 27 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »འཇིག་རྟེན་འཕུར་སྐྱོད་པ་ཞིག་གིས་མཁའ་དབྱིངས་ནས་གོ་ལར་བལྟས་པ།
འཇིག་རྟེན་འཕུར་སྐྱོད་པ་ཞིག་གིས་མཁའ་དབྱིངས་ནས་གོ་ལར་བལྟས་པ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2016-03-05ལྟ་ཀློག (4162)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

འཇིག་རྟེན་འཕུར་སྐྱོད་པ་ཞིག་གིས་མཁའ་དབྱིངས་ནས་གོ་ལར་བལྟས་པ།
     
  ཨ་རིའི་འཇིག་རྟེན་འཕུར་སྐྱོད་པ་སི་ཁི་ཐི•ཁེ་ལེས་(Scott Kelly)ལོ་རྒྱུས་སྟེང་ཆེས་རིང་བའི་མཁའ་དབྱིངས་འཕུར་སྐྱོད་ཀྱི་འགྲུལ་བཞུད་མཇུག་རྫོགས་ལ་ཉེ། ཁོ་རང་གིས་རྒྱལ་སྤྱིའི་མཁའ་དབྱིངས་འབབ་ཚིགས་(国际空间站)སུ་"སྐྱབས་མགོན་གྱི་མཐོང་ཟུར་"ནས་ང་ཚོ་ལ་མཁའ་དབྱིངས་ཀྱི་ངོ་མཚར་བའི་སྣང་ཚུལ་མང་བོ་ཞིག་མིག་གི་དགའ་སྟོན་དུ་ཕུལ་ཡོད། ཁེ་ལེའི་"མཁའ་དབྱིངས་ཀྱི་ལོ་ངོ་གཅིག་"ལ་རྟེན་འབྲེལ་ཞུ་སླད། ང་ཚོས་ཁོང་གིས་མཁའ་དབྱིངས་སུ་པར་དུ་སྒྲོན་པའི་བརྩམས་ཆོས་ཕུལ་བྱུང་འགའ་བདམས་པ་ཡིན་ལ་ཁ་བྱང་ལ་འོད་སྣང་གི་བྲོ་གར་ཞེས་བཏགས་པ་ཡིན། 2016.1.20ཉིན།  སི་ཁི་ཐི•ཁེ་ལེས་ཡོ་རོབ་འཇིག་རྟེན་འཕུར་སྐྱོད་སྡེ་ཁག་(欧洲航天局)གི་འཇིག་རྟེན་འཕུར་སྐྱོད་པ་Tim Peakeདང་མཉམ་དུ་གླིང་སྣེའི་འོད་ཟེར་ཀྱི་པར་རིས་སྐོར་ཞིག་ལ་མཉམ་རོལ་བྱས། ཉི་གཞོན་གྱིས་སྤྲོས་པའི་ནུས་པ་ཆེ་བའི་གཞི་རྡུལ་(高能粒子)དང་སའི་གོ་ལའི་ཁབ་ལེན་ར་བ(地球的磁场)། གཞན་རླུང་ཁམས་ཆེན་མོའི་ཆགས་རིམ་(大气层)བཅས་ཕན་ཚུན་བར་གྱི་སྒུལ་རེས་ཀྱིས། སའི་གོ་ལའི་བར་སྣང་དུ་མཛེས་སྡུག་ཡིད་དབང་འཕྲོག་པའི་འོད་སྣང་གི་བྲོ་གར་འཁྲབ་བཞིན་ཡོད།


   ཉིན་གྲངས་340རིང་དུ་སའི་གོ་ལར་བསྐོར་བ་ཐེངས་5000ལས་བརྒལ་བ་བྱས་ཤིང་། རྔུལ་ཆུ་དང་གཅིན་པའི་ནང་ནས་འཐུང་ཆུ་ཧྲིན་(升)750ཙམ་བླངས་པ་རེད། གཟའ་འཁོར་འདིའི་རེས་གཟའ་ཕུར་བའི་ཉིན། ཨ་རིའི་འཇིག་རྟེན་འཕུར་བསྐྱོད་པ་སི་ཁི་ཐི•ཁེ་ལེ་དང་ཨུ་རུ་སུའི་འཇིག་རྟེན་འཕུར་སྐྱོད་པ་མེ་ཧ་ཡེ་ཨར•ཁི་ཨར་ནེ་ཡ་ཨུན་ཁི་(Mikhail Korniyenko)མ་ཡུམ་སྐར་མ་གོ་ལ་རུ་ཕྱིར་ལོག་རྩིས་ཡོད་ལ། ཁོ་ཚོ་ལེགས་འགྲུབ་ངང་"མཁའ་དབྱིངས་ཀྱི་ལོ་གཅིག་"ལ་རྫོགས་ཚིག་བཀོད་པ་རེད། འགྲུལ་བཞུད་རིང་མོ་འདི་ལ་འགན་འཁྲིའི་སྙིང་སྟོབས་དང་ཁེ་ལེས་པར་དུ་སྒྲོན་པའི་ངོ་མཚར་བའི་པར་རིས་དག་ནི་མི་རྣམས་ཀྱིས་སེམས་སུ་རི་མོ་བཞིན་དུ་དམ་པོར་འཛིན་པར་བྱེད་ངེས་ཡིན། དམར་བོ་དང་ལྗང་ཁུ་བསྡེབས་པའི་པར་རིས་འདི་ནི། 2016.2.16ཉིན། འཕུར་གྲུ་ཡེ་ལང་(伊朗)གི་ཆེས་སྐད་གྲགས་ལྡན་པའི་མཚེའུ་བོ་ཨར་མེའི(Lake Urmia)ནུབ་བྱང་གི་མཁའ་དབྱིངས་བརྒྱུད་ནས་འཕུར་སྐབས། ཁེ་ལེས་གཡུ་མདོག་གི་མཚེའུ་པར་དུ་བརྒྱབ་པ་རེད། ཉེ་བའི་ལོ་ངོ་བཅུ་ལྷག་གི་རིང་དུ། མཚེའུ་འདིའི་ངོས་ཧ་ཅང་ཇེ་ཆུང་ལ་སོང་བ་དང་ད་ལྟ་ཆུའི་མང་ཉུང་གི་ཚད་ནི་དུས་རབས་20བའི་ལོ་རབས་70བའི་10%ཙམ་ལས་མེད།
   སའི་གོ་ལའི་ངོས་དང་བར་ཐག་སྤྱི་ལེ་400ཡོད་པའི་མཁའ་དབྱིངས་སུ། ཁེ་ལེས་མཛེས་སྡུག་གི་དོན་སྤྱི་ལྟ་བུའི་པར་རིས་བརྒྱ་ཕྲག་འགའ་བླངས་པ་དང་ང་ཚོའི་སྐར་མའི་གོ་ལ་འདིའི་ས་ངོས་ཆགས་ཚུལ་དང་ཆུ་བོའི་འབབ་རྒྱུད་དག་ལ་ཟིན་ཐོ་བྲིས་ཡོད། ཁོ་རང་གིས་མཐིང་མདོག་གི་རྒྱ་མཚོའི་འཇིངས་སུ་དྲག་རླུང་གིས་ལྡིང་བསྐོར་རྒྱག་པ་མཐོང་བ་དང་། ཡིད་ཀྱི་བརྟན་པ་ཀུན་ནས་འཕྲོག་པའི་འོད་དུ་འཚེར་བའི་གླིང་སྣེའི་འོད་ཟེར་མཐོང་བ་རེད། ཁོ་རང་གིས་རྒྱ་མཚོའི་གྲམ་ཐང་དང་བྱེ་མ། ནགས་ཚལ་སོགས་པར་དུ་བླངས་ནས་ཡོད་ལ། སའི་གོ་ལའི་ས་གཞི་དང་ཆུ་བོའི་རྒྱུད་དག་ནི་སྒྱུ་རྩལ་པ་དག་གིས་བཞེངས་བསྐྲུན་བྱས་པའི་དོན་སྤྱི་ལྟ་བུའི་རི་མོའི་བརྩམས་ཆོས་རེ་རེ་ལ་གྱུར་ནས་ཡོད། པར་རིས་འདི་ནི་འཇིག་རྟེན་མཁའ་དབྱིངས་ཀྱི་ཁྱིམ་གཞི་ཡིན། 2015.8.9ཉིན། མཁའ་དབྱིངས་ས་ཚིགས་ཧིན་རྡུ་རྒྱ་མཚོའི་ཤར་ཕྱོགས་བརྒྱུད་ནས་འཕུར་སྐབས། ཁེ་ལེས་སའི་གོ་ལ་དང་མཁའ་དབྱིངས་ས་ཚིགས། དགུ་ཚིགས་ཀྱི་མ་ལག་བཅས་པར་དུ་སྒྲོན་པ་རེད།  དགུ་ཚིགས་ཀྱི་མ་ལག་སྐོར་ལ་ཁོང་གིས་བཤད་རྒྱུར། "ཁྱེད་ནི་དེ་འདྲའི་རྒས་ཤིང་ས་རྡུལ་གྱིས་ཁེབས་པ་དང་། རླུང་གཟུགས་ཀྱིས་བཀང་བར་མ་ཟད་ཀྱ་ཀྱུའི་འགྱུར་ལྡོག་ཡོད་ནའང་། འདི་ལྟ་བུའི་མཛེས་སྡུག་ལ་འགྲན་ཟླ་མེད་པ་ཞིག་རེད་"ཟེར།


   ཆུ་ཚོན་རི་མོ། འདི་ནི་2015.10.12ཉིན། ཁེ་ལེས་ཨོ་ཏ་ལེ་ཡ་ཤར་ཕྱོགས་ཀྱི་མཁའ་དབྱིངས་སུ་པར་རིས་17ཙམ་བླངས་པ་དང་། དེའི་ཁྲོད་ཀྱི་ཨང་བཅུ་གཅིག་པ་ནི་ཨོ་ཏ་ལེ་ཡའི་ཏེ་ཡ་མན་ཏེ་ན་གཙང་བོ་(Diamantina River)རེད། གཙང་བོ་འདི་འཛམ་གླིང་གི་ཆེས་རྒྱ་ཆེ་ཤོས་དང་ཆེས་གཏིང་ཟབ་པའི་ཆུ་གསོག་རྫིང་བུ་སྟེ། རང་བྱུང་གི་ཆུ་བོ་འབབ་སའི་གཤོང་ས་ཆེན་མོ་ཡིན།


   མ་འོངས་སྔོན་འགོག  སྤྱི་ལོ་2015.6.15ཉིན། རྒྱལ་སྤྱིའི་བར་སྣང་འབབ་ཚིགས་མངའ་སྡེ་ཏི་ཁི་ས་སིའི་མཚོ་འགྲམ་ནས་འཕུར་སྐབས། ཁེ་ལེས་མོ་ཞི་ཀི་མཚོ་འགག་གི་མཁའ་དབྱིངས་ནས་ཚ་ཁུལ་དྲག་རླུང་"པེ་ཨར་"པར་དུ་བརྒྱབ་པ་དང་། ཐེངས་འདིའི་ཚ་ཁུལ་དྲག་རླུང་གིས་མངའ་སྡེ་ཏི་ཀྲོ་དང་ཨ་རིའི་དབུས་ནུབ་ཁུལ་གྱི་ས་ཁུལ་མང་ཆེ་ཤོས་ལ་དྲག་ཆར་འབབ་པར་བྱས་པ་རེད།

   ཡངས་པའི་ནོར་འཛིན་ཁ་བའི་གོས་ཀྱིས་བཀླུབས། སྤྱི་ལོ་2016.1.12ཉིན། ཁེ་ལེ་ཨུ་རུ་སུ་ཤར་ལྷོའི་ཕེ་ཨར་ཞེ་ཨ་ནོ་ཧྥི་ཁའི་(Novopersianovka)མཁའ་དབྱིངས་བརྒྱུད་སྐབས་ཁ་བ་དང་འཁྱགས་དར་གྱིས་གཡོགས་པའི་ཞིང་ས་ལེབ་མོ་རེ་རེ་པར་དུ་བླངས་པ་རེད།

   ལྷུན་པོའི་བང་རིམ་མཐོན་པོ། ཁེ་ལེས་ཐེངས་གཉིས་ཙམ་ལ་དྲ་ཐོག་ཏུ་པར་འདི་སྤེལ་བ་རེད། ཐེངས་དང་བོ་ནི་སྤྱི་ལོ་2015.9.16ཉིན་དང་གཞན་"སའི་གོ་ལའི་སྒྱུ་རྩལ་"ཁ་ཤས་མཉམ་དུ་སྤེལ་བ་རེད། ཐེངས་སྔོན་མ་དེ་ནི་སྤྱི་ལོ་2015.4.15ཉིན་རེད། ས་ཁམས་ཀྱི་ས་ཚིགས་ལ་དགའ་མཁན་ཚོས་པར་རིས་འདི་ནི་ཀྲུང་གོའི་ནུབ་བྱང་ཁུལ་ཡིན་པར་འདོད་པ་དང་། ཡིན་ནའང་ས་གནས་ངོ་མ་གང་ཡིན་གསལ་ཐག་ཆོད་དཀའ།

   སྟོང་སྣང་གི་སྒྱུ་འཕྲུལ། སྤྱི་ལོ་2015.12.6ཉིན།ཁེ་ལེས་མཁའ་དབྱིངས་འབབ་ཚིགས་ནས་རྒྱུ་སྐར་འཁོར་ལམ་མཐུན་གཉེར་ཁང་(轨道ATK公司)གི་ངང་དཀར་རྟགས་ཅན་ཟོག་འདྲེན་འཕུར་གྲུ་མངའ་སྡེ་ཧྥོ་ལོ་རེ་ཏ་ཁཱ་ན་བེ་ལ་ཨར་ནས་མཁའ་དབྱིངས་སུ་འཕགས་ཏེ་འགྲུལ་བཞུད་བྱེད་བཞིན་པ་མཐོང་ནས་པར་དུ་སྒྲོན་པ་རེད། ཟོག་འདྲེན་འཕུར་གྲུ་འདི་ནི་ཟླ་12.9ཉིན་རྒྱལ་སྤྱིའི་མཁའ་དབྱིངས་འབབ་ཚིགས་དང་བདེ་ལེགས་ངང་སྦྲེལ་མཐུད་བྱུང་བ་དང་། ཁོ་ཚོར་དངོས་ཟོག་ལྗིད་ཚད་ཏུན་3ལྷག་ཁྱེར་ནས་འོངས་ཡོད།

   ཕྱི་ཤུན་མེད་པའི་ས་ཆེན་སྐྱ་བོ། སྤྱི་ལོ་2016.2.22ཉིན། ཨེ་ཅིབ་ལྷོ་ནུབ་ཁུལ་དང་ལེ་པེ་ཡའི་ས་མཚམས་ཀྱི་Qesm Al Wahat Ad Dakhlahས་ཁུལ་དུ་ཁེ་ལེས་ས་ཧ་ར་བྱེ་ཐང་གི་པར་འདི་བླངས་པ་རེད།

   དམར་མདོག་གི་འོད་ཟེར། སྤྱི་ལོ་2015.6.22ཉིན། རྒྱལ་སྤྱིའི་མཁའ་དབྱིངས་འབབ་ཚིགས་དེ་པོ་ཚི་བ་ནའི་མཁའ་དབྱིངས་སུ་སྐྱོད་སྐབས། ཁེ་ལེས་ཁྱིམ་མཚེས་རྒྱལ་ཁབ་ཧྥེ་གླིང་ལྷོ་མའི་བརྗིད་ཆགས་ཡིད་དུ་འོངས་པའི་མཚན་ལྗོངས་པར་དུ་སྒྲོན་པ་རེད། དམར་མདོག་གི་འོད་ཟེར་དེ་ནི་དབྱང་རྡུལ་(氧分子)དང་ནུས་པ་ཆེ་བའི་མཁའ་དབྱིངས་གཞི་རྡུལ་(高能太空粒子)གཉིས་འཕྲད་པའི་རྗེས་སུ་ནུས་ཚད་(能量)ལས་བྱུང་བ་ཞིག་རེད།

    མཛེས་སྡུག་ལྟ་བས་མི་ངོམ་པའི་མཚོ་འཁྱིལ།སྤྱི་ལོ་2016.1.9ཉིན། ཁེ་ལེས་ཀྲུང་གོ་དང་རྒྱ་གར་གཉིས་ཀྱི་ས་མཚམས་ཀྱི་བྱང་ཕྱོགས་དང་བོད་ལྗོངས་ཀྱི་ནུབ་ཕྱོགས་ས་ཁུལ་དུ་ཡོད་པའི་ཚྭ་ལྡན་མཚེའུ་གནམ་མཚོ་པར་དུ་སྒྲོན་པ་རེད། མཚེའུ་འདིའི་ནང་དུ་ཉ་མེད་པ་དང་ཆུ་ནང་གི་སྐྱེ་དངོས་ཀྱང་གང་ཡང་མེད་པས། འདི་ལ་"འདྲེ་མཚོའང་"ཟེར།

   འཛམ་གླིང་གི་ཡང་རྩེ། སྤྱི་ལོ་2015.7.9ཉིན། ཁེ་ལེས་རང་གི་རྐང་བ་ཟུང་རྒྱལ་སྤྱིའི་མཁའ་དབྱིངས་འབབ་ཚིགས་ཀྱི་ཟླུམ་གོར་བལྟ་ཞིབ་ཚོད་ལྟ་ཁང་དུ་སྤོས་ཏེ། བར་ཐག་སྤྱི་ལེ་400ཡིས་ཆོད་པའི་རྒྱང་རིང་གི་པཱ་ཧ་མ་གླིང་ཚོམ་(巴哈马群岛)ལ་ཐུར་ལྟ་བྱས་པ་རེད།

   སྔོ་ཐིང་ཐིང་གི་ཆུ་འཁོར། ཁེ་ལེར་པཱ་ཧ་མ་གླིང་ཚོམ་ལ་དམིགས་བསལ་གྱི་བརྩེ་འདང་ཡོད་པ་འདྲ་སྟེ། ཁོ་རང་གིས་རྒྱལ་སྤྱིའི་མཁའ་དབྱིངས་འབབ་ཚིགས་སུ་གནས་དེ་མ་མཐར་ཡང་པར་རིས་21ཙམ་བླངས་པ་རེད། སྟོང་སྣང་གི་རྨི་ལམ་ལྟ་བུའི་ཆུ་འཁོར་གྱི་པར་རིས་འདི་ནི་སྤྱི་ལོ་2016.1.19ཉིན་པར་དུ་སྒྲོན་པ་ཞིག་ཡིན།

   དཀར་གསལ་གྱི་འཇུར་རྟ་ཡུ་རིང་། སྤྱི་ལོ་2016.1.26ཉིན། ཁེ་ལེས་དབྱི་ཏ་ལེ་དང་རི་བོ་ཨ་ཨར་ཕེ་སུ་གཉིས་ཀྱི་མཚན་ལྗོངས་པར་རིས་སུ་བཀོད་འདུག  དཀར་གསལ་གློག་སྒྲོན་གྱི་འོད་སྣང་གི་ལྟག་རྒྱབ་ཏུ་དེ་འདྲའི་མཛེས་སྡུག་མ་ཡིན་པའི་གཏམ་རྒྱུད་ཅིག་སྦས་ཡོད་པ་དང་། དེ་ནི་དབྱི་ཏ་ལེ་རྒྱལ་ཁབ་ཀྱི་གློག་ཤུགས་80%ནི་དྲོད་ཁང་རླངས་གཟུགས་ལས་བྱུང་བའི་རྫས་འགྱུར་གྱི་འབར་རྫས་ཡིན་པ་རེད།

   མཚན་ལྗོངས་ཀྱི་ཧྲང་ཧེ། སྤྱི་ལོ་2016.2.8ཉིན།ཁེ་ལེ་མཚན་གུང་ཀྲུང་གོའི་ཧྲང་ཧེའི་མཁའ་དབྱིངས་བརྒྱུད་ནས་འགྲུལ་བཞུད་བྱས་པ་རེད། པར་རིས་ནང་དུ་ཀྱ་ཀྱུར་རྒྱུ་བ་དེ་ནི་གཙང་བོ་ཧྭང་ཕོ་(黄浦江)སྟེ། ཧྲང་ཧེའི་མཚོ་ཐོག་འགྲུལ་ལམ་གཙོ་བོ་དེ་ཡིན།

ཡིག་སྒྱུར་བ།  སྐབས་གསུམ་པའི་མཐར་ཕྱིན་སློབ་མ་གསེར་ལག་འཇམ་དབྱངས་ཚུལ་ཁྲིམས། 



རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། yvn2 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23541846
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།