2015ལོར་ཨ་རིའི་ཧྲི་མེ་སིན་ནེ་དུས་དེབ་སྟེང་དུ་བཀོད་པའི་པར་རྒྱག་འགྲན་བསྡུར་ཆེན་མོའི་རྒྱུགས་ལེན་ཁྱབ་ཁོངས་སུ་སླེབས་པའི་བརྩམས་ཆོས།
ཨ་རིའི་ཧྲི་མེ་སིན་ནེ་དུས་དེབ་(Smithsonian Magazine)ཏུ་སྐབས་13པའི་པར་རྒྱག་འགྲན་བསྡུར་གྱི་ཡིག་རྒྱུགས་ཁྱབ་ཁོངས་སུ་སླེབས་པའི་བརྩམས་ཆོས་ཁག་ཅིག་སྤེལ་བ་རེད། ད་ལོ་ཁོ་ཚོ་རྩོམ་སྒྲིག་ཁང་ལ་རྒྱལ་ཁབ་168ཀྱི་འདྲ་པར་བརྩམས་ཆོས་46000ལས་བརྒལ་བ་ཞིག་བསྐུར་ནས་འབྱོར་ཡོད་པ་དང་། འགྲན་བསྡུར་ཡོངས་ཚན་ཆུང་དྲུག་ཏུ་བགོས་ཡོད་དེ། རང་བྱུང་ཚན་ཁག་དང་ལྗོངས་རྒྱུ་ཚན་ཁག མི་སྣའི་ཚན་ཁག ཨ་རིའི་ཚན་ཁག ཕྱིས་ཀྱི་ཐག་གཅོད་ཚན་ཁག་དང་ལག་ཁྱེར་ཁ་པར་ཚན་ཁག་བཅས་ཡིན། ཚན་ཁག་སོ་སོར་རྒྱུག་ལེན་ཁྱབ་ཁོངས་སུ་སླེབས་པའི་བརྩམས་ཆོས་བཅུ་རེ་ཡོད་ལ། གཤམ་གྱི་བརྩམས་ཆོས་དག་ནི་ཕུལ་བྱུང་བརྩམས་ཆོས་ཁག་ཅིག་ཡིན། རྣམ་པ་ལྷན་རྒྱས་ཀྱིས་གཞུང་ཕྱོགས་དྲ་ཚིགས་བརྒྱུད་དེ་དམངས་ཀྱིས་འོས་ཤོག་འཕེན་ཆོག གོང་གི་པར་འདི་ནི་རེ་ཏན་རྒྱལ་ཁབ་ཏུ། པར་རྒྱག་མཁན་Geert Weggenགྱིས་མེ་ཏོག་ལྡུམ་རའི་ནང་དུ་མེ་ཏོག་གི་ཚོགས་རྣམ་པར་བཞད་ཡོད་པར་ནགས་བྱི་དམར་བོ་ཞིག་ཉིན་རྒྱུན་གནས་འདིར་འོངས་ནས་བལྟ་རོལ་བྱེད་པའི་རྣམ་པ་པར་དུ་སྒྲོན་པ་རེད།
པར་འདི་ནི་རྒྱ་གར་མང་མེ་རུ། བུད་མེད་སྡོད་སའི་མེ་འཁོར་འཁོར་སྒམ་རེད། ཧ་ལམ་མེ་འཁོར་ཚང་མར་འདི་ལྟ་བུའི་དམིགས་བསལ་གྱི་འཁོར་སྒམ་སྒྲིག་བཀོད་བྱས་ཡོད་པ་དང་། དེ་ནི་བུད་མེད་རྣམས་བརྙས་བཅོས་ལས་གཡོལ་ཐབས་བྱེད་པའི་ཆེད་དུ་རེད། པར་རྒྱག་མཁན་Tamina-Florentine Zuch
ལྷོ་སྣེ་གླིང་གི་ལོ་སི་ཧྭེའི་དབྱར་མཇུག་གི་ཆུ་སྐྱེས་ཀྱི་པད་འདབ་ལྟ་བུའི་འཁྱགས་དར། པར་རྒྱག་མཁན་Sam Edmonds
ཧྥོ་ལོ་རེ་ཏ་རུ། ཕོ་རིགས་ཉ་ཆེན་རྨིགས་པ་ཞིག་གིས་ཁ་ནང་དུ་སྒོ་ང་གང་བཟུང་ནས་ཡོད། ཁོ་ཚོས་ནམ་རྒྱུན་རབས་རྗེས་མ་བྱུང་རག་བར་དུ་སྒོ་ང་ལ་བདག་སྐྱོང་བྱེད་པའི་ལས་འགན་དང་དུ་ལེན་པ་ཡིན། པར་རྒྱག་མཁན་Suzan Meldonian
པར་རྒྱག་མཁན་Maximilian Canepaདང་ཁོའི་མ་འོངས་པའི་ཆུང་མ་གཉིས་ཀྲི་ཅ་ཀི་ནས་རླངས་འཁོར་བསྐོར་ཏེ་ཅ་ཀྲིག་གི་ཏེ་བེ་སི་རུ་སླེབས་པའི་མཚན་མོ་རེད།
ཁཱ་ལེ་ཧྥོ་ནེ་ཡ་རུ་གསར་སྤེལ་བྱས་པའི་ཞིང་ས།པར་རྒྱག་མཁན་Jassen Todorov
དུག་སྡོམ་ཆུང་ཆུང་། པར་རྒྱག་མཁན་Barbara Storms
སྤྱི་ལོ་2014.12.13ཉིན། ཨ་རིའི་ཉིའུ་ཡོག་གི་གཞུང་ལམ་ཨང་ལྔ་བར་ཉེན་རྟོག་པའི་དྲག་གནོན་ལ་ངོ་རྒོལ་དང་མི་རྒྱུད་ནག་པོར་ཁྲིམས་འཛིན་དྲང་བདེན་ཡོད་དགོས་པའི་རེ་འདུན་གྱི་ངོ་རྒོལ་ཁྲོམ་སྐོར་གྱི་ལས་འགུལ་སྤེལ། པར་རྒྱག་མཁན་Saundi Wilson
ཨུ་རུ་སུའི་ལོ་མན་ནོ་ཧྥོ་རུ། སྨིག་སྤྲིན་ལང་ལོང་འཁྲིགས་པའི་ཞོགས་པ་ཞིག པར་རྒྱག་མཁན་Valery Romanov
ཡིག་སྒྱུར་བ། སྐབས་གསུམ་པའི་མཐར་ཕྱིན་སློབ་མ་གསེར་ལག་འཇམ་དབྱངས་ཚུལ་ཁྲིམས།
རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་།
|