ནང་བསྟན་རྒྱུན་ཤེས། ༡༤
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྒྱུན་ཤེས།» རིག་གནས་རྒྱུན་ཤེས། »ནང་བསྟན་རྒྱུན་ཤེས། ༡༤
ནང་བསྟན་རྒྱུན་ཤེས། ༡༤
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2016-02-25ལྟ་ཀློག (4118)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ནང་བསྟན་རྒྱུན་ཤེས། ༡༤

མཛད་པ་བོ། དགེ་རྒན་ཤེས་རབ་བསྟན་དར།

༡༥༥ རབ་གནས་ཞེས་པའི་དོན་ཅི།

ལན། རབ་གནས་ཞེས་པ་ནི་རྟེན་གསུམ་དེ་དག་ལ་ཡེ་ཤེས་པ་སྤྱན་དྲངས་ནས་གནས་པར་བྱས་པའི་དོན་ཡིན།
༡༥༦ རྟེན་ལ་ངེས་པར་རབ་གནས་བྱ་དགོས་པའི་དོན་ཅི།
ལན། རབ་གནས་བྱེད་པ་མེད་མི་རུང་སྟེ་རབ་གནས་བྱས་པ་ལ་བརྟེན་ནས་གནས་སྐབས་བསོད་ནམས་འཕེལ་ཏེ་ནད་གདོན་ཞི་ཞིང་ནོར་ལོངས་སྤྱོད་དང་བདེ་བ་འཕེལ་ཞིང་མཐར་ཐུག་ཐར་བ་དང་ཐམས་ཅད་མཁྱེན་པ་ཐོབ་པར་གསུངས།
༡༥༧ རབ་གནས་མ་བྱས་པའི་ཉེས་དམིགས་ཨེ་ཡོད།

ལན། ཡོད་དེ་རབ་གནས་ཀྱི་རྒྱུད་ལས། གང་དུ་སྐུ་གཟུགས་རྫོགས་པ་ལ། །བྱིན་མ་རླབས་པར་རིང་གནས་ན། །དེ་ལ་བཀྲ་མི་ཤེས་པ་འགྱུར་ཞིང་། །དེ་སྲིད་མཆོད་པར་དེ་མི་འོས། །ཞེས་གསུངས་པས་སོ། །
༡༥༨ དེང་སང་ལྷ་རྟེན་ཆོས་གསུམ་གདོན་རྫས་སུ་ཕུད་པ་དེ་འགྲིག་གམ།

ལན། སྟོན་པའི་སྐུ་དང་གསུང་། མཆོད་རྟེན་ཡོད་ན་ཁྱིམ་དེར་དགེ་བའི་མཚན་མ་འབྱུང་བས་དེ་གདོན་སོང་ཟེར་མཁན་གྱི་ལྷ་བ་དང་མོ་བ་ནི་རང་ཉིད་གདོན་གྱིས་བརླམས་པ་ཡིན་ཞེས་དམ་པ་དག་གིས་གསུངས་པས་དེ་དག་བསྟེན་པར་མི་བྱའོ།
༡༥༩ འོ་ན་བུད་མེད་ཀྱིས་སྐུ་འབྲི་བའམ་བཞེངས་མི་རུང་ཟེར་བ་བདེན་ནམ།

ལན། མི་བདེན་ཏེ། མདོ་ལས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཞིག་སངས་རྒྱས་ཀྱི་སྐུ་གཟུགས་གཅིག་རི་མོར་བྲིས་པ་འདི་ནི་བསོད་ནམས་གྲངས་མེད་པ་བསྐྱེད་དོ། །ཞེས་སྟོན་པ་སངས་རྒྱས་ཀྱིས་གསུངས་སོ། །

༡༦༠ བསྙེན་གནས་ཞེས་པ་ཅི་ཡིན།
ལན། བསྙེན་གནས་ཞེས་པ་ནི་རྒྱུན་དུ་སྡོམ་པ་སྲུང་ཞེས་པ་དེ་ཡིན་ཏེ་ཉིན་ཞག་གཅིག་ལ་ལེན་རྒྱུའི་སྡོམ་པ་ཞིག་སྟེ་ཉིན་དེར་ཁྱིམ་པ་ཚོས་སྲོག་གཅོད་དང་འཁྲིག་པ་སྤྱོད་པ།
རྐུ་བྱེད་པ། རྫུན་བཤད་པ། ཆང་འཐུང་བ་དང་ཕྱི་དྲོར་ཟས་ཟ་བ་དང་། གླུ་གར་རོལ་མོ་རྒྱན་ཆ་འདོགས་པ་བཅས་ཡན་ལག་བརྒྱད་སྤོང་བའི་སྡོམ་པ་ཞིག་ཡིན་ནོ།
༡༦༡ བསྙེན་གནས་སྲུང་བ་ལ་ཕན་ཡོན་གང་འདྲ་ཡོད་དམ།
ལན། འཛམ་བུ་གླིང་གང་བའི་དགྲ་བཅོམ་པ་ལ་ཚེ་གང་བོར་རིན་པོ་ཆེ་སྣ་ཚོགས་ཕུལ་བའི་མཆོད་པའི་བསོད་ནམས་ཀྱིས་བསྙེན་གནས་ལན་གཅིག་བསྲུང་བའི་བསོད་ནམས་ཀྱི་ཆ་ཁྲི་ཕྲག་བགོས་པའི་ཆ་གཅིག་ལའང་འགྲན་མི་ནུས་གསུངས་སོ།
༡༦༢ བསྙེན་གནས་ལ་གནས་ཚེ་དགེ་བ་བསྒྲུབ་ན་དུས་རྒྱུན་དུ་དགེ་བ་སྒྲུབ་པ་དང་འདྲའམ།
ལན། མི་འདྲ་སྟེ་གཞུང་ལས་བསྙེན་གནས་ལ་མི་གནས་པའི་ཚེ་མར་མེ་བརྒྱ་སྟོང་གིས་སངས་རྒྱས་མཆོད་པའི་བསོད་ནམས་ལས་བསྙེན་གནས་ཀྱི་སྡོམ་པ་ལ་གནས་ནས་མར་མེ་གཅིག་གིས་མཆོད་པ་བསོད་ནམས་ལྷག་པར་ཆེ་གསུངས།
༡༦༣ བསྙེན་གནས་སྲུང་བའི་ཉིན་དེར་དགེ་བ་བྱས་ན་ལྷག་པར་ཕན་ཡོན་ཡོད་དམ།
ལན། ཡོད་དེ། བསྙེན་གནས་སྡོམ་པ་ལ་མི་གནས་པའི་དུས་མར་མེ་བརྒྱ་སྟོང་གིས་དཀོན་མཆོག་ལ་མཆོད་པའི་བསོད་ནམས་ལས་བསྙེན་གནས་སྡོམ་པ་ལ་གནས་ནས་མར་མེ་གཅིག་གིས་མཆོད་པ་ཕན་ཡོན་ལྷག་པར་ཆེ་གསུངས།
༡༦༤ བསྙེན་གནས་ཇི་ལྟར་བསྲུང་དགོས།
ལན། བསྙེན་གནས་བསྲུང་བ་ལ་ཐོག་མར་བླ་མ་ལས་བསྙེན་གནས་ཀྱི་སྡོམ་པ་ལེན་དགོས། སྡོམ་པ་ལེན་དུས་ཟླ་བ་རེ་རེའི་ཚེས་བརྒྱད་དང་བཅོ་ལྔ།
ནམ་གང་དུ་བསྲུང་བར་ཁས་བླངས་ན་རྗེས་སུ་ངེས་པར་བསྲུང་དགོས་ཏེ་དེ་དུས་སྡོམ་པ་ངེས་ཅན་དུ་སྐྱེ་བ་ཡིན་ནོ།
༡༦༥ འོ་ན་ཉིན་དེར་བརྗེད་ནས་ཟས་ཟོས་ན་ཇི་ལྟར་བྱའམ།

ལན། བརྗེད་ནས་ཟས་ཟོས་ནའང་ཉིན་དེར་སྡོམ་པ་བསྲུང་དགོས་ཏེ་བསྙེན་གནས་ཀྱི་སྡོམ་པ་ཉིན་དེར་སྐྱེས་ཡོད་པས་མ་བསྲུངས་ན་སྡོམ་པ་བཏང་བའི་ཉེས་པ་ཡོད་དོ།

༡༦༦ འོ་ན་ཉིན་མོ་ནོར་ནས་བཅུ་དྲུག་བཅོ་ལྔ་ཡིན་སྙམ་ན་ཇི་ལྟར་བྱ།

ལན། ཉིན་མོ་འཁྲུལ་ནས་བཅུ་དྲུག་བཅོ་ལྔའི་ཉིན་ཡིན་སྙམ་སྟེ་བཅོ་ལྔའི་ཉིན་མ་བསྲུངས་བར་བཅུ་དྲུག་ཉིན་བསྲུང་ན་ཆོག་མོད་དེ་མིན་མི་ཆོག་གོ
༡༦༧ གླུ་གར་དང་དུས་མིན་གྱི་ཟས་ཟ་བ་སོགས་ཀྱིས་བསྙེན་གནས་ཀྱི་སྡོམ་པ་གཏོང་ངམ།

ལན། དེས་བསྙེན་གནས་ཀྱི་སྡོམ་པ་མི་གཏོང་ཡང་ཉེས་པ་ཆེན་པོ་ཞིག་འབྱུང་།
༡༦༨ བསྙེན་གནས་ཀྱི་སྡོང་ལུང་དགེ་ཚུལ་སློང་གིས་ལེན་ཆོག་གམ།

ལན། དེ་ནི་ཁྱིམ་པའི་སྡོམ་པ་ཡིན་པས་དགེ་ཚུལ་སློང་གིས་ལེན་མི་ཆོག་གོ །

༡༦༩ བསྙེན་གནས་དང་ཐེག་ཆེན་གསོ་སྦྱོང་ལ་ཁྱད་པར་ཡོད་དམ།
ལན། བསྙེན་གནས་འདི་ཐེག་ཆེན་གསོ་སྦྱོང་དང་ཁྱད་པར་དྲུག་གི་སྒོ་ནས་མི་འདྲ་སྟེ། ལེན་པའི་ཡུལ་ནི་བསྙེན་གནས་རབ་བྱུང་བ་ཞིག་གི་དྲུང་ནས་བླངས་པས་སྐྱེ་ལ་ཐེག་ཆེན་གསོ་སྦྱོང་ཐེག་ཆེན་སྡོམ་ལྡན་ཞིག་ལས་ལེན་དགོས་ལ་རང་ཉིད་ཀྱི་རྟེན་དྲུང་ནས་བླངས་པས་ཀྱང་སྐྱེ། བསྙེན་གནས་ཀྱི་དགེ་ཚུལ་དང་དགེ་སློང་གིས་ལེན་མི་རུང་ལ་ཐེག་ཆེན་གསོ་སྦྱོང་དེ་ཉིད་ཀྱིས་ལེན་རུང་། བསྙེན་གནས་ཀྱི་སྡོམ་པ་ངེས་འབྱུང་གི་སེམས་པ་ཙམ་གྱིས་ཆོག་ལ་ཐེག་ཆེན་གསོ་སྦྱོང་ངེས་པར་སེམས་བསྐྱེད་བཅོས་མ་ཙམ་དགོས། བསྙེན་གནས་ཡན་ལག་བརྒྱད་པ་ཁས་ལེན་ལན་གསུམ་བྱས་པས་ཐོབ་ལ་ཐེག་ཆེན་གསོ་སྦྱོང་ནི་སངས་རྒྱས་རྣམས་ཀྱི་རྣམ་ཐར་རྗེས་སུ་སློབ་པར་ཁས་བླངས་པས་སྐྱེ། བསྙེན་གནས་ལ་ཤ་ཟ་རུང་མོད་ཐེག་ཆེན་གསོ་སྦྱོང་ལ་མི་རུང་། བསྙེན་གནས་ཀྱི་འབྲས་བུར་ཐེག་དམན་གྱི་ཐར་བ་འགྲུབ་ལ་ཐེག་ཆེན་གསོ་སྦྱོང་གི་འབྲས་བུར་སངས་རྒྱས་ཀྱི་གོ་འཕང་འགྲུབ་པའི་ཁྱད་པར་ཏེ་ཁྱད་པར་དྲུག་ཡོད་དོ། །                 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། da2g བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  ནང་བསྟན་རྒྱུན་ཤེས། ༡༤   སྤེལ་མཁན།: བོད་ཁུལ་གྱི་ཆ་འཕྲིན་ཞབས་ཞུའི་ལྟེ་གནས། སྤེལ་དུས:2016/2/27
ནང་བསྟན་གཞུང་ལུགས་ཀྱི་རྒྱུན་ཤེས་གནད་དོན་ཐག་གཅོད་ཐུབ་པ་དང་ངེས་བར་མཁོ་བའི་གཞུང་ལུགས་མང་པོ་ཞིག་ངེས་ཟིན་བྱེད་ཐུབ་པས་དངོས་ནས་ལེགས་པོ་འདུག
prescription discount card codesamples.in pharmacy card discount
internet drug coupons blog.affordablecomfort.biz coupon for prescriptions
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23532962
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།