བྲག་དཀར་སྤྲེལ་རྫོང་གི་གནས་ཡིག་ལམ་སྟོན་སྒྲོན་མེ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 16 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྒྱུན་ཤེས།» རིག་གནས་རྒྱུན་ཤེས། »བྲག་དཀར་སྤྲེལ་རྫོང་གི་གནས་ཡིག་ལམ་སྟོན་སྒྲོན་མེ།
བྲག་དཀར་སྤྲེལ་རྫོང་གི་གནས་ཡིག་ལམ་སྟོན་སྒྲོན་མེ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2016-02-25ལྟ་ཀློག (13006)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

གནས་ཆེན་བྲག་དཀར་སྤྲེལ་རྫོང་གི་གནས་ཡིག་ལམ་སྟོན་སྒྲོན་མེ། 


  གྲོགས་པོ་ལྷན་རྒྱས།  མེ་ཕོ་སྤྲེལ་གྱི་ལོ་ནི་མདོ་སྨད་རྫོང་ཆེན་བཞིའི་ཡ་གྱལ་དུ་གྲགས་པའི་ཆོས་སྡེ་ཆེན་པོ་བྲག་དཀར་སྤྲེལ་རྫོང་གི་གནས་སྐོར་གྱི་ལོ་ཡིན་པས།   གཤམ་དུ་ཁོ་བོས་རྒྱ་ཆེ་བའི་གནས་སྐོར་པ་རྣམས་ལ་སྤྲེལ་རྫོང་དགོན་གྱི་གནས་སྒོ་བཅོ་བརྒྱད་དུ་གྲགས་པ་གཙོར་བཟུང་ནས་གནས་སྒོ་རེ་རེ་མཚམས་སྦྱོར་རགས་ཙམ་བྱའོ།།

སྤྲེལ་རྫོང་གི་གནས་སྒོ་བཅོ་བརྒྱད་དུ་གྲགས་པ་ལས།

གཅིག   གནས་སྒོ་ཆེ་བརྒྱད།

༡རྡོ་རྗེ་ཕུག་པའི་གནས།

དག་པ་ཤེལ་གྱི་ཕོ་བྲང་ནས་སྐོར་ལམ་དེད་དེ་ཡར་སོང་ན་རྡོ་རྗེ་ཕུག་ལམ་ཡོད། མདོ་སྨད་ཆོས་འབྱུང་དུ།ཁྲི་གཤོག་རྒྱལ་མོའི་མཚོ་ལ་ཕེབས།།  དམ་སྲི་སྤུན་དགུ་དམ་ལ་བཏགས།།དེ་ནས་སྲོད་དང་ཐོ་རེངས་ལ།།སྲིན་པོ་ཁྲག་གི་རལ་བ་ཅན།།སྲིན་མོ་མི་སྡུག་མཆེ་བ་ཅན།།  དེ་གཉིས་བཙས་པའི་འདྲེ་སྲིན་བདུན།། བྲོས་ནས་སྤྲེལ་རྫོང་བྲག་ལ་གནས།།ཞེས་པ་དང་།སློབ་དཔོན་དྲག་དབང་འབར་བ་ཡིས།།  ཏིང་ངེ་འཛིན་ལ་ཞུགས་པའི་ཚེ།། སྲིན་པོས་བྲག་སྒོ་ཕ་བོང་བཀབ།། རྡོ་རྗེ་གསོར་བའི་སྟེང་ནས་བྱོན།། ཞེས་གསུངས་པ་ནང་བཞིན།འདྲེ་སྲིན་འགས་མཚོ་སྔོན་པོ་འཕྱུར་དུ་བཅུག་ནས་ཉེ་འཁོར་གྱི་རུ་སྡེ་ཁྲི་སྟོང་མང་བོ་ལ་གནོད་པ་བཟོས་པས་སློབ་དཔོན་པདྨ་འབྱུང་གནས་ཀྱི་ཐུགས་ཀྱིས་མ་བཟོད་པར་རྒྱ་གར་གྱི་རི་བོ་མ་ཧཱ་དེ་བའི་མགོ་བཅད་དེ་འཕངས་ནས་ཆུ་སྒོ་བཅད་པས་གནོད་པ་ཐམས་ཅད་ལྡོག ཡིན་ནའང་སྲིན་མོ་འགའ་བྲོས་ནས་སྤྲེལ་རྫོང་དུ་ཡོང་ནས་ཡང་ནད་ཡམས་སོགས་བཏང་ནས་མི་སེར་ལ་གནོད་པ་ཚབ་ཆེན་བྱུང་བ་སློབ་དཔོན་གྱིས་མཁྱེན་ནས་ཁོང་གནས་འདིར་ཕེབས་ཏེ་བྲག་ཕུག་ཅིག་ཏུ་སྒྲུབ་པ་མཛད་སྐབས་སྲིན་མོ་འགས་བྲག་ཕུག་སྒོ་ཕ་བོང་གིས་བཅད་པ་ན་སློབ་དཔོན་གྱིས་རྡོ་རྗེ་བྲག་ལ་བཏབ་པས་བྲག་དཀར་ཁུང་ལྟར་ཕྱེས་ཏེ་རྡོ་རྗེས་ཕུག་པའི་ལམ་ཤར་སེར་ཡོད་པས་རྡོ་རྗེ་ཕུག་ལམ་ཤེས་བཏགས། ཁོང་གི་ཇ་མ་ཡང་སློབ་དཔོན་གྱི་བྱིན་བརླབས་ཀྱིས་རྡོ་རྗེ་ཕུག་ལམ་དུ་འཕུར་སྐབས་ཁོ་རང་ཉིད་ཀྱི་ནུས་པ་ཡིན་སྙམ་པས་བྱིན་བརླབས་ཉམས་ཏེ་ཕྱིར་ལྷུང་སྟེ་སྲིན་མོས་མགོ་བཅད་དེ་བསད། དེ་ནས་སློབ་དཔོན་གྱིས་སྲིན་མོ་བདའ་སྟེ་འདུལ་ཟེར་རོ།།   སྲིན་མོ་འདུལ་སའི་གནས་སོགས་འོག་ཏུ་འབྱུང་།  ད་དུང་རྡོ་རྗེ་ཕུག་ལམ་ནང་དུ་སྨན་བླ་བདེ་གཤེགས་བརྒྱད་ཀྱི་དཀྱིལ་འཁོར་དང་། བདེ་གསང་འཇིགས་གསུམ་གྱི་དཀྱིལ་འཁོར། གཟུངས་སྔགས་སོགས་ཀྱང་ཁྲ་ལམ་ཡོད།  དེའི་ནང་དུ་ཕུག་པ་གཉིས་ཡོད་པའི་ཆེ་བའི་ནང་དུ་རྒྱལ་བ་རིགས་ལྔ་དང་སློབ་དཔོན་པདྨ།ཁྲོ་བཅུ།དཔལ་ལྡན་ལྷ་མོ་སོགས་ཀྱི་རང་བྱོན་ངོ་མཚར་བ་བཞུགས། ཕུག་པ་ཆུང་བའི་ནང་དུའང་བདེ་གཤེགས་བརྒྱད་ཀྱི་སྤྲུལ་བ་བྱ་ཁྱུང་རྒྱལ་བོ་ག་རུ་ཌའི་རང་བྱོན་འབུར་དོད་དུ་བཞུགས་པ་དེར་མཇལ་ན་མཛེ་ནད་དང་རྨ་སྐྲངས་སོགས་འཇོམས་པར་བཤད། དེའི་གཡས་ཕྱོགས་སུ་བསྐལ་བཟང་སངས་རྒྱས་སྟོང་གི་རང་བྱོན་དང་གཡོན་ཕྱོགས་སུ་འབྲི་གོང་འཇིག་རྟེན་མགོན་པོའི་རད་བྱོན་སོགས་བཞུགས། ཕྱིའི་སྒོ་འགྲམ་དུ་རྒྱལ་ཆེན་བཞིའི་རང་བྱོན་དང་ཧུཾ་ཡིག་ངོ་མཚན་ཅན་ཡོད། དེའི་སྲིབ་ཕྱོགས་ན་སློབ་དཔོན་ལྷུང་བཟེད་རང་བྱོན་ཡོད་ཅིང་དེར་མཆོད་པ་ཕུལ་ན་ནོར་ལོངས་སྤྱོད་འབྱུང་སྐད། རྡོ་རྗེ་ཕུག་ལམ་གྱི་ཕྱི་སྒོ་རྡོ་རྗེ་ཕྲེང་བ་རང་བྱོན་དེའི་འོག་ཏུ་འཛུལ་ན་བར་ཆད་མི་འབྱུང་བར་གསུངས། ཕྱིའི་གཡོན་ཕྱོགས་ཀྱི་བྲག་ངོས་ན་སྤྲེའུ་བྱང་ཆུབ་སེམས་དཔའི་ཤངས་ཁྲག་གིས་བྲིས་པའི་ཧུཾ་རང་བྱོན་དང་དུང་དཀར་རང་བྱོན་བཅས་ཡོད་དོ།། 


༢ཡོངས་སུ་གྲགས་པའི་གནས།

      གནས་སྒོ་འདི་ནི་སྔོན་བྱོན་སྐྱེས་ཆེན་དུ་མས་བྱིན་གྱིས་བརླབས་པའི་སྒྲུབ་ཕུག་མང་བོ་ཡོད་ལ།ཁྱད་པར་དུ་སློབ་དཔོན་པདྨ་འབྱུང་གནས་ཀྱི་ཕྱག་གི་ཁ་ཊཾ་ཀ་དང་བཅས་གསལ་བོར་བཞུགས་ཞིང་གཡས་སུ་ཁྲོ་བོ་མི་གཡོ་བ་དང་ཚེ་དཔག་མེད། རྡོ་རྗེ་ཕག་མོ།  འཕགས་པ་སྤྱན་རས་གཟིགས།  སྒོ་ངོས་ན་མར་བ་ལོ་ཙཱ་བ། ད་རུང་ཞབས་རྗེས་དང་ཕྱག་རྗེས་སོགས་གསལ་བོར་བཞུགས།  དེའི་སྟོད་ཀྱི་བྲག་ངོས་ན་གནས་བདག་ཞིང་སྐྱོང་ཟླ་བའི་མཚན་ཅན་དང་བཙུན་མོ་དམར་ཡག་མ་གཉིས་ཀྱི་རང་བྱོན་ལྷང་ངེར་བཞུགས།


༣དག་པ་ཤེལ་གྱི་གནས།

གནས་སྒོའི་འོག་ན་དག་པ་ཤེལ་གྱི་ཕོ་བྲང་ཡོད་ལ་ནང་དུ་སྒྲོན་མེ་སོགས་སྦར་ཏེ་མཇལ་བར་སོང་ན་དག་པ་ཙ་རི་ཏྲ་མངོན་སུམ་ལྷུན་གྱིས་གྲུབ་པ་གཞལ་ཡས་ཁང་དུ་ལྷ་ཚོགས་ཉིས་སྟོང་བརྒྱད་བརྒྱའི་རང་བྱོན་འབུར་དོད་དུ་བཞུགས་པ་དེར་མཇལ་ན་སྟོད་ཀྱི་དཔལ་ཙ་རི་ཏྲ་དང་མཇལ་བའི་བྱིན་བརླབས་མཉམ་པར་བརྗོད།འགྲོ་རོགས་མེད་ཚེ་མགོ་འཁོར་བའི་ཉེན་ཁ་ཧ་ཅང་ཆེ། ཤེལ་གྱི་ཀ་བ་ཉེར་གཅིག་ལ་མཇལ་ཏེ་ལག་པས་རེག་ན་དུས་མིན་གྱི་གནོད་པས་མི་ཚུགས་པར་གསུངས་སོ།།


༤མཁའ་འགྲོ་ཚོགས་ཀྱི་གནས།

       གནས་འདི་རྡོ་རྗེ་ཕུག་རིང་གི་དབུ་རྩེ་ལས་སྲིབ་ཕྱོགས་སུ་སླེབས་ཙམ་དུ་ཡོད་དེ།དཔའ་བོ་མཁའ་འགྲོ་སོགས་ཀྱི་སྒྲུབ་གནས་བྱིན་ཅན་ཡིན། དབུས་སུ་མཁའ་འགྲོ་རིགས་ལྔ་གཙོས་མགོན་པོ་ཕྱག་དྲུག་པ་འཁོར་བཅས་ཀྱི་མཆོད་གཏོར་དང་།ཚོགས་མཆོད།བམ་རོ་སོགས་བྲག་ལ་མངོན་པར་གྲུབ།མཁའ་འགྲོའི་རཀ་གྷཧི་ཧམ་ཅོང་ཞི་དཀར་དམར་སོགས་དང་མདུན་དུ་ཨོ་རྒྱན་བཞུགས་ཁྲི།མདུན་སྒྲོམ་གྱི་སྟེང་དུ་གཏེར་ཡིག་རང་བྱོན་སོགས་གསལ་བར་བཞུགས།བྲག་གླང་ཆེན་འདྲ་བའི་སྣ་ཞགས་ལས་བདུད་རྩིའི་ཐིགས་པ་རང་འབབ་ཀྱི་གནས་ཆུ་ཡོད་པས་ལྷའི་བསྙེན་པ་མྱུར་དུ་འགྲུབ་བྱེད་ཀྱི་དཔའ་བོ་དང་དཔའ་མོའི་སྔགས་ཆུ་ཞེས་གྲགས་སོ།།


༥བདེ་གཤེགས་བརྒྱད་ཀྱི་གནས།

   སྨན་བླ་བདེ་གཤེགས་བརྒྱད་ཀྱི་སྒྲུབ་གནས་ནི།མཁའ་འགྲོའི་ཚོགས་ཁང་གི་གཡོན་ཕྱོགས་ཀྱི་ལུང་བའི་བྲག་གཡུ་མདོག་ཆགས་པའི་སར་ཡོད་ལ།སྒྲུབ་ཕུག་བརྒྱད་ཀྱི་མདུན་ཕྱོགས་ནས་བེེཌྰུརྱའི་ལྷུང་བཟེད་ནང་དུ་རིན་པོ་ཆེའི་སྨན་སྣ་གང་བ།མཐའ་སྐོར་དུ་རྒྱ་རིམ་པ་བདུན་གྱིས་བཏབ་པ་ལ།དེར་མཇལ་བ་ན་ནད་དང་མུ་གེ་ལས་གྲོལ་ཐུབ་ཟེར།སྟེང་གི་བྲག་ངོས་ལ་སྨན་བླ་བདེ་གཤེགས་བརྒྱད་ཀྱི་རང་བྱོན་གསལ་བོར་བཞུགས་པས་དེའི་མདུན་དུ་གཏེར་སྦས་ཤིང་མཆོད་མེ་སོགས་ཕུལ་ན་བཞི་བརྒྱ་ནད་ལས་ཐར་བར་བཤད།དེར་ཕུག་སྒོ་ཤར་ལྷོ་ལྟ་བ་ཡོད་པ་དེའི་ནང་དུ་དྲག་པོ་ཕུར་བ་ཕུར་སྲུང་བཅུ་དྲུག་བཅས་བཞུགས།གོང་གི་གཡོན་ལོགས་སུ་གཙུག་ལག་ཁང་དང་རྟ་བབས་སྒོ་ཁང་ཀ་བ་བཅས་ནང་དུ་གནས་བརྟན་བཅུ་དྲུག་སྒོ་སྲུང་དང་བཅས་བཞུགས།ཕུག་པ་དེའི་སྟོད་དུ་འདོད་འཇོ་བ་ཡི་ནུ་མ་ལས་དུས་ཀུན་ཏུ་འོ་མའི་རྒྱུན་བཟང་འབབ་པས་ཀུན་གྱིས་རྟེན་སྐལ་དུ་ལེན་པའི་ཕྱག་སྲོལ་ཡོད།


༦ཡང་རྫོང་འདུ་མོའི་གནས།

     སྔོན་སངས་རྒྱས་སྟོང་གིས་བྱིན་གྱིས་བརླབས་པའི་དབེན་གནས་ཁྱད་པར་ཅན་དེ།རྒྱབ་ཏུ་རིན་ཆེན་ཏོག་གིས་མཛེས་པའི་གདུགས་རང་བྱོན་དང་།གཡོན་དུ་གླང་ཆེན།གཡས་སུ་བྱ་ཁྱུང་རྒྱལ་པོ།མདུན་དུ་ནོར་བུ།དབུས་སུ་དགའ་འཁྱིལ་རང་བྱོན་སོགས་མཆིས།ཁྱད་པར་དུ་བྲག་ངོས་སུ་ཚེ་ལྷ་རྣམ་གསུམ་དང་།འཇམ་དབྱངས་དམར་སེར་རང་བྱོན་སོགས་གསལ་བོར་གནས།རྩི་ཤིང་མཛེས་ལྗོངས་ཀྱིས་བརྒྱན་འདོད་པའི་རྫོང་འདིར་རི་དྭགས་གནའ་བ་སོགས་བག་ཕེབས་ཀྱིས་འཁོར་ཞིང་འདོད་རྒུ་གཡང་དུ་འཁྱིལ་བས་རིམ་གཉིས་རྣལ་འབྱོར་གོང་འཕེལ་དུ་འགྲོ་བའི་དབེན་གནས་སོ།།


༧སངས་རྒྱས་གྲུབ་པའི་གནས།

 འདི་ནི་ཨ་རིག་རྒད་པོས་ཕྱག་འཚལ་ཏེ་སངས་རྒྱས་པའི་གནས་སྒོ་གནས་ཏེ། གནས་རིའི་ནུབ་བྱང་མཚམས་ཀྱི་སྐོར་ལམ་དུ་ཡོད།ངག་རྒྱུན་ལ་སྔོན་ཨ་རིག་རྒད་པོས་འཕགས་པ་སྤྱན་རས་གཟིགས་རང་བྱོན་གྱི་མདུན་དུ་ཕྱག་འཚལ་ཏེ་པུས་རྗེས་དང་ཕྱག་རྗེས་བབས་པས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བུ་ཁྱོད་བདེ་བ་ཅན་ཤོག་ཅེས་གསུང་བྱོན་ཞིང་ཕྱག་གཡས་བདེ་བ་ཅན་ལ་བརྐྱངས་ཏེ་ལམ་སྟོན་མཛད་པའི་རང་བྱོན་གསལ་བོར་སྣང་།སྔོན་བྱོན་གྱི་རྣམ་ཐར་རྗེས་འཇུག་གི་ཉམས་ལེན་དུ་ཁྱེར་ནས་ད་ལྟའང་ཕྱགའཚལ་ཤུལ་གྱི་རང་བྱོན་ནམ་མ་ཎི་ཡིག་དྲུག་གི་རང་བྱོན་བབས་པའི་ཤུལ་དུ་ཕྱག་འཚལ་མཆོད་འབུལ་བྱས་ནས་འཕགས་པ་སྤྱན་རས་གཟིགས་ཀྱི་ཞབས་དྲུང་དུ་སྐྱེ་བའི་སྨོན་ལམ་རྣམ་པར་དག་པ་འདེབས་པའི་སྲོལ་བཟང་ཡུན་དུ་གནས་སོ།གནས་སྒོ་འདི་ལས་ཡར་བལྟས་ཚེ་ཐུགས་རྗེ་ཆེན་པོ་མདུན་ངོས་སུ་བྲག་ཕུག་སྒོ་ཁ་ནུབ་བྱང་མཚམས་སུ་ལྟ་བ་ཞིག་ཡོད་པ་དེ་ཀུན་གྱིས་མཐོང་ཐུབ།དེའི་མར་གཤམ་གྱི་སྤང་བྲག་གི་མཚམས་སུ་ཕུག་སྒོ་ཆེ་བ་ཞིག་ཡོད་པ་དེ་གནས་བརྟན་བཅུ་དྲུག་དང་།ཉེ་བའི་སྲས་བརྒྱད།དགྲ་བཅོམ་ལྔ་བརྒྱ་བཅས་ཀྱི་སྒྲུབ་གནས་ཡིན་ཞིང་དེ་དག་གི་རང་བྱོན་ཡང་སྣང་།དེ་ལས་ཐུར་དུ་ཆུ་རྒྱུན་འབབ་པ་དེ་འཕགས་མཆོག་ཐུགས་རྗེ་ཆེན་པོའི་གཟུངས་ཆུར་གྲགས་ལ་ཁྲུས་བྱས་ན་མིག་ནད་སོགས་སེལ་བའི་བདུད་རྩིར་འགྱུར་བར་བཤད།


༨ དྲིན་ལན་འཇལ་བའི་གནས།

   ཕ་མའི་དྲིན་ལན་འཇལ་བའི་གནས་སྒོ་ནི་གནས་རིའི་ལྷོ་ཕྱོགས་ཀྱི་སྐོར་ལམ་དུ་ཡོད།དེར་བྱིན་ལྡན་གྱི་ཕུག་པ་གསུམ་ཡོད་པས་རེ་རེའི་ནང་དུ་མགོ་འཛུལ་ཏེ་མཆོག་གསུམ་ལ་རྩེ་གཅིག་ཏུ་གསོལ་བ་བཏབ་ན་ཕ་མའི་དྲིན་ལན་གཟོ་ཐུབ་པར་གསུངས་སོ།


གཉིས།  གནས་སྒོ་འབྲིང་དྲུག

༡དུང་དཀར་ཆོས་ཀྱི་གནས།

དུང་དཀར་ལུང་བ་ནི་གནས་རིའི་ལྷོ་སྟོད་དུ་མཆིས་ཤིང་།དེར་བྲག་ངོས་སུ་དུང་དཀར་བཞག་ཤུལ་དང་གཡས་ཟུར་ན་སྙན་གྲགས་ཕྱོགས་མཐར་སྤེལ་བའི་རྟེན་འབྲེལ་དུ་དུང་དཀར་མཁའ་ལ་ཕྱོགས་པའི་རང་བྱོན།མཁའ་སྤྱོད་མ་དང་རིག་བྱེད་མའི་སྒྲུབ་ཕུག་བྱིན་ཅན་མང་དུ་མཆིས་པའི་སྟོད་དུ་ཉི་ཟླ་རང་བྱོན་དང་འགོག་སྙོམས་པ་རང་བྱོན་ཡང་འབུར་དོད་དུ་བཞུགས་སོ།།


༢ དུར་ཁྲོད་བསིལ་བའི་གནས།

རྒྱ་གར་དུར་ཁྲོད་བསིལ་བའི་ཚལ་དང་བྱིན་རླབས་གཉིས་སུ་མེད་པར་བཤད་ལ།དེའི་སྟོད་ཕྱོགས་བཞིར་སྒོ་བཞི་ལྡན་པའི་གཞལ་ཡས་ཁང་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་མངོན་སུམ་དུ་གྲུབ་ཡོད།


༣རྣམ་འཇོམས་ཁྲུས་ཀྱི་གནས།

  གནས་རིའི་རྒྱབ་ཀྱི་བྲག་དང་གསོམ་ཤུག་འཐབ་པའི་ལུང་བའི་སྟོད་ཀྱི་བྲག་ངོས་ལ་རྡོ་རྗེ་རྣམ་པར་འཇོམས་པ་རང་བྱོན་གནས་ཤིང་།མདུན་དུ་བདུད་རྩིའི་གཟུངས་ཆུ་རང་འབབ་དང་བཅས་འཇའ་ཚོན་སྣ་ལྔའི་གུར་ཁང་ཕུབ་པ་མངོན་སུམ་དུ་གསལ།དེར་ཁྲུས་བྱས་པ་དང་འཐུང་ན་མི་གཙང་གྲིབ་རིགས་ལ་སོགས་འདག་ཅེས་བརྗོད་དོ།།


༤བཀྲ་ཤིས་ལ་ཡི་གནས།

  རྡོ་རྗེ་ཕུག་ལམ་ལས་སྒོར་བུད་དེ་བཀྲ་ཤིས་ལར་འགོས་ན་ཁམས་གསུམ་ཆོས་ཀྱི་རྒྱལ་བོ་ཤར་ཙོང་ཁ་བ་ཆེན་མོ་དབུས་ལ་ཕེབས་དུས་ལྷ་སྲིན་སྡེ་བརྒྱད་ཀྱིས་མདུན་བསུས་སྐབས་ཀྱི་གསོལ་ཐབ།  དེའི་གོང་དུ་བྲག་གཡག་སྙིང་འདྲ་བའི་ངོས་སུ་དགེ་སློང་ནམ་མཁའི་སྙིང་བོའི་སྒྲུབ་ཕུག་ཡོད།  མདུན་དུ་ཤྭ་རྭ་དཀར་བོ་ཞིག་གྱེན་དུ་བསྒྲེངས་པ་ལྟ་བུ་དེ་མཚམས་ཐོ་ཡིན་སྐད། དེའི་གོང་དུ་སློབ་དཔོན་པདྨ་འབྱུང་གནས་ཀྱི་ཐོད་ཕོར་བཞག་ཤུལ་དང་དམ་ཅན་ཆོས་རྒྱལ་དྲག་དབང་འབར་བ་མ་ཧེ་ལ་བཅིབས་པའི་རང་བྱོན་སོགས་ཡོད།  ལ་སྐེད་ན་སློབ་དཔོན་པད་མ་འབྱུང་གནས་ཀྱི་བཞུགས་ཁྲི་ཡོད་ལ་རྗེ་རིན་པོ་ཆེ་ཡང་སྐབས་དེར་ཁྲི་དེའི་སྟེང་དུ་བཞུགས་པར་བཤད་པས་རྗེ་རིན་པོའི་ཆེ་བཞུགས་ཁྲི་ཡང་ཟེར། རྗེ་རིན་པོ་ཆེ་ཁོང་གིས་འཇམ་དཔལ་མཚན་བརྗོད་གསུང་བཞིན་ཉག་རྩར་བསླེབས་པ་ན་བཀྲ་ཤིས་ཀུན་ཀྱི་བཀྲ་ཤིས་པ།།  གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ།  ཞེས་པའི་ཚིག་མཚམས་དེར་ཁེལ་བས་བཀྲ་ཤིས་ལ་ཞེས་གྲགས་པར་བཤད།  ཉག་ཁ་ནས་ཡར་བལྟས་ན་རྗེ་ཨ་རོལ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་དེ་ཉིད་མཚན་དཔེས་བརྒྱན་པའི་སྐུ་གཟུགས་རང་བྱོན་ངོ་མཚར་ཅན་གསལ་བོར་བཞུགས་ཡོད་ལ། དབུ་ཞྭ་དང་ཕྱག་ཕྲེང་། རིགས་ལྔ་གཙུག་ཏོར་སོགས་ཧ་ཅང་གསལ་ལྷང་ངེར་ཡོད།   དེའི་གཡས་གཡོན་ན་ཤེལ་དཀར་གྱི་མཆོད་རྟེན་དང་དབུས་སུ་བྲག་དམར་སེར་གྱི་ངོས་ན་སྟོན་པ་ཤཱཀྱ་ཐུབ་པའི་སྐུར་དགྲ་བཅོམ་མང་བོས་བསྐོར་བའི་ཞིང་བཀོད་ཀྱང་བཞུགས།


༥ཛམ་ལེར་གཏེར་སྒོའི་གནས།

ནོར་བདག་ཨཱརྱ་ཛམ་ལ་རང་བྱོན་ཡོད་ལ།མདུན་དུ་གཏེར་སྒོ་ཆེན་པོ་ཞིག་ཡོད་པས་དེར་གཏེར་སྦས་ན་རྒྱུ་ནོར་གྱི་དངོས་གྲུབ་འཕེལ་ཟེར།



༦ཨོ་རྒྱན་སྔགས་ཆུའི་གནས།

     བྲག་ངོས་ལ་འཇའ་ཚོན་འཁྲིགས་པ་ལྟ་བུའི་དཀྱིལ་ན་ཕུག་པ་དཀར་ཡོལ་ཁ་ཙམ་ཡོད་ལ།དེའི་ནང་དུ་ཨོ་རྒྱན་སྔགས་ཆུ་རང་འབབ་ཡོད་པས་ལག་པ་བརྐྱངས་ཏེ་ཆུར་རེག་ན་རང་རང་གི་སྐལ་བའི་བསོད་ནམས་ཀྱི་ཆེ་ཆུང་ལྟར་དངོས་གྲུབ་ལག་ཏུ་འོང་བར་བརྗོད་དོ།།


གསུམ།  གནས་སྒོ་ཆུང་བཞི།

༡གླང་ཆེན་ཁ་འབབ།

   གླང་ཆེན་ཁ་འབབ་ནི་གནས་རིའི་ལྷོ་སྨད་ཀྱི་སྐོར་ལམ་ན་ཡོད།ཆུ་བོ་ཟུང་དུ་འབབ་པ་དང་རྩི་ཤིང་ནགས་ཚལ་རྒྱས་པས་གཏེར་དང་འབུམ་ཁང་བཞུགས་སའི་གནས་ཁྱད་པར་ཅན་ཡིན།དེའི་བྲག་ངོས་སུ་གཏེར་སྒོ་དང་གཏེར་ཡིག རྒྱ་ཡིག་རང་བྱོན་སོགས་གསལ།གཡས་ཀྱི་བྲག་ངོས་སུ་ལྷ་མོ་རང་བྱོན་དང་མགོན་ཆོས་སོགས་ཀྱི་རང་བྱོན།ལྷ་བྱ་དང་ཀླུ་སྦྲུལ་དཀར་ནག་ཁུང་བར་འཛུལ་བའི་རང་བྱོན་སོགས་འབུར་དོད་དུ་བཞུགས་སོ།།


ཤ་སྒྱོ་སྨུག་པོ།

  ཤ་སྒྱོ་སྨུག་པོ་ནི་སངས་རྒྱས་ཀྱི་གཏེར་ཁུག་དང་ཡང་ན་ཨ་ཁུ་ཁྲོ་ཐུང་གི་ཤ་སྒྱོ་བང་མཛོད་ཡིན་ཟེར།དེར་ལག་པས་རེག་པ་དང་མཆོད་འབུལ་བྱས་ན་ཁ་འགོང་ལག་འགོང་སོགས་ཕར་བསྐྲད་དེ་རྒྱུ་ནོར་ལོངས་སྤྱོད་ཀྱི་དངོས་གྲུབ་སྦྱིན་པར་གསུངས་སོ།།


བདུད་རྩིའི་སྨན་ཆུ་གནས།

     ཆོས་རྒྱལ་ཆུ་བོའི་གཡས་ཟུར་ན་སྨན་ཆུ་རོ་དྲུག་ནུས་ལྡན་ཡོད་ལ།དེ་འཐུང་བ་དང་འཁྲུས་སོགས་བྱས་ན་ཕོ་ནད་དང་མཆིན་ནད།མཁྲིས་སྐྲན་སོགས་སེལ་བའི་སྨན་ཆུ་ཁྱད་པར་ཅན་ཞིག་ཡིན་ལ།དེའི་གོང་གི་འགག་འགྲམ་ན་ཅུ་གང་དང་ཅོང་ཞི་ཇི་འདོད་གཏེར་དུ་བརྡོལ་ལོ།།


༤ཡ་མ་ཐར་ཁུང་།

དེར་ཁུང་བུ་གསུམ་ཡོད་པས་རེ་རེ་ལས་ཐར་ན་སྲི་ངན་ལས་ཐར་ཞིང་ངན་སོང་གསུམ་ལས་ཐར་བའི་རྟེན་འབྲེལ་ཡོད་པར་གསུངས

རྩོམ་ཁུངས། བོད་ཀྱི་རིག་གནས་འཕྲིན་སྟེགས་ལས་བཤུས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 96xc བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  བྲག་དཀར་སྤྲེལ་རྫོང་གི་གནས་ཡིག་ལམ་སྟོན་སྒྲོན་མེ།   སྤེལ་མཁན།: ཆོས་རྗེ་ཡུལ་ཚོ་སྟོང་སྐོར་སྡེ་བའི་སྟོང༔སྨྱུག་རྒོད་དམ་ཚེ་རིང་རྡོ་རྗེ་ནས། སྤེལ་དུས:2016/2/26
གནས་ཆེན་བྲག་དཀར་སྤྲེལ་རྫོང་གི་གནས་ཡིག་ལམ་སྟོན་སྒྲོན་མེ་ལ་ཐུགས་ཁུར་བླ་ལྷག་གནང་བཞིན་ཡོད།
vibramycin pill renova tube tadalafil
tretinoin corladjunin.org.pe cipro pill
prescription discount coupons blog.alpacanation.com discount drug coupon
  བྲག་དཀར་སྤྲེལ་རྫོང་གི་གནས་ཡིག་ལམ་སྟོན་སྒྲོན་མེ།   སྤེལ་མཁན།: ཚེ་རིང་རྡོ་རྗེ། སྤེལ་དུས:2016/2/26
བཟང་གི་ཡ།
prescription discount card codesamples.in pharmacy card discount
valtrex 1g metronidazole priligy pill
online viagra coupons gallaghermalpractice.com new prescription coupons
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23480168
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།