འཛམ་གླིང་ཡོངས་སུ་ཚོགས་ཁག་སོ་བཞིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་བློ་དཀར་བྱེད་རྒྱུའི་དམ་བཅས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »འཛམ་གླིང་ཡོངས་སུ་ཚོགས་ཁག་སོ་བཞིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་
འཛམ་གླིང་ཡོངས་སུ་ཚོགས་ཁག་སོ་བཞིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་བློ་དཀར་བྱེད་རྒྱུའི་དམ་བཅས།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2016-02-19ལྟ་ཀློག (2820)རྩོམ་ཁུངས: མཚོ་སྔོན་བོད་སྐད་དྲྭ་ཚིགས།པར་འདེབ།

འཛམ་གླིང་ཡོངས་སུ་ཚོགས་ཁག་སོ་བཞིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་བློ་དཀར་བྱེད་རྒྱུའི་དམ་བཅས།这张2月6日在波黑泽尼察摆拍的配图显示的是一名男子在显示有极端组织“伊斯兰国”的标志电脑屏幕前打字。.jpg

པར་འདི་ནི་ཟླ་གཉིས་པའི་ཚེས་དྲུག་ཉིན་པའོ་ཧེ་ཙེ་ནེ་ཁྲ་ནས་བླངས་པའི་འདྲ་པར་ཞིག་ཡིན་པ་དང་། སྐྱེས་པ་ཞིག་གིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མཚོན་རྟགས་མངོན་ཡོད་པའི་རྩིས་འཁོར་གྱི་བརྙན་རིས་སྔོན་ཡི་གེ་གཏག་བཞིན་པའི་ཚུལ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཚེས་ལྔ་ཉིན་ཁྱབ་སྒྲོག་བྱས་པའི་སྙན་ཞུ་ལྟར་ན། འཛམ་གླིང་ཡོངས་ཀྱི་ཚོགས་ཁག་སོ་བཞིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་བློ་དཀར་བྱེད་རྒྱུའི་དམ་བཅས་ཡོད་པ་དང་། རྩ་འཛུགས་དེ་འཛམ་གླིང་སྟེང་ཆེས་འབྱོར་ཕྱུག་ལྡན་པའི་འཇིགས་སྐུལ་རྩ་འཛུགས་ཤིག་ཡིན་ལ། རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་སྔ་ན་མེད་པའི་འཇིགས་ཉེན་ཐེབས་བཞིན་ཡོད་ཟེར།

སྙན་ཞུ་དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ཀྱི་རེ་བ་ལྟར་ལས་པ་ཡིན་ཞིང་། ཚེས་ལྔ་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲ་ཚིགས་སྟེང་ཁྱབ་སྒྲོག་བྱས་པ་རེད།

སྙན་ཞུ་ལས་བཤད་རྒྱུར། ལོ་གཉིས་མ་འགོར་བའི་དུས་ཚོད་ནང་། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་དབྱི་རག་དང་སི་རི་ཡཱའི་ས་ཁོངས་མང་བོ་བཙན་བཟུང་བྱས་ཤིང་། ཉེ་སྔོན་ད་རུང་ཨ་ཧྥེ་རི་ཁ་ནུབ་མ་དང་བྱང་མ། དབུས་ཤར། ཨེ་ཤ་ཡཱ་ཤར་ལྷོ་ས་ཁུལ་བཅས་ཀྱི་ཤུགས་རྐྱེན་ཁྱབ་ཁོངས་ཇེ་ཆེར་གཏོང་བཞིན་ཡོད། ཉིས་སྟོང་བཅོ་ལྔ་ལོའི་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་ཉིན་བསྒྲགས་པ་ལྟར་ན། འཛམ་གླིང་ཡོངས་ཀྱི་ཚོགས་ཁག་སོ་བཞིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་བློ་དཀར་བྱེད་རྒྱུའི་དམ་བཅས་ཡོད་པ་དང་། ཚོད་དཔག་བྱས་ན་ཉིས་སྟོང་བཅུ་དྲུག་ལོར་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ཁོངས་སུ་གཏོགས་པའི་རྩ་འཛུགས་ཀྱི་ཁ་གྲངས་མུ་མཐུད་དུ་ཇེ་མང་ལ་འགྲོ་ངེས་རེད་ཟེར།

སྙན་ཞུ་ལས་བལྟས་ན། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་སྔ་ན་མེད་པའི་འཇིགས་ཉེན་ཐེབས་སྲིད་པར་འདོད་པ་དང་། རྒྱལ་ཁབ་སོ་སོས་འཇིགས་སྐུལ་རིང་ལུགས་ལ་རོགས་སྐྱོར་བྱེད་པའི་བྱ་སྤྱོད་ལ་ཆམ་ཕབ་གཏོང་བ་དང་། དྲ་རྒྱར་བརྟེན་ནས་མི་སྣ་བསྡུ་བའི་བྱ་སྤྱོད་ལ་ཆམ་ཕབ་བཏང་སྟེ། ཕྱི་རྒྱལ་གྱི་འཇིགས་སྐུལ་རིང་ལུགས་ཀྱི་འཐབ་འཛིང་མི་སྣ་གནས་སྐོར་བྱེད་པར་བཀག་འགོག་བྱེད་པ་དང་། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མིང་ཐོགས་ནས་སྤེལ་བའི་འཇིགས་སྐུལ་འཇབ་རྒོལ་ལ་རོགས་རམ་དང་ཇུས་འགོད་བྱེད་པར་བཀག་འགོག་བྱེད་དགོས་པའི་གྲོས་གཞི་བཏོན།


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ། ཨ་བུ་འབྲོང་།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། oldr བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23535576
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།