ཀྲུང་གོའི་ལོ་རྒྱུས་ཡང་བསྐྱར་འབྲི་དགོས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »ཀྲུང་གོའི་ལོ་རྒྱུས་ཡང་བསྐྱར་འབྲི་དགོས།
ཀྲུང་གོའི་ལོ་རྒྱུས་ཡང་བསྐྱར་འབྲི་དགོས།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2016-02-19ལྟ་ཀློག (4399)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཀྲུང་གོའི་ལོ་རྒྱུས་ཡང་བསྐྱར་འབྲི་དགོས།


རྡོ་སྦིས་བཤད་སྒྲུབ་ཀྱིས།

     ཨོཾ་བདེ་ལེགས་སུ་གྱུར་ཅིག དེ་ཡང་རྒྱའི་མཁས་དབང་སི་མ་ཀོང་གིས་མཛད་པའི་༼资治通鉴དབང་འཛིན་པའི་མེ་ལོང།༽དང་རྒྱ་བོད་ཡིག་རྙིང་གི་ལོ་རྒྱུས། ད་ལྟའི་གནའ་རྫས་རྟོག་ཞིབ་བྱས་པའི་དཔྱད་འབྲས། ཁྱད་པར་སངས་རྒྱས་ཀྱི་ལུང་གིས་བསྟན་པའི་ལྷ་མོ་དྲི་མ་མེད་པའི་ཞུས་བའི་མདོ་དང་ཤེར་ཕྱིན་གྱི་མདོ། གླང་རི་ལུང་གཏམ་དང་ལི་ཡུལ་ལུང་གཏམ་བཅས་ལ་ཞིབ་ཏུ་རྟགས་ཚེ། ཀྲུང་གོའི་ལོ་རྒྱུས་འདི་ཡང་ངེས་པར་ཡང་བསྐྱར་གསར་དུ་འབྲི་དགོས་པའི་མཁོ་པ་བྱུང་འདུག་པ་དང། ཀྲུང་གོའི་ལོ་རྒྱུས་ནི་ནང་ལོགས་གཅིག་པུའི་འདོད་བློས་བྲིས་པ་ཙམ་དུ་མ་ཡིན་པར་ཀྲུང་གོའི་མི་རིགས་སོ་སོ་རང་རང་གི་གདོད་མ་ནས་བརྒྱུད་པའི་ཆོས་ལུགས་དང་དད་མོས།རིག་གནས།ཡུལ་སྲོལ་དང་འབྲེལ་བའི་འབྱུང་ཁུངས་ཆ་ཚང་བ་རེ་གནའ་ནས་ཆགས་བཞིན་གནས་ཡོད་པ་དང། གནའ་མི་བོད་གདོད་མའི་ཆོས་སྲིད་ཀྱི་བྱུང་བར་བརྗོད་ནའང་གནའ་བའི་འཕགས་ཡུལ་གྱི་གདོད་མའི་ཆོས་སྲིད་བྱུང་བ་དང་གཏན་ནས་ཁ་བྲལ་ཐབས་མི་འདུག་པ་ཞིག་ཆགས་གནས་སུ་ཡོད་པ་ཡིན་པས། འཕགས་ཡུལ་དང་ཁ་བྲལ་ནས་ཀྲུང་གོའི་བོད་རིག་པའི་ལོ་རྒྱུས་གླེང་བ་རྣམས་རྫུན་བཟོ་ཁོ་ན་ཡིན་པ་དང་གཅིག།   

    སངས་རྒྱས་ཀྱི་ཆོས་ཐམས་ཅད་ཤར་ནས་ནུབ་བྱང་ཕྱོགས་སུ་དར་བ་ཞིག་གཏན་ནས་མ་ཡིན་པར། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཆོས་རྒྱལ་མྱ་ངན་མེད་གཙོས་ཡང་ཚའི་བུ་བུ་མོ་རྣམ་པས་དྲགས་ཤུགས་ཀྱིས་དཔུང་རྩལ་ལ་རྟེན་ནས་ལྷོ་འཕགས་ཡུལ་ནས་བྱང་གོང་མ་དང་བྱང་བར་མ། བྱང་འོག་མ་ནས་ཤར་ལྷོའི་མཚམས་སུ་རྒྱ་ཆེར་དར་མགོ་ཚུགས་ཡོད་པ་དང་གཉིས།  

    གཉའ་ཁྲི་བཙན་པོ་སྔོན་ནས་ད་ལྟའི་བྱང་གི་ལི་ཡུལ་ཏེ་(西域)ཤིན་ཅང་ཡུལ་གྱི་ཆེས་གདོད་མར་ཆགས་པའི་མི་རིགས་ནི་སུམ་པ་དང་འ་ཞ་། ཧོར་སེར། དྲུ་གུ་། གདོང་དམར་བོད་པ་རྣམས་ཡིན་པ་ལས་ད་ལྟའི་ཡུལ་གུར་དང་ཨ་མོ་སམ།ཧ་སག  རྒྱའི་མི་རིགས་རྣམས་ཆགས་པ་ཞིག་གཏན་ནས་མ་ཡིན་པ་དང་གསུམ།  

     གཞན་ཡང་ཡབ་ཆེན་གནམ་རི་སྲོང་བཙན་གྱི་དུས་དེ་ནས་ཡར་ལུང་(ཀླུང)ཁོག་གི་སྟོད་སྨད་ཙམ་ལ་མངའ་དབང་མཛད་པ་ཞིག་གཏན་ནས་མ་ཡིན་པར། གནམ་རི་སྲོང་བཙན་ཡབ་སྲས་གཙོས་སྐུ་འཁོར་དང་རྗེ་བློན་དཔའ་དར་ཅན་རྣམ་པས་བྱང་གི་ལི་ཡུལ་མེ་གཞོང་གཙོས་སངས་རྒྱས་བསྟན་པའི་གནས་གཞི་དྲུ་གུ་གོ་རྫོང་དང་འུ་ཐེན། ལྕང་ར་སྨུག་པོ་།  གནུབས་རོང་གི་ནོར་ཆེན་དང་ནོར་ཆུང།  ཤེལ་ཆབ་མཚོ་མོའི་གོང་འོག་བར་གསུམ་ལ་ཞིང་སྤྱོད་ཀྱི་སྒྲིག་གཞི་ཆ་ཚང་བ་མང་པོ་གསར་དུ་བཙུགས་ནས་ཞིང་ཁྲལ་སྣ་ཚོགས་སྔར་ལས་ལྷག་པ་ཞིག་བསྡུས་ལེན་བྱས་བཞིན་ཡོད་པ་དང་བཞི། 

    སྤུར་རྒྱལ་བོད་བཙན་པའི་ཞིང་ཁམས་འདི་ལ་ཡབ་ཆེན་གནམ་རི་སྲོང་བཙན་ནས་བཟུང་བཀས་བཀོད་རྒྱུད་འཛིན་ལམ་ལུགས་ཀྱི་བསྒྲིག་གཞི་ཆ་ཚང་བ་ཞིག་བཙུགས་ཟིན་འདུག་པ་ཡིན་པས། བོད་ལྗོངས་ཡོངས་གནའ་ནས་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་ཡིན་ཟེར་དྲང་བདེན་མིན་པའི་རྙོག་བཤད་ཀྱིས་སྒྲོགས་སྲོལ་ལ་ཡིད་རྟོན་གཏན་ནས་བྱེད་མི་རིགས་པ་དང་ལྔའོ།། 


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ། ཨ་བུ་འབྲོང་།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 52t8 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  ཀྲུང་གོའི་ལོ་རྒྱུས་ཡང་བསྐྱར་འབྲི་དགོས།   སྤེལ་མཁན།: རྒྱ་ཐུང་པ། སྤེལ་དུས:2016/2/23
རྩོམ་པ་པོ་ཁོང་གི་རྒྱ་ཡིག་གི་མཚན་ལ་གང་འདྲ་བྱས་ནས་བྲིས་འདུག་གསུང་རོགས།
viagra online coupon markthrice.com free viagra samples coupon
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23504647
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།