མེ་ཕོ་སྤྲེལ་གྱི་གནམ་ལོ་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས་ཞུ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »མེ་ཕོ་སྤྲེལ་གྱི་གནམ་ལོ་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས་ཞུ།
མེ་ཕོ་སྤྲེལ་གྱི་གནམ་ལོ་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས་ཞུ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2016-02-09ལྟ་ཀློག (4484)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

རྒྱལ་ཁབ་ཕྱི་ནང་ཀུན་ཏུ་བཞུགས་པའི་བོད་རིགས་སྤུན་ཟླ་ཡོངས་ལ་གནམ་ལོ་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས་ཞུ། 


             དེ་རིང་ནིི་ཕྱི་ལོ།  ༢༠༡༦ ལོའི་ཕྱི་ཟླ་༢་པའི་ཚེས་༩ སྟེ་བོད་རབ་བྱུང་བཅུ་བདུན་པའི་མེ་ཕོ་སྤྲེལ་གྱི་ཟླ་བ་དང་བོའི་ཚེས་གཅིག་གི་ཉི་མ་ཡིན་པས།   ཐོག་མར་བོད་མདོ་དབུས་ཁམས་གསུམ་དང་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་བཞུགས་པའི་བོད་རིགས་སྤུན་ཟླ་ཡོངས་ལ་གནམ་ལོ་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས་ཞུ། དེ་རིང་གི་ཉི་མ་ནི་བཀྲ་ཤིས་པའི་ཉི་མ་ཡིན།  དོན་འགྲུབ་པའི་ཉི་མ་ཡིན།  འདི་ནི་གངས་ཅན་པ་ཚང་གི་ཐུན་མོང་གི་ལོ་སར་ཡིན།  འདི་ནི་བོད་མདོ་དབུས་ཁམས་གསུམ་གྱི་གོམས་པ་གཅིག་ཏུ་སྤོ་བྱེད་ཀྱི་ལོ་སར་ཉི་མ་ཡིན།  འདི་ནི་སྟོན་པ་ཤཱཀྱ་ཐུབ་པའི་མཛད་ཆེན་བཅུ་གཉིས་ཀྱི་དུས་ཆེན་རྣམས་གཅིག་གྱུར་ཡོང་བའི་ལོ་སར་ཡིན།  འདི་ནི་སྐྱེས་ཆེན་དམ་པ་རྣམས་ཀྱི་དགོངས་རྫོགས་དང་རྗེས་དྲན་གྱི་དུས་ཆེན་གཅིག་གྱུར་ཡོང་བའི་ལོ་སར་ཡིན།  དཔེར་ན།  རང་ཅག་ཁ་བ་ཅན་གྱི་ཆབ་དཔལ་རིག་གསུམ་ལ་མཛད་རྗེས་བླ་ན་མེད་པའི་ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་བ་མཆོག་གི་དགོངས་རྫོགས་རྗེས་དྲན་གྱི་དུས་ཚོད་དེ་ད་ལྟའི་བར་དུ་གཅིག་གྱུར་ཡོང་མི་ཐུབ་པའི་གནད་འགག་ཡང་ལོ་སར་གྱི་ཉིི་མ་འདི་ཡིན། གཙོ་བོ་ཨ་མདོའི་ཕྱོགས་ཀྱི་ལོ་སར་དུས་ཚོད་དེ་ལྷ་སའི་ལོ་སར་སྟེ་བོད་རང་གི་ལོ་སར་དང་བསྟུན་མ་ཐུབ་པས་ཡིན་ལ།  དགོན་པའི་དགོན་བདག་དང་སྡེ་བའི་སྡེ་དཔོན།  དགེ་བཤེས་དང་མཁན་པོ།  དགེ་རྒན་དང་འགོ་ཁྲིད་པ་སོགས་སྤྱི་ཚོགས་ལ་སྣེ་ཁྲིད་ཀྱི་ནུས་པ་ཡོད་མཁན་ཚང་མས་ཐུགས་ཁུར་ཟབ་མོ་གནང་དགོས་པའི་བྱ་བ་གལ་ཆེན་ཞིག་ཏུ་གྱུར་ཡོད།   ང་ཚོས་མཐུན་སྒྲིལ་དང་ལོ་རྒྱུས་གཅིག་གྱུར་ཡོང་བ་སོགས་གཞི་རྒྱ་ཆེ་ས་དང་རྒྱང་ཐག་རིང་སར་བལྟ་བ་ལས་རང་ས་ཁུལ་གྱི་ཡུལ་སྲོལ་གོམས་གཤིས་ཙམ་གཙོ་བོར་མི་འཛིན་པ་ཧ་ཅང་གལ་ཆེན་པོ་རེད།   གཙོ་བོ་བོད་མི་སྤྱིའི་དགོས་མཁོ་དང་ཁ་ཕྱོགས་ལ་བསྟུན་ནས་དབྱེ་ཞིབ་བྱེད་རྒྱུ་ལས་རང་ཕྱོགས་ཀྱི་ཞེན་ཁོག་ཙམ་གྱི་མི་ཡོང་།   དེང་སྐབས་བོད་སྤྱི་ཚོགས་ཀྱི་ཁྲོད་དུ་ཁོར་ཡུག་དང་དུས་རབས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་གཞིགས་ཏེ་ངེས་པར་དུ་འགྱུར་བ་གཏོང་དགོས་པའི་རིགས་ལ་འགྱུར་བ་གཏོང་མི་ཐུབ་པའམ་འགྱུར་བའི་ཚད་ཧ་ཅང་དལ་ཏེ་སྤྱི་ཚོགས་ཀྱི་རྗེས་སུ་ལུས་བཞིན་ཡོད་པ་དང་།  ཕྱོགས་ལ་ལ་ཞིག་གི་ཆ་ནས་ཡང་ལོ་རྒྱུས་དང་བྱ་བའི་མཇུག་འབྲས་ལ་དབྱེ་ཞིབ་མེད་པར་དེ་མ་ཐག་ཏུ་རང་ཚུགས་ཤོར་ནས་མིའི་རང་གཤིས་དང་རིག་གནས་ཀྱི་ཉིང་བཅུད་ལ་འགྱུར་བ་གཏོང་བ་ཧ་ཅང་མྱུར་བས།  བཟང་ཕྱོགས་དང་ངན་ཕྱོགས་ཀྱི་ཆ་ལ་ཐུགས་བསམ་ནན་མོ་བྱེད་རྒྱུ་དེ་ཤིན་ཏུ་ནས་ཀྱང་གལ་ཆེན་དུ་བསམ་ནས་བོད་པ་ཞིག་ཡིན་ན་བོད་པའི་ལོ་སར་གྱི་དུས་སུ་ལོ་སར་བྱེད་པར་མཁྱེན་མཁྱེན་མཁྱེན་ཞུ།   བོད་མེ་སྤྲེལ་ལོའི་ལོ་སར་གྱི་དུས་ཚོད་དང་བོར་རྭ་རྒྱ་འཇིགས་མེད་རྒྱལ་མཚན་གྱིས་གནའ་མཁར་སྲས་གླིང་དུ་བྲིས། 


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ། ཨ་བུ་འབྲོང་།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། vsky བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23532876
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།