སྐུ་འབུམ་བྱམས་པ་གླིང་གི་དགུ་གཏོར་ཆེན་མོ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »སྐུ་འབུམ་བྱམས་པ་གླིང་གི་དགུ་གཏོར་ཆེན་མོ།
སྐུ་འབུམ་བྱམས་པ་གླིང་གི་དགུ་གཏོར་ཆེན་མོ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2016-02-08ལྟ་ཀློག (5396)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

སྐུ་འབུམ་བྱམས་པ་གླིང་གི་དགུ་གཏོར་ཆེན་མོ།


         ཁ་སང་སྟེ་2015ལོའི་ཧར་ཟླ་༡༢་པའི་ཚེས་༢༩ ཉིན་སྐུ་འབུམ་བྱམས་པ་གླིང་གི་དགུ་གཏོར་ཆེན་མོར་མཇལ་དུ་སོང་། སྐུ་འབུམ་དགུ་གཏོར་ཆེན་མོ་ནི་ལོ་ངོ་ཉིས་བརྒྱ་དང་དགུ་བཅུ་གོ་གཅིག་གི་ཡར་སྔོན་ལ་མན་ཇིའི་གོང་མ་ཁྲི་ཐོག་གསུམ་པ་ཡུང་ཀྲིན་གྱི་དམག་དཔོན་ཉན་གུང་ཡེ་ནས་སྣེ་ཁྲིད་བྱས་པའི་ཧྲག་དམག་འབུམ་ཕྲག་མང་བོ་ཤར་ཙོང་ཁའི་ཡུལ་དུ་ཐོན་ནས་མཚོ་སྔོན་དུས་འཁྲུག་ཆེན་མོ་བསླངས་ཏེ་གསེར་ཁོག་དགོན་དང་ཆུ་བཟང་དགོན།  སྟོང་སྐོར་དགོན།  སྐུ་འབུམ་དགོན་གཙོ་བྱས་པའི་དགོན་པ་ཆེ་ཆུང་གང་མང་ལ་ཆགས་འཇིག་བློ་ཡུལ་ལས་འདས་པ་བཏང་ཞིང་སྨུག་པོ་ལྡོང་གི་རུས་རྒྱུད་མི་དབང་ཟི་ན་རྒྱལ་བོ་གཙོའི་ཡུལ་དཔོན་དང་སྡེ་དཔོན་མང་བོའི་སྐུ་སྲོག་ཤོར་བར་མ་ཟད།  སྐུ་འབུམ་དགོན་པའི་ཁྲི་ཟུར་བ་ཆུ་བཟང་བློ་བཟང་བསྟན་པའི་རྒྱལ་མཚན་དང་ཚོགས་ཆེན་ཞལ་ངོ་གཙོ་བྱས་པའི་གྲྭ་བ་སྟོང་ཕྲག་གཅིག་ལ་ཉེ་བའི་སྐེ་བྲགས་པའི་སྐབས་སུ་ཚོགས་ཆེན་དགེ་གཡོག་གཙོ་བྱས་ཏེ་གྲྭ་བ་མང་བོས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཆོ་གའི་སྒོ་ནས་མགོན་ཆོས་ལྔ་ཡི་བསྐང་གསོ་གསུངས་ཏེ་དགྲ་བགེགས་དྲུངས་ནས་འབྱིན་པའི་རིམ་གྲོ་རྨད་དུ་བྱུང་བ་བསྒྲུབས་པ་ནས་བཟུང་རིག་གསར་གྱི་སྐབས་མ་གཏོགས་བར་མ་ཆད་པར་བསྒྲུབས་བཞིན་ཡོད་པས་གཞན་ལས་ལྷག་པའི་བྱིན་རླབས་ཀྱི་ཚན་ཁ་ཡོད།  དུས་དེ་ནས་བཟུང་ཟི་ལིང་ཉེ་འཁོར་གྱི་བོད་པ་རྣམས་ལ་བོད་སྐད་བཤད་མི་ཆོག་ཟེར་བའི་ཁྲིམས་སྲོལ་ངན་པའི་རིགས་མང་བོ་ཞིག་གཅིག་རྗེས་གཉིས་མཐུད་དུ་དར་བའི་འགོ་ཚུགས་པ་ཡིན་པས།  ང་ཚོས་ཟི་ལིང་ཉེ་འཁོར་གྱི་བོད་མི་བོད་སྐད་མི་ཤེས་མཁན་རྣམས་ལ་དམའ་འབེབས་དང་བརྙས་བཅོས་མི་བྱེད་པར་ཁོ་ཚོའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་ལོ་ངོ་སུམ་བརྒྱ་ལ་ཉེ་བའི་རིང་གི་སྙིང་སྟོབས་དང་བརྩོན་འགྲུས་ལ་མཐོང་ཆེན་དང་གུས་བསྐུར་བྱེད་པར་རེ་སྐུལ་ནན་མོ་བྱས་པ་ཡིན།  དེ་དང་དུས་མཚུངས་སུ་ས་ཆ་ལ་ལར་མི་རིགས་གཞན་དང་འགྲོགས་ནས་ལོ་ངོ་བཞི་བཅུ་ལྔ་བཅུ་ཙམ་དང་ཡང་ན་ཉི་ཤུ་ཡས་མས་ནས་ཀྱང་བོད་ཡིག་བོད་སྐད་མི་ཤེས་མཁན་མང་བོ་བྱུང་དང་འབྱུང་བཞིན་ཡོད་པ་དག་ལ་དེ་ནི་མི་རིགས་ཀྱི་ངོ་ཚ་ཡིན་པ་ཤེས་པར་གྱིས་ཞེས་དྲན་སྐུལ་གྱི་བརྡ་འཕྲིན་འདི་སྤེལ་བ་ཡིན།  དགེ་རྒན་འཇིགས་མེད་རྒྱལ་མཚན་མཆོག་གི་སྐད་འཕྲིན་ལས་བཤུས།  


བསྐང་གསོ་གསུངས་ཏེ་དགྲ་བགེགས་དྲུངས་ནས་འབྱིན་པ།


དད་ལྡན་མང་ཚོགས་རྣམས་མཚར་སྣང་ངང་གསར་འགོད་བྱེད་བཞིན་པ།


དགུ་གཏོར་ཆེན་མོ་འཕེན་པ།


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ། ཨ་བུ་འབྲོང་།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། jg8m བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23504894
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།