སྐྱི་པགས་རྡོ་ལྟར་མཁྲེགས་པའི་ཁྱི་ལྡོམ་ཞིག་བསྐྱབས་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »སྐྱི་པགས་རྡོ་ལྟར་མཁྲེགས་པའི་ཁྱི་ལྡོམ་ཞིག་བསྐྱབས་པ།
སྐྱི་པགས་རྡོ་ལྟར་མཁྲེགས་པའི་ཁྱི་ལྡོམ་ཞིག་བསྐྱབས་པ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2016-02-04ལྟ་ཀློག (4663)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

སྐྱི་པགས་རྡོ་ལྟར་མཁྲེགས་པའི་བདག་མེད་ཁྱི་ལྡོམ་ཞིག  ལམ་འགྲོ་བས་བསྐྱབས་རྗེས་ཡང་བསྐྱར་གསོན་པའི་སྐལ་བ་བྱུང་།
     2016-02-04     12:15:29

   2015ལོའི་སྤྱི་ཟླ་4བར། ཡོ་རོབ་ཞིས་ལ་རྒྱལ་ཁབ་ཀྱི་ཡ་ཏེན་གྲོང་ཁྱེར་དུ། སྐྱི་པགས་རྡོ་ལྟར་མཁྲེགས་ཤིང་། ལུས་ཀྱི་སྤུ་ཡོངས་ཟད་པའི་བདག་མེད་ཁྱི་ལྡོམ་ཞིག་གཞུང་ལམ་དུ་འཁྱམས་ནས་འགྲོ་སྐབས། ལམ་འགྲོ་བས་པར་བརྒྱབ་སྟེ་ངོ་དེབ་སྟེང་བཀོད་པ་དང་། ཆེད་ལས་མི་སྣ་འོང་ནས་ཡ་ང་ཞིང་སྙིང་རྗེའི་ཡུལ་དུ་གྱུར་བའི་ཁྱི་གུ་འདི་སྐྱོབ་པའི་རེ་བ་བཅངས།

      འདི་ནི་རྒྱུད་འདྲེས་མའི་ཁྱི་ཞིག་ཡིན་པ་དང་ལོ་ལྔ་ཙམ་རེད། ཕར་བལྟས་ན་ཁྱི་འདི་ལ་ནད་ཚབས་ཆེན་གྱིས་ཀུན་ནས་བཏབ་པ་དང་འདྲ་ཞིང་། མིའི་གམ་དུ་བཅར་བར་ཤིན་ཏུ་སྐྲག་པ་དང་གཞན་གྱིས་མཐོང་ནས་པར་བརྒྱབ་པའི་ཉིན་མོ་འདི་ནི་མ་གཞི་ཁོ་རང་གི་བདེ་སྐྱིད་ཀྱི་འཚོ་བའི་འགོ་བརྩམས་པའི་ཉིན་མོ་ཡིན་པ་ཁོས་ཀྱང་ག་ལ་ཤེས།

མི་རྣམས་ཀྱིས་ཁྱི་འདི་ལ་Petraཞེས་པའི་མིང་ཞིག་བཏགས་པ་དང་། དེ་ནི་ཞིས་ལའི་སྐད་དུ་"རྡོ་"ཞེས་པའི་དོན་རེད། Petraམིའི་རིགས་དང་ཧ་ལམ་འབྲེལ་འདྲིས་བྱས་མེད་པ་དང་ཁོ་རང་མིའི་གམ་དུ་བཅར་བར་ཧ་ཅང་འཇིགས་པ་དང་བཅར་འདོད་པའི་བསམ་བློའང་ཡེ་ནས་བྲལ། མི་ཞིག་ཁོའི་གམ་དུ་བཅར་ཚེ་ཁོ་རང་སྐྲག་ནས་བྲོས་འགྲོ་བ་ཡིན་པས། ཁོ་རང་སྐྱོབ་པའི་ལས་འགན་ལ་ཧ་ཅང་དཀའ་ཁག་ཆེ། ཡིན་ནའང་མི་ཚང་མས་ཁོ་རང་སྐྱོབ་ཐབས་བྱས་ཏེ་མ་དོར་བ་རེད།

དཀའ་ལས་མང་བོ་བརྒྱབ་མཐར། ཁྱི་འདི་འཛིན་ཐུབ་པ་བྱུང་བ་དང་མི་རྣམས་ཀྱི་ཁོ་རང་ཞིས་ལ་ཨོ་ལོ་པོ་སིའི་"བདག་མེད་ཁྱི་ལྡོམ་སྐྱོབ་ཡུལ་བསྡུ་ཉར་ཁང་"དུ་བསྐྱལ་བ་རེད། གནས་དེའི་སྲོག་ཆགས་འགན་ཁུར་མི་སྣ་Valiaཡིས་ཁྱི་ལྡོམ་ཧ་ཅང་མང་བོ་བསྐྱབས་མྱོང་བ་དང་ཁོས་བཤད་དོན། "ངས་བསམ་ན་ཁྱི་འདི་བདག་པོ་མེད་པར་འཁྱམ་ཉུལ་གྱི་འཚོ་བ་རྐྱང་རྐྱང་རོལ་བ་རེད་སྙམ་སྟེ། གལ་སྲིད་སྔོན་ཆད་མིའི་རིགས་དང་མཉམ་དུ་འཚོ་བ་ཡིན་ན་ད་ལྟའི་ནད་གཞི་ལྕི་མོ་འདི་འདྲ་ཞིག་ཕོག་མི་སྲིད་པ་དང་མིའི་རིགས་ལ་གཡོལ་ཅི་ཐུབ་ཀྱང་བྱེད་མི་སྲིད་"ཟེར།

       Petraཡི་བདེ་ཐང་གི་གནས་བབ་ཧ་ཅང་མི་ལེགས་པ་དང་ཚབས་ཆེ་བའི་པགས་ནད་བྱུང་ཡོད་པས་ཁོ་རང་གི་ལུས་ཀྱི་པགས་པ་རྡོ་ལྟར་སྲ་མཁྲེགས་སུ་གྱུར་ཡོད། སྨན་བཅོས་བྱེད་པའི་གོ་རིམ་ཁྲོད་དུ། Petraཡིས་ན་ཟུག་བཟོད་གླགས་མེད་པ་མྱོང་དགོས་བྱུང་། ཡིན་ནའང་ཆེས་ཆེ་བའི་གནད་དོན་ནི་འགན་ཁུར་བ་Valiaནས་Petraཡིས་སྔར་བཞིན་མི་སུ་གཅིག་ལའང་ཡིད་རྟོན་མི་བྱེད་པ་ཤེས་པ་རེད། ཁོས་བཤད་དོན། "ཁོ་རང་རང་ཉིད་སྡོད་སའི་གཟེབ་ལས་གཏན་ནས་ཕྱིར་མི་འགྲོ་བ་དང་། ལག་པ་བརྐྱངས་ཏེ་རེག་སྐབས་ཁོ་རང་གཡོལ་ཅི་ཐུབ་བྱེད། ཁོ་རང་ལ་བདེ་འཇགས་འདུ་ཤེས་ཧ་ཅང་ཞན་པ་དང་། དུས་རྒྱུན་བསྡུ་ཉར་ཁང་གི་ཁྱི་གཞན་པའི་སྟེང་ངར་སྐད་སྒྲོག་ནས་འདུག་"ཟེར།

Valiaཡིས་བཤད་རྒྱུར། "ང་རང་ཐེངས་དང་བོར་Petraགམ་དུ་བཅར་དུས་ཁོ་རང་ཤིན་ཏུ་སྐྲག་ནས་རང་ཉིད་སྡོད་སའི་གཟེབ་ཀྱི་གསང་སྤྱོད་ཁང་དུ་བྲོས་སོང་། ཐེངས་གཉིས་པར་ང་ཚོས་ཆུ་ཚོད་གཅིག་ཏག་ཏག་བཀོལ་རྗེས་ད་གཟོད་གཞི་ནས་གཟེབ་དང་བར་ཐག་གོམ་པ་ཁ་ཤས་ལ་ཁྲིད་པ་ཡིན་"ཟེར་བ་དང་། ཡང་"ཁོ་རང་གོམ་པ་གསུམ་བཞི་ཙམ་སྤོས་རྗེས་འགྲོ་མཚམས་འཇོག་པ་དང་། ངས་ཤུགས་ཆུང་ངུས་འཐེན་ཙམ་བྱས་པ་ཡིན་ད་གཟོད་ཡང་བསྐྱར་གོམ་པ་ཁ་ཤས་ལ་འགྲོ་"ཟེར།

ཡིན་ནའང་། གཟའ་འཁོར་རེ་འགོར་ན་Petraཡི་སྤོབས་པའང་ཆེ་རུ་འགྲོ་བཞིན་ཡོད་པ་དང་། ཁོ་རང་གཟེབ་ཀྱི་ཕྱི་རོལ་ཏུ་འགྲོ་འདོད་ཀྱི་འདུན་པ་ཇེ་ཆེར་སོང་བ་དང་རིམ་གྱིས་ག་ལེར་མི་རྣམས་ཀྱི་གཅེས་སྐྱོང་དང་རྩེད་མོ་རྩེ་བའང་དང་ལེན་བྱས་བྱུང་། Valiaཡི་ལྷག་བསམ་རྣམ་དག་གི་བདག་སྐྱོང་འོག  Petraཡི་རྣམ་པའང་འགྱུར་ལྡོག་བྱུང་ནས་སྔོན་མ་དང་གཏན་ནས་མི་འདྲ་བའི་ཁྱི་གཞན་ཞིག་ཏུ་གྱུར།

ད་སྐབས་ཁོ་རང་སྔོན་མའི་ཀེང་རུས་ལྟ་བུའི་སྐམ་རིད་དང་ཤ་པགས་རྡོ་ལྟར་སྲ་མཁྲེགས་ཡིན་པའི་ཁྱི་དེ་མིན་པ་དང་། མིའི་གམ་དུ་བཅར་བར་ཡང་འཇིགས་སྣང་མེད། "ད་ལྟ་ཁོ་རང་གིས་མཇུག་མ་གཡུག་གཡུག་བྱས་ཏེ་མི་གཞན་དང་རྩེད་མོར་རོལ་འདོད་ཀྱི་རྣམ་འགྱུར་སྟོན་པ་དང་། ཁྱི་གཞན་ལའང་ཧ་ཅང་མཛའ་བརྩེ་ལྡན།

ད་ལྟ། ཁྱི་ལྡོམ་སྐྱོབ་ཡུལ་བསྡུ་ཉར་ཁང་གིས་Petraགསོ་འདོད་ཡོད་པའི་ཁྱིམ་ཚང་འཚོལ་བཞིན་ཡོད། སྔོན་ཆད་ཁེར་རྐྱང་ངང་འཁྱམ་ཉུལ་དང་ལུས་ཡོངས་ནད་ཀྱིས་ཟིན་པའི་ཁྱི་འདི་མིའི་རིགས་ཀྱི་རོགས་སྐྱོར་འོག  ཡང་བསྐྱར་གསོན་ཐུབ་པ་བྱུང་ཡོད།

ཡིག་སྒྱུར་བ་དང་མཁོ་སྤྲོད་པ།  གསར་འགོད་པ།  འཇམ་དབྱངས་ཚུལ་ཁྲིམས། 


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ། ཨ་བུ་འབྲོང་

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། a7yd བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23533254
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།