​གཟེངས་རྟགས་འདི་བོད་ཀྱི་སློབ་གསོའམ་ཐོན་མིའི་སློབ་གསོ་ལ་ཐོབ་པ་ཞིག་ཡིན། ​
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 24 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» འོས་སྦྱོར་གླིང་། » ​གཟེངས་རྟགས་འདི་བོད་ཀྱི་སློབ་གསོའམ་ཐོན་མིའི་སློབ་གསོ་ལ་ཐོབ་
​གཟེངས་རྟགས་འདི་བོད་ཀྱི་སློབ་གསོའམ་ཐོན་མིའི་སློབ་གསོ་ལ་ཐོབ་པ་ཞིག་ཡིན། ​
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2016-02-02ལྟ་ཀློག (5414)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


  གཟེངས་རྟགས་འདི་བོད་ཀྱི་སློབ་གསོའམ་ཐོན་མིའི་སློབ་གསོ་ལ་ཐོབ་པ་ཞིག་ཡིན། 

རྭ་རྒྱ་འཇིགས་མེད་རྒྱལ་མཚན་གྱིས་རེ་བའི་གསེར་གྱི་གཟེངས་རྟགས་བཞེས་པའི་སྐབས་གནང་བའི་གསུང་བཤད་བསྡུས་བཀོད། 

     ང་རང་ལ་རེ་བའི་གསེར་གྱི་གཟེངས་རྟགས་ཐོབ་པ་འདི་ནི་ཧ་ཅང་དགའ་དགོས་པ་ཞིག་ཡིན་ལ།  ཤིན་ཏུ་ལྕི་བའི་འགན་ཁུར་ཞིག་ཀྱང་རེད།  སྤྱིར་རང་ཉིད་ལ་མཚོན་ན་རྫོང་དང་ཁུལ། ཞིང་ཆེན། རྒྱལ་ཁབ་རིམ་པའི་དགའ་རྟགས་གང་མང་ཞིག་ཐོབ་མྱོང་།  ཡིན་ན་ཡང་དེ་རིང་ལྟ་བུ་ཞིག་དགའ་མ་མྱོང་ཟེར་བའི་རྒྱུ་མཚན་ནི་གཟེངས་རྟགས་འདི་བོད་མི་སྤྱི་ཚོགས་ཀྱི་གཟེངས་རྟགས་ཤིག་ཡིན་པར་མ་ཟད། ཆེས་ཐོག་མ་དེ་སློབ་གསོ་ལ་ཐོབ་ཡོད་པ་འདིས་ཡིན།  སྤྱིར་གཟེངས་རྟགས་སྟེར་མཁན་དང་ཐོབ་མཁན་གྱི་ཆ་ནས་བཤད་ན་ཆེས་མཚན་མཚོན་འོས་པའི་ཚད་རིམ་ལ་སླེབས་མེད་ན་ཡང་འདིས་བོད་སྤྱི་ཚོགས་ཀྱི་འཕེལ་རིམ་དང་བསམ་བློ་ཞིག་མཚོན་གྱིན་ཡོད།  མི་རིགས་ཤིག་འཕེལ་རྒྱས་སུ་འགྲོ་བའི་གཞི་རྟེན་ནི་སློབ་གསོ་ཡིན་ལ།  སློབ་གསོ་ལ་མཐོང་ཆེན་བྱེད་པའི་མི་རིགས་དེ་ནི་ནམ་ཡང་མདུན་བསྐྱོད་ཀྱི་གོམ་སྟབས་ལ་གསོན་ཤུགས་རྒྱས་ཡོད།  དེའི་ཕྱིར་ང་ཚོ་བོད་པ་ཚང་གི་སྤྱི་ཚོགས་སྟེང་དུ་སློབ་གསོ་ལ་མཐོང་ཆེན་འདི་འདྲ་བྱེད་པ་ཨེ་མ་ཧོ་རྨད་བྱུང་སྐལ་བ་བཟང་།  འོན་ཀྱང་དགའ་རྟགས་སྟེར་མཁན་ཡོད་པ་དང་ལེན་མཁན་ཡོད་པ་ཙམ་གྱིས་མི་ཆོག་པར་རྒྱུན་འཛིན་དང་དར་སྤེལ་དུ་གཏོང་བ་དེ་བས་ཀྱང་གལ་ཆེན་ཡིན། གཟེངས་རྟགས་འདི་ང་སྒེར་གྱིས་བླངས་པ་ཞིག་མིན་ལ་ང་སྒེར་ལ་ཐོབ་པ་ཞིག་ཀྱང་མིན།  འདི་ནི་མི་ལོ་ཉི་ཤུ་ལྷག་གི་རིང་ལ་ཉིན་དཀར་གྱི་ཟས་དང་མཚན་མོའི་གཉིད་བཅགས་ནས་སློབ་གྲྭའི་སྐྱིད་སྡུག་ལེགས་ཉེས་ཐམས་ཅད་ལ་སེམས་ཁུར་གནང་བའི་དགེ་རྒན་དང་ལས་བཟོ་བ།  སློབ་མ་དང་ཁྱིམ་བདག  རྒྱབ་སྐྱོར་གནང་མཁན་གྱི་འགོ་ཁྲིད་དང་སྦྱིན་བདག་ཐུན་མོང་གི་ངལ་རྩོལ་ལས་བྱུང་བའི་འབྲས་རྟགས་ཡིན།  དགའ་རྟགས་ནི་སྔོན་སོང་ལེགས་ལམ་ལ་གདེང་འཇོག་བྱས་པས་མི་ཚད་མ་འོངས་པའི་བགྲོད་ལམ་ལ་འགན་ཁུར་ལྕི་མོ་ཞིག་སྤྲད་པ་ཡིན།  ཡིན་ན་ཡང་།  ང་ལ་རི་རབ་ལས་ལྕི་བའི་གཟེངས་རྟགས་འདི་དང་དུ་ལེན་པའི་སྤོབས་པ་དེ་གང་ནས་བྱུང་ཟེར་ན།  གཟེངས་རྟགས་འདི་བོད་ཀྱི་སློབ་གསོ་འམ་ཐོན་མིའི་སློབ་གསོ་ལ་ཐོབ་པ་ཡིན་པས། ཐོན་མིའི་སློབ་གསོ་ལ་དགའ་མཁན་ཚང་མ་ངའི་རྒྱབ་རྟེན་གྱི་བྲག་རི་ཡིན་པར་མ་ཟད། རང་སློབ་གླིང་ཡན་ལག་དང་བཅས་པའི་དགེ་ལས་ཐམས་ཅད་ངའི་དཔུང་རོགས་ཡིན་ལ།  སློབ་གླིང་དུ་མཐར་ཕྱིན་པའི་སློབ་མ་དང་མཐར་ཕྱིན་འགྱུར་གྱི་སློབ་མ་སྟེ་ཐོན་མིའི་སློབ་ཚོགས་ཀྱི་མི་སྣ་རེ་རེ་ནི་མ་འོངས་པའི་རྒྱུན་འཛིན་དང་དར་སྤེལ་བྱེད་མཁན་གྱི་དཔུང་སྡེ་ཡིན་པས་ང་ལ་སྤོབས་པ་མི་སྐྱེ་ན་སུ་ལ་སྐྱེ་བསམ་པ་ཡིན།  །

    དགེ་རྒན་བཀའ་དྲིན་ཅན་གཙོ་བྱས་པའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་རྒན་དང་ལས་བཟོ་བ་རྣམ་པས་མི་ལོ་ཉི་ཤུ་ལྷག་གི་དཀའ་སྡུག་གི་ཀྱག་ཀྱོག་བརྒྱུད་ནས་འོད་སྟོང་ལྡན་པའི་བོད་མི་རིགས་ཀྱི་སློབ་གསོའི་གྲུབ་འབྲས་ཕོན་ཆེ་བ་འདི་བླངས་པར་སེམས་གཏིང་ནས་རྟེན་འབྲེལ་ཞུ་རྒྱུ་ཡིན་པར་མ་ཟད།  མི་ལོ་དེ་དག་གི་རིང་ལ་རླབས་ཆེ་བའི་སློབ་གསོའི་ལས་དོན་འདི་ལ་ཁ་ཞེ་གཉིས་མེད་ཀྱིས་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་གནང་བའི་བོད་རིགས་སྤུན་ཟླ་སྤྱི་དང་།  ལྷག་དོན་དུ་ད་རེ་བོད་ཁམས་ཡོངས་ཀྱི་གཟེངས་རྟགས་ཆེས་མཐོ་ཤོས་རེ་བའི་གསེར་གྱི་གཟེངས་རྟགས་ཀྱི་སློབ་གསོའི་བྱ་དགའི་རྟགས་མ་གཙོ་སྒྲུབ་གནང་བའི་ལས་ཁུངས་ཏེ།  ཡུལ་ཤུལ་ཁུལ་རིག་གནས་ལུས་རྩལ་ཅུའུ་དང་།   པེ་ཅིན་རེ་བའི་རིག་གནས་ཁྱབ་སྤེལ་ཚད་ཡོད་མཐུན་གཉེར་ཁང་། ཡུལ་ཤུལ་ཉི་མའི་ཨ་ཕ་རིག་གནས་སྒྱུ་རྩལ་ཁྱབ་སྤེལ་ཚད་ཡོད་མཐུན་གཉེར་ཁང་བཅས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་ཡིན།  


༢༠༡༦  ༢  ༢ཉིན་ཐོན་མིའི་སློབ་ཚོགས་ཀྱིས། 
རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་། 

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། if7l བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23525659
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།