རྒྱལ་ཁབ་སོ་སོའི་རྣམ་རྟོག
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »རྒྱལ་ཁབ་སོ་སོའི་རྣམ་རྟོག
རྒྱལ་ཁབ་སོ་སོའི་རྣམ་རྟོག
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2016-01-31ལྟ་ཀློག (5218)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

རྒྱལ་ཁབ་སོ་སོའི་རྣམ་རྟོག

[1]འཛམ་གླིང་སྟེང་གི་རྒྱལ་ཁབ་གང་ལའང་རྣམ་རྟོག་འཆར་ཚུལ་དུ་མ་ཡོད། རྒྱལ་ཁབ་མི་འདྲ་བ་དང་རིག་གནས་མི་འདྲ་བས་རྣམ་རྟོག་འཆར་ལུགས་ཀྱང་མི་འདྲ།

རྒྱ་ནག

[2]རྒྱ་ནག་པས་ཁྱིམ་ནས་གདུགས་ཕུབ་ན་གཟུགས་མི་སྐྱེ་ཟེར། 
[3]ལོ་སར་ཚེས་གཅིག་གི་ཉིན་མོ་གད་དར་བྱས་ན་ལོ་དེའི་རྒྱུ་འབྱོར་དང་རླུང་རྟ་རྒུད་འགྲོ་སྙམ།

[4]མིག་གཡོན་པར་ཤ་འགུལ་བྱུང་ན་བཀྲ་ཤིས་པའི་བྱ་བ་འབྱུང་བའི་ལྟོས་ཡིན་ཞིང་། མིག་གཡས་པར་ཤ་འགུལ་བྱུང་ན་བཀྲ་མི་ཤིས་པའི་བྱ་བ་འབྱུང་བའི་ལྟོས་ཡིན་ཟེར།

 [5]གནའ་དུས་སུ་རྒྱ་ནག་པའི་བག་སར་ཕ་མ་དང་འབྲལ་སྐབས་ངེས་པར་དུ་ངུ་དགོས། འོན་ཀྱང་ཕ་མ་ལ་སླར་མཇལ་ཞེས་ཟེར་མི་རུང་སྟེ་དེ་ལྟར་བཤད་ན་གཉེན་འཐོར་ནས་སླར་ཕ་མའི་ཁྱིམ་དུ་ལོག་ཡོང་བར་འདོད། 

[6]རྒྱ་ནག་པས་གཞན་ལ་ལེགས་སྐྱེས་སྦྱིན་སྐབས་ལག་ཕྱིས་གཏན་ནས་བྱིན་མི་རུང་ཟེར་ཏེ། ལག་ཕྱིས་ནི་མིག་ཆུ་འབྱིད་བྱེད་ཡིན་པས་དེས་སེམས་སྡུག་གི་བྱ་བ་ཁྱེར་ཡོང་བར་འདོད། ཚོང་པ་དག་ལ་དཔེ་ཆ་ཡང་ཡེ་ནས་སྦྱིན་མི་རུང་ཟེར། རྒྱུ་མཚན་ནི་རྒྱ་ནག་གི་ཡི་གེའི་དཔེ་ཆ"书"ཞེས་པའི་གདངས་དང་ཕམ་ཁ"输"ཞེས་པའི་ཡི་གེ་འདིའི་གདངས་འདྲ་བས་ཚོང་པ་དག་གིས་རང་ཉིད་ཀྱི་དངུལ་ཕམ་བརླགས་བྱེད་མི་འདོད་པ་ནི་སྨོས་ཅི་དགོས།

 [7]ཨང་ཀིའི་ཕྱོགས་ནས་རྒྱ་ནག་པ་ཕལ་ཆེར་ཨང་ཀི་4ལ་དགའ་བོ་མེད། རྒྱུ་མཚན་རྒྱ་ནག་གི་ཡི་གེ་4ཞེས་པའི་གདངས་དང་ཤི"死"ཞེས་པའི་ཡི་གེ་འདིའི་གདངས་འདྲ་བས་གལ་ཏེ་ཁ་པར་དང་ཁང་པ། རླངས་འཁོར་སོགས་ཀྱི་ཨང་རྟགས་ཁྲོད་ཨང་ཀི་4ཡོད་ཚེ་ཁོ་ཚོས་རྣམ་རྟོག་ཆེན་པོ་ཟ།

ཧྥ་རན་སི། 

[8]ཧྥ་རན་སིའི་མི་ནི་ལམ་དུ་འགྲོ་སྐབས་སྐས་ཀྱི་འོག་ཏུ་ནམ་ཡང་མི་འགྲོ། གལ་ཏེ་སྐས་ཀྱི་འོག་ཏུ་སོང་ན་ལམ་འགྲོ་མི་ཡོང་བར་འདོད། 
[9]ཁྱིམ་གྱི་མེ་ལོང་ངེས་པར་དུ་བརྟན་པོ་འཇོག་ངེས། གལ་ཏེ་མེ་ལོང་ཆག་ན་ཁྱིམ་མི་ལ་ལམ་འགྲོ་མི་ཡོང་ཟེར། ཧྥ་རན་སི་པས་མེ་ལོང་གིས་མིའི་སྣང་བརྙན་ཉར་ཡོད་པར་འདོད་པས་མེ་ལོང་ཆག་ན་མིའི་རྣམ་རིག་ཀྱང་ཉམས་འགྲོ་བར་འདོད། 

[10]ལམ་དུ་འགྲོ་སྐབས་མཉམ་འཇོག་མེད་པར་ཁྱི་རྟུག་སྟེང་རྐང་པ་གཡོན་པས་སྤོས་ན་ཉིན་དེའི་བྱ་བ་མཐའ་དག་ལེགས་འགྲུབ་ཡོང་བ་དང་། རྐང་པ་གཡས་པས་སྤོས་ན་ཉིན་དེར་ལམ་འགྲོ་མི་ཡོང་བས་རབ་ན་ཉིན་དེར་བྱ་བ་ཅི་ཡང་མ་བསྒྲུབས་ན་བཟང་བར་འདོད།

ཨ་མེ་རི་ཁ། 

[11]ཨ་རི་པས་ལག་འདོགས་ཆུ་ཚོད་གློ་བུར་དུ་བསྡད་ན་བཀྲ་མི་ཤིས་ལ་དེ་ནི་འཆི་བ་མཚོན་པའི་སྔ་ལྟས་ཡིན་པར་འདོད། བཤད་རྒྱུན་འདི་ནི་སྤྱི་ལོ་1865ལོའི་ཟླ་4ཚེས་15ཉིན་བྱུང་བ་རེད་ཟེར། ཉིན་དེར་ཨ་རིའི་རླབས་ཆེ་བའི་གཙོ་འཛིན་ལེན་ཁུན་གཞན་གྱིས་མེ་མདས་བགྲོངས་ཤིང་སྐབས་དེར་ཨ་རིའི་མི་མང་པོས་རང་ཉིད་ཀྱི་ལག་འདོགས་ཆུ་ཚོད་གློ་བུར་དུ་བསྡད་རབས་བཤད། 

[12]ཨ་རི་པ་ནི་ཨང་ཀི་13ལ་མི་དགའ་ཞིང་ས་གནས་དག་ཨང་ཀི་13ལ་གཡོལ་ཅི་ཐུབ་བྱེད། ཁང་པར་བརྩེགས་13ཅན་མེད་ཅིང་ཁང་པ་ཨང་ཀི་13ཅན་ཡང་མེད། བརྙན་འཕྲིན་ཁང་གི་འདུག་སྟེགས་13པའི་རིན་གོང་ནི་ཕྱེད་ཀ་ལས་མི་དགོས།

ཨུ་རུ་སུ། 

[13]ཨུ་རུ་སུ་པས་མི་ཞིག་རྒྱང་རིང་དུ་འགྲོ་དགོས་ཚེ་སྔོན་ལ་ཁྱིམ་མི་ཆ་ཚང་མ་སྐར་མ་གཅིག་ཡས་མས་སུ་ལྷིང་འཇགས་སུ་འདུག་ངེས། དེ་ནས་མདུན་ཅོག་གི་གྲུ་རེ་རེ་ལ་འཇུ་ཞིང་ཉིན་དེར་ཁྱིམ་ལ་གད་དར་ཡང་མི་བྱེད། དེ་ལྟར་བྱས་ན་ཁོ་ལ་ལམ་སྐབས་བདེ་ལེགས་འབྱུང་ཟེར། 

[14]ཉི་མ་ནུབ་རྗེས་གཞན་ལ་དངུལ་བསྐྱི་མི་རུང་ཞིང་གལ་ཏེ་བསྐྱིས་ན་དངུལ་ཕྱིར་ལ་མི་ཡོང་བར་འདོད། 
[15]གལ་ཏེ་རྨི་ལམ་དུ་དངུལ་མང་པོ་རྙེད་པ་རྨིས་ཚེ་དེ་ནི་བཀྲ་ཤིས་པ་ཞིག་སྟེ་དེས་དངུལ་དེ་ལས་ཀྱང་མང་པ་ཞིག་རྙེད་པ་མཚོན་ཟེར། 

[16]གལ་ཏེ་བཀྲ་མི་ཤིས་པའི་བྱ་བ་འདྲ་བྱུང་ན་སྡོང་དུམ་ཞིག་ཐེངས་གསུམ་ལ་རྡུང་སྟེ་ཁ་གཡོན་ཕྱོགས་སུ་འཁོར་ནས་མཆིལ་མ་ལན་གསུམ་འཕེན་དགོས་ཟེར།

ཐེ་ལན་དི། 

[17]ཐེ་ལན་དི་པས་ཉལ་སྐབས་མགོ་ནུབ་ཕྱོགས་སུ་སྟོན་མི་རུང་སྟེ་དེ་ནི་ཉི་མ་ནུབ་ས་ཡིན་པས་དེས་འཆི་བ་མཚོན་ཟེར། ད་དུང་སྨྱུ་གུ་དམར་པོས་མིང་འབྲི་མི་རུང་། རྒྱུ་མཚན་ཐེ་ལན་དིའི་མི་ཤི་རྗེས་འདས་པོའི་རུས་མིང་སྨྱུ་གུ་དམར་པོས་འབྲི་བས་རེད། 

[18]ཡུལ་དང་གནས་མི་འདྲ་བར་རྣམ་རྟོག་འཆར་ཚུལ་ཡང་མི་འདྲ་བ་ཡོད། སྤྱིར་རྣམ་རྟོག་འཆར་ཚུལ་འདི་དག་ནི་མི་རྣམས་ཀྱིས་མི་དང་རང་བྱུང་ཁམས་ལ་གོ་བ་མ་ལོན་པའམ་གོ་བ་ལོག་པར་སོང་ཞིང་། ལྷག་ཏུ་སྔོན་ཆད་ཚན་རིག་ཤེས་བྱ་ཉུང་བས་རང་ཉིད་ཀྱི་བསམ་གཞིག་རྐྱང་བར་བརྟེན་ནས་ཁོར་ཡུག་ལ་རྒྱུས་ལོན་མི་བྱེད་ཀ་མེད་བྱུང་བས་རེད། དེ་དག་ཁྲོད་ཀྱི་འཆར་སྒོ་ལ་ལ་ནི་ཧ་ཅང་གནས་ལུགས་ལྡན་ཞིང་། ལ་ལ་ནི་ཚན་རིག་གིས་བརྟག་དཔྱད་བརྒྱུད་རྫུན་པར་ར་སྤྲད། འོན་ཀྱང་ཚན་རིག་གིས་ཡོད་ཚད་ཐག་གཅོད་མི་ནུས་པས་རྣམ་རྟོག་འཆར་ཚུལ་མུ་མཐུད་དུ་གནས་བར་ཐེ་ཚོམ་མེད།

ཡིག་སྒྱུར་བ་དང་གསར་འགྱུར་མཁོ་སྤྲོད་པ།  གསར་འགོད་པ་འབྲོག་སངས།


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ། ཨ་བུ་འབྲོང་

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། spiw བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23530269
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།