རྒྱལ་མོ་བོའུ་ཙི་ཐེན།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» ལོ་རྒྱུས།» གནའ་རབས། »རྒྱལ་མོ་བོའུ་ཙི་ཐེན།
རྒྱལ་མོ་བོའུ་ཙི་ཐེན།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2016-01-18ལྟ་ཀློག (4843)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


རྒྱལ་མོ་བོའུ་ཙི་ཐེན།

    གནའ་བོའི་ཀྲུང་གོ་ཡི་ལོ་ངོ་སྟོང་ཕྲག་འགའི་ལོ་རྒྱུས་ཁྲོད་ཀྱི་གོང་མ་ཚང་མ་ནི་སྐྱེས་པ་རྐྱང་རྐྱང་ཡིན། ཐང་རྒྱལ་རབས་ཁོ་ནའི་སྐབས་སུ་བུད་མེད་གོང་མ་ཞིག་བྱུང་མྱོང་ཞིང་། མོ་ནི་ཀྲུང་གོ་ལོ་རྒྱུས་སྟེང་སྐད་གྲགས་ཆེ་བའི་བོའུ་ཙི་ཐེན་རེད(༦༢༤– ༧༠༥)།  སྤྱི་ལོ་༦༣༧ལོར་ལང་ཚོའི་དཔལ་འབར་ཞིང་ལོ་ན་བཅུ་བཞིར་གསོན་མ་ཐག་པའི་བོའུ་ཙི་ཐེན་ནི་ཐང་ཐེ་ཙོང་གི་མཆིས་བྲང་2མང་པོའི་ཁྲོད་ཀྱི་གཅིག་ཏུ་གྱུར། ཐང་ཐེ་ཙོང་རྒས་འཁོགས་ཆགས་རྗེས་བོའུ་ཙི་ཐེན་དང་ཐང་ཐེ་ཙོང་གི་སྲས་ཐང་གོ་ཙོང་གཉིས་མཛའ་གྲོགས་སུ་གྱུར། ཐང་ཐེ་ཙོང་འདས་རྗེས་བོའུ་ཙི་ཐེན་དགོན་པ་ཞིག་ཏུ་བསྐྱལ་ཅིང་སྲོལ་ཀ་ལྟར་ན་མོ་ནི་གནས་དེ་ནས་མ་ཤི་བར་འདུག་དགོས་པ་རེད། འོན་ཀྱང་ཐང་གོ་ཙོང་གོང་མར་གྱུར་རྗེས་མོ་སླར་ཡང་དགོན་པ་དེ་ནས་ཕྱིར་ཕོ་བྲང་དུ་བསུས། སྤྱི་ལོ༦༥༥ལོར་བོའུ་ཙི་ཐེན་ནི་བཙུན་མོར་1གྱུར།

     ཐང་གོ་ཙོང་ནི་གཤིས་རྒྱུད་ཧ་ཅང་གཉོམ་པའི་མི་ཞིག་ཡིན་པར་མ་ཟད་ལུས་ཕུང་ཡང་དེ་འདྲ་ཐང་པོ་མིན་པས་གཤིས་རྒྱུད་མཁྲེགས་ཤིང་ངང་ཚུལ་བརྟན་པའི་བོའུ་ཙི་ཐེན་གྱིས་ལས་སླ་བོའི་སྒོ་ནས་ཁོ་རང་ཚོད་འཛིན་བྱས། དེ་བས་སྐབས་དེར་རྒྱལ་ཁབ་ཡོངས་ལ་དབང་བསྒྱུར་བྱེད་མཁན་ངོ་མ་ནི་བོའུ་ཙི་ཐེན་ཡིན། ༦༨༣ལོར་ཐང་གོ་ཙོང་འདས་ཤིང་བོའུ་ཙི་ཐེན་དང་ཁོའི་བུ་ཐང་ཀྲུང་ཙོང་གོང་མར་བསྡད། བོའུ་ཙི་ཐེན་གོང་མའི་ཡུམ་ཆེན་དུ་སོང་བས་མོའི་སྟོབས་ཤུགས་ནི་ལྡབ་འགྱུར་གྱིས་ཆེ་བར་གྱུར། ༦༩༠ལོར་བོའུ་ཙི་ཐེན་རང་ཉིད་གོང་མར་བསྡད་ཅིང་ཀྲུང་གོའི་ལོ་རྒྱུས་སྟེང་གི་བུད་མེད་གོང་མ་གཅིག་པུ་དེར་གྱུར། ༧༠༥ལོའི་དཔྱིད་ཀར་བོའུ་ཙི་ཐེན་བསྙུན་གྱིས་ཟིན། མོའི་བུ་ཐང་ཀྲུང་ཙོང་སླར་ཡང་གོང་མར་བསྡད། ལོ་དེར་བོའུ་ཙི་ཐེན་ཚེ་ལས་འདས། 

    ཀྲུང་གོ་ཡི་སྲོལ་རྒྱུན་ལྟར་ན་བུད་མེད་སྲིད་ཀྱི་ལས་སུ་ཞུགས་མི་ཆོག་པས་ཀྲུང་གོ་གནའ་བོའི་ལོ་རྒྱུས་ཀྱིས་རྒྱུན་དུ་བོའུ་ཙི་ཐེན་ལ་གཤེ་གཤེ་གཏོང་། གཙོ་བོ་ནི་མོ་ཡ་ང་སྙིང་རྗེ་མེད་ཚུལ་དེ་རེད། བོའུ་ཙི་ཐེན་ནི་ཐང་གོ་ཙོང་གི་མཆིས་བྲང་གཞན་དག་ལ་མི་དགའ་བས་ཁོ་ཚོ་རྩ་མེད་གཏོང་འདོད་ཀྱི་འདུན་པ་སྐྱེས། སྐབས་དེའི་ཐང་གོ་ཙོང་གི་མཆིས་བྲང་ཐོག་མ་སྟེ་བཙུན་མོ་ཆེན་མ་ལ་སྲས་མེད་ཅིང་མོས་སྐྱེས་ནས་ཡུན་རིང་མ་ལོན་པའི་བོའུ་ཛི་ཐེན་གྱི་བུ་མོ་ལ་རྒྱུན་དུ་ལྟ་རུ་ཡོང་། ཐེངས་ཤིག་ལ་བོའུ་ཙི་ཐེན་གྱིས་བསམ་གཟས་ཏེ་བཙུན་མོ་ཆེན་མ་དང་བྱིས་པ་གཉིས་གཅིག་པུར་བཞག་ཅིང་བཙུན་མོ་སོང་རྗེས་བོའུ་ཙི་ཐེན་གྱིས་ཟླ་འགའ་མ་གཏོགས་འགོར་མེད་པས་རང་གི་བྱིས་པ་དེ་བསད། ཐང་གོ་ཙོང་ཐོན་དུས་བུ་མོ་ཤི་འདུག་པ་མཐོང་ཞིང་འཁྲིས་ཀྱི་མི་དག་གིས་ཁོ་ལ་བཙུན་མོ་ཆེན་མ་མ་གཏོགས་སུ་ཡང་མ་ཡོང་ཞེས་བཤད། གནས་ཚུལ་འདི་འདྲའི་འོག་ནས་ཐང་གོ་ཙོང་གིས་ཁོ་དང་བོའུ་ཙི་ཐེན་གྱི་བུ་མོ་ནི་བཙུན་མོ་ཆེན་མས་བསད་པ་རེད་སྙམ་པ་ནི་ཁག་ཅི་ཡང་མི་འདུག རྗེས་སུ་བོའུ་ཙི་ཐེན་རང་ཉིད་བཙུན་མོར་གྱུར་ཅིང་མོས་སྙིང་རྗེ་བྲལ་བའི་སྒོ་ནས་བཙུན་མོ་ཆེན་མ་བསད། བཙུན་མོ་ཆེན་མའི་རྐང་པ་དང་ལག་པ་བཅད་ཅིང་དེ་རྗེས་མོ་རྫ་བུམ་ཞིག་གི་ནང་དུ་བཅུག་སྟེ་བསད།
    ལོ་རྒྱུས་སྟེང་བོའུ་ཙི་ཐེན་ལ་གཤེ་གཤེ་གཏོང་མཁན་མང་ན་ཡང་མོ་ནི་ཧ་ཅང་འཇོན་ནུས་ཅན་གྱི་མི་ཞིག་ཡིན་པ་དེ་བསྙོན་མེད་རེད། ཆབ་སྲིད་ཀྱི་ཁོར་ཡུག་རྙོག་འཛིང་ཆེ་ཞིང་ཉེན་ཁ་རྒོད་པ་དེ་ནས་མོས་བདེ་བླག་ངང་མི་ལོ་༥༠ལྷག་ལ་ཀྲུང་གོར་དབང་བསྒྱུར་བྱས། འདི་དག་ཚང་མ་ཕུ་དེད་ན་མོའི་སྤྱང་གྲུང་དང་ཡ་ང་སྙིང་རྗེ་མེད་པ། སྲ་ཞིང་མཁྲེགས་པའི་གཤིས་ཀ་སོགས་དང་ཁ་བྲལ་ནས་གླེང་ཐབས་མེད། 
1མཆིང་བྲང་"妻子"།
2བཙུན་མོ་"皇后"།


རྩོམ་ཡིག་འདི་ནི་«赫逊河畔谈中国历史»ཞེས་པ་ལས་ཁོལ་བྱུང་བྱས་ཏེ་འབྲོག་སངས་ཀྱིས་བོད་སྒྱུར་བྱས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། mjbp བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23531829
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།