སློབ་གླིང་དྲ་ཚིགས་གསར་འགོད་ཚན་ཆུང་།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2021 ལོའི་ཟླ 9 ཚེས 20 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སློབ་གླིང་གི་རྩ་འཛུགས། »སློབ་གླིང་དྲ་ཚིགས་གསར་འགོད་ཚན་ཆུང་།
སློབ་གླིང་དྲ་ཚིགས་གསར་འགོད་ཚན་ཆུང་།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2016-01-07ལྟ་ཀློག (6191)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

སྤྱི་ཚོགས་སྟེང་བཞུགས་པའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་ཚིགས་གསར་འགོད་པ།

 

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་བའི་གསར་འགོད་ལྷན་ཚོགས་ཀྱི་སྒྲིག་ཡིག

དང་བོ།  གསར་འགོད་ལྷན་ཚོགས་ཀྱི་ཚོགས་མི་རེ་རེས་གསར་འགོད་པའི་འགན་དང་ལེན་བྱས་ཏེ་དུས་ལྟར་འཕྲིན་གཏོང་བ་དང་།  རང་དྲྭ་བའི་ཕྱོགས་ཡོངས་ལ་ཤུགས་སྣོན་གནང་རྒྱུ།    

གཉིས་པ།  ཟླ་རེར་གསར་འགོད་པ་རེ་ནས་མ་མཐའ་ཡང་གཞན་བཤུས་ཙམ་མ་ཡིན་པའི་གསར་འགོད་དང་བཅར་འདྲི་གལ་ཆེན་སོགས་རྩོམ་ཡིག་ཚད་ལྡན་གཅིག་ངེས་པར་དུ་འདི་ག་རྩོམ་སྒྲིག་ཁང་ལ་མཁོ་སྤྲོད་གནང་དགོས།

གསུམ་པ།  འདིར་མཁོ་སྤྲོད་བྱས་ཟིན་པའི་བརྩམས་ཆོས་རྣམས་ལ་རང་དྲ་བའི་རྩོམ་སྒྲིག་ཚན་ཆུང་གི་དཔྱད་བསྡུར་ཞིབ་མོ་གནང་བ་བརྒྱུད་ནས་ཚད་ལྡན་རྩོམ་ཡིག་དག་འཕྲིན་གཏོང་བའི་མིང་དང་བཅས་དྲྭ་ངོས་སུ་དུས་ལྟར་འགོད་རྒྱུ། 

བཞི་བ།  གསར་འགོད་པ་སུས་ཀྱང་སྤྱི་ཚོགས་ཀྱི་མཐུན་སྒྲིལ་དང་རྒྱལ་ཁབ་ཀྱི་ཆབ་སྲིད་ལ་འགལ་བའི་རྩོམ་ཡིག་སོགས་མཁོ་སྤྲོད་བྱས་མི་ཆོག  རྩོམ་ཡིག་མཁོ་སྤྲོད་སྐབས་རྩོམ་ཁུངས་གསལ་བོ་འབྲི་དགོས། 

ལྔ་བ།  ལོ་རེར་རང་དྲ་བའི་གསར་འགོད་ལྷན་ཚོགས་ཀྱི་བྱ་བའི་གྲུབ་འབྲས་ལ་སྤྱི་བསྡོམས་ཆེན་པོ་ཐེངས་གཅིག་བྱ་རྒྱུ་དང་། ཕུལ་བྱུང་གསར་འགོད་པ་གཉིས་བདམས་ནས་རང་དྲ་ཚིགས་སུ་མཚམས་སྦྱོར་གནང་རྒྱུ་ཡིན་པར་མ་ཟད།  གསར་འགོད་ཀྱི་བྱ་བར་འགན་མི་འཁུར་བའི་རིགས་ལ་ཐག་གཅོད་བྱ་རྒྱུ། 

དྲུག་པ།   རང་དྲ་ངོས་སུ་བདམ་ཐོན་བྱུང་བའི་རྩོམ་ཡིག་རྣམས་དུས་ལྟར་གསར་འགོད་པ་རེ་རེས་བརྒྱུད་འགོད་བྱ་དགོས་པར་མ་ཟད། རང་དྲ་བའི་གསར་འགོད་ལྷན་ཚོགས་ཀྱི་བྱ་བར་ནམ་ཡང་རྒྱབ་སྐྱོར་དང་རམ་འདེགས་བྱེད་པ་ལས་ནང་ཕུན་ཚུན་གྱི་མཐུན་སྒྲིལ་ལ་གནོད་པའི་སྐད་ཆ་སོགས་བཤད་མི་ཆོག  

བདུན་པ།  གནས་ཚུལ་ཁྱད་པར་བའི་དབང་གིས་དུས་ལྟར་རྩོམ་ཡིག་མཁོ་སྤྲོད་གནང་མི་ཐུབ་མཁན་ཡོད་ན་སྔ་མོ་ནས་གསར་འགོད་ལྷན་ཚོགས་ཀྱི་ནང་དུ་ཡར་ཞུ་གནང་དགོས།  

བརྒྱད་པ། དྲ་བའི་གསར་འགོད་པ་སུས་ཀྱང་རང་རེའི་དྲ་བ་དང་འབྲེལ་བ་མེད་པའི་པར་རིས་དང་རྩོམ་ཡིག  གསར་འགྱུར་སོགས་བསྐུར་མི་ཆོག  

དགུ་བ།  གསར་འགོད་པ་སུ་ཡིན་ཡང་རང་དྲ་བའི་དགེ་སྐྱོན་གྱི་ཐད་ལ་བསམ་ཚུལ་བརྗོད་པའི་དབང་ཆ་ཡོད་པར་མ་ཟད།   གསར་འགོད་པ་ཕན་ཚུན་བར་ལའང་རེ་སྐུལ་དང་བསམ་ཚུལ་བརྗོད་པའི་དབང་ཆ་ཡོད།  

༢༠༡༥   ༩   ༤ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་བའི་རྩོམ་སྒྲིག་ཁང་གིས།

5

     1-1 ཤེར་བཟང་རྒྱ་མཚོ།   སྤྱི་ལོ་༡༩༧༢ལོར་རྨ་ལྷོ་ཡུལ་རྒན་རྫོང་གཙང་ཨ་རིག་སྡེ་བར་སྐྱེས།   ལས་རིགས་གྲྭ་པ།  ཆུང་དུས་ནས་རབ་ཏུ་བྱུང་སྟེ་གཙང་དགོན་པའི་ཆོས་སྒོར་ཞུགས། རང་དགོན་དང་བླ་བྲང་སོགས་སུ་སློབ་གཉེར་ཅུང་བྱས།  ཤེས་རིག་ནོར་བུའི་གླིང་གི་སྐབས་དང་པོའི་མཐར་ཕྱིན་སློབ་མ་ཡིན། ད་ལྟ་གཙང་དགོན་དོན་གྲུབ་རབ་བརྟན་གླིང་གི་རྒྱུན་ལས་འགོ་གཙོའི་འགན་ཁུར་མུས་སུ་མཆིས་སོ།། 

2

       1-2 མིང་།  སྐལ་བཟང་ལུང་རྟོགས།  སྐྱེས་ཡུལ།  རྨ་ལྷོ་སོག་རྫོང་བེ་ཆེན་སྡེ་བ།  ལས་རིགས།    གྲྭ་བ།   1973.ལོར་རྨ་ལྷོ་སོག་རྫོང་བེ་ཆེན་སྡེ་བ་རུ་སྐྱེས། ལོ་བཅུའི་སྟེང་བེ་ཆེན་སྡེ་བའི་དམངས་སྒྲུབ་སློབ་གྲྭ་རུ་ཞུགས་ཏེ་ཡི་གེའི་སྤྱོར་ཀློག་བསླབ། ལོ་བཅུ་གཉིས་སྟེང་རབ་ཏུ་བྱུང་སྟེ་ཤིང་བཟའ་དགོན་བཀྲ་ཤིས་བདེ་ལེགས་འཁྱིལ་གྱི་ཆོས་སྒོར་ཞུགས།   ལོ་ཉེར་གཉིས་སྟེང་བླ་བྲང་བཀྲ་ཤིས་འཁྱིལ་དུ་སློབ་གཉེར་བྱས།   ལོ་དེའི་དགུན་ཁར་རྭ་རྒྱ་ཤེས་རིག་ནོར་བུའི་གླིང་དུ་ཞུགས་ཏེ་ལོ་ལྔའི་རིང་སློབ་སྦྱོང་བྱས་ཏེ་མཐར་ཕྱིན།  སླར་ཡང་བླ་བྲང་དུ་ཕྱིན་ནས་ཕར ་ཕྱིན་སོགས་ལ་སློབ་སྦྱོང་བྱས།  2003.ལོར་ཕྱིར་རང་དགོན་དུ་ཞུགས་ནས་གྲྭ་བ་ཆུང་གྲས་རྣམས་ལ་དག་ཡིག་སོགས་ཀྱི་དཔེ་ཁྲིད་བྱས།  2004.ལོར་དགོན་པ་དོ་དམ་ཁང་གི་ཨུ་ཡོན་དང་མགོ་གཙོ་གཞོན་པ་སོགས་ཀྱི་འགན་ཁུར།   ཞོར་དུ་རྨ་ལྷོ་སོག་རྫོང་སྐབས་བཅུ་གསུམ་དང་བཅུ་བཞི་བའི་དམངས་ཆེན་འཐུས་མིར་བདམས། 2010.ལོར་རྒྱལ་ཡོངས་ཆོས་ལུགས་བྱ་བའི་སྔོན་ཐོན་མི་སྣ་དང་།  སྔ་རྗེས་སུ་རྨ་ལྷོ་ཁུལ་གྱི་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མི་སྣ་སོགས་སུ་བདམས་ཏེ་བྱ་དགའ་བྱིན།  ད་ལྟ་དགོན་པའི་དོ་དམ་ཁང་གི་བློ་འདྲི་ཨུ་ཡོན་དང་རྨ་ལྷོ་སོག་རྫོང་དགེ་ཚོགས་ཚོང་ལས་ཚད་ཡོད་འགན་ལེན་ཀུང་ཟིའི་ལས་འཛིན་གྱི་འགན་འཁུར་མུས་སུ་མཆིས། 

 

       2-1 གསོ་རིག་སྐབས་དང་བོའི་འཐུས་ཚབ་གསར་འགོད་པ་དཀོན་མཆོག་འབངས་ནི་མཚོ་ལྷོ་ཁུལ་འབའ་རྫོང་ཞོལ་མ་ཡུལ་ཚོ་ཉིན་ལུང་སྡེ་བར་སྐྱེས།
༡༩༩༤ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཞུགས།  ༢༠༠༠ལོར་གསོ་རིག་སྐབས་དང་བོའི་མཐར་ཕྱིན་དཔང་ཡིག་ཐོབ།    ༢༠༠༠ལོའི་ཟླ་༩བ་ནས་མཚོ་ལྷོ་ཁུལ་འཕྲོད་བསྟེན་སློབ་གྲྭ་ནས་སློབ་སྦྱོང་བྱས། སློབ་མཐར་ཕྱིན་རྗེས་རྨ་ལྷོ་སོག་རྫོང་དང་སྐུ་འབུམ་དགོན་པ།  མཚོ་ལྷོ་ཁུལ་བོད་སྨན་ཁང་སོགས་སུ་བོད་རྒྱ་གསོ་རིག་ལ་སྦྱངས་བ་བྱས།
༢༠༠༤ལོ་ནས་བཟུང་སྡེ་བའི་རྐང་རྗེན་སྨན་པ་དང་སྒེར་གཉེར་སྨན་ཁང་ཕྱེས།   ཞོར་དུ་ཕ་སྐད་རྨོངས་སེལ་ཞབས་ཞུ་ཚོགས་པའི་ཚོགས་གཙོ་དང་ལོ་རེ་རེར་དབྱར་དགུན་གནང་གི་སྐབས་སུ་སློབ་མ་ཚོར་དུས་ཐུང་གསབ་སྦྱོང་འཛིན་གྲྭ་ཆག་མེད་དུ་གསོ་སྐྱོང་གནང་བཞིན་མཆིས་སོ།

16

       2-2  གསོ་རིག་སྐབས་དང་བོའི་དྲ་ལམ་འཕྲིན་གཏོང་གསར་འགོད་པ་ཆོས་མགོན་ནི་མགོ་ལོག་ཁུལ་རྨ་ཆེན་རྫོང་རྭ་རྒྱ་གྲོང་རྡལ་སུ་རིག་སྡེ་བར་སྐྱེས། ༢༠༠༠ལོའི་ཟླ་༩ ་བ་ནས་བཟུང་༢༠༠༢ལོའི་ཟླ་༡༠་བའི་བར་མཚོ་ལྷོ་ཁུལ་འཕྲོད་བསྟེན་སློབ་གྲྭར་སློབ་སྦྱོང་བྱས། ༢༠༠༢ལོ་ནས་༢༠༠༤ལོའི་ཟླ་༡༠་བའི་བར་རྭ་རྒྱ་གྲོང་རྡལ་ནས་སྒེར་གཉེར་སྨན་ཁང་སྒྲུབ། ༢༠༠༤་ལོའི་ཟླ་༡༠་བ་ནས་༢༠༠༦ལོའི་བར་མགོ་ལོག་ཁུལ་བོད་སྨན་ཁང་དུ་བྱ་བ་གཉེར། ༢༠༠༦ལོ་ནས་༢༠༡༤ལོའི་བར་དར་ལག་རྫོང་འབོས་པ་ཡུལ་ཚོའི་སྨན་གཙོའི་འགན་ཁུར།  ༢༠༡༤ལོ་ནས་ད་བར་དུ་མགོ་ལོག་དར་ལག་རྫོང་བོད་སྨན་ཁང་གི་སྨན་གཙོ་དང་པོའི་འགན་ཁུར་ཡོད།  ཁ་པར།  ༡༣༨༩༧༥༥༨༦༨༥

 

       3-1སྐབས་གསུམ་པའི་མཐར་ཕྱིན་འཛིན་གྲྭའི་འཐུས་ཚབ་གསར་འགོད་པ།  མིང་།  ཨ་སྐྱོང་འཇིགས་མེད་རྣམ་རྒྱལ།  སྐྱེས་ཡུལ།  མགོ་ལོག་དགའ་བདེ་རྫོང་གོང་སྨད་ཡུལ་ཤོག  གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ལོ་བདུན་ལ་སློབ་སྦྱོང་བྱས།  རྗེས་སུ་སློབ་ཆེན་མཐར་ཕྱིན་པ་ནས་ད་ལྟའི་བར་དུ་དགེ་རྒན་གྱི་བྱ་བ་གཉེར་བཞིན་ཡོད། ད་ལྟ་སུ་ཁྲོན་འཛམ་ཐང་རྫོང་གངས་ལྗོངས་འཇམ་དབྱངས་ཤེས་རིག་སྒྱུ་རྩལ་སློབ་གླིང་གི་སློབ་གཙོའི་འགན་ཁུར་བའི་ཞོར་དུ་ཉིན་རེར་དུས་ཚོད་བདུན་ལྷག་ལ་སློབ་མ ༤༥༠ ཙམ་ལ་སློབ་ཁྲིད་བྱེད་བཞིན་ཡོད།    ཨང་གྲངས 15352999576  

       3-2 སྐབས་གསུམ་པའི་མཐར་ཕྱིན་འཛིན་གྲྭའི་འཐུས་ཚབ་གསར་འགོད་པ་གསེར་ལག་འཇམ་དབྱངས་ཚུལ་ཁྲིམས། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་འབའ་རྫོང་སྐལ་མོ་ཆེ་ཞོལ་མ་ནས་ཡིན། སྤྱི་ལོ་1996ལོའི་དཔྱིད་ཀར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཞུགས་པ་དང་སྤྱི་ལོ་2001ལོའི་དབྱར་ཁར་སློབ་མཐར་ཕྱིན། ད་ལྟ་འབའ་རྫོང་གསེར་ལག་ཆོས་རིག་སློབ་གླིང་གི་དགེ་རྒན་ཡིན། འབྲེལ་གཏུག་བྱ་ཡུལ།  ཁ་པར།13119748545   གླེང་མོལ།379254996  སྐད་འཕྲིན།379254996  དྲ་གནས། jamyang 01@163.com

18

      4-1 སྐབས་བཞི་བའི་་དྲ་ལམ་འཕྲིན་གཏོང་གསར་འགོད་པ་ནགས་བཟའ་བློ་བཟང་ཆོས་གྲགས་ནི་1979ལོར་འབའ་རྫོང་ནགས་བཟའ་སྡེ་བར་སྐྱེས།1998ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཞུགས་།2002ལོར་སྐབས་བཞི་བའི་མཐར་ཕྱིན་དཔང་ཡིག་ཐོབ།2003ལོར་མདོ་སྨད་ཀླུ་ཚང་དགོན་ཆེན་དུ་ཚོགས་ཆོས་གྲྭར་འགྲིམས།  2010ལོར་ཕར་ཕྱིན་རབ་འབྱམས་པའི་དམ་བཅའ་བཞག  2015ལོར་འབའ་ཡུལ་པོ་ཏ་ལའི་རིག་གནས་ཟབ་སྦྱོང་དགེ་རྒན་གྱི་འགན་ཁུར།       དབྱར་དགུན་གནང་སྐབས་སུ་སློབ་གྲྭ་ཁག་གི་སློབ་མ་རྣམས་ལ་སུམ་རྟགས་དག་གསུམ་དང་སྙན་ངག   བསྡུས་གྲྭ་བཅས་ཀྱི་དཔེ་ཁྲིད་བྱེད་བཞིན་ཡོད །  ཁ་པར།  ༡༥༥༩༧༣༥༤༣༢༢    

20

      4-2  སྐབས་བཞི་བའི་དྲྭ་ལམ་འཕྲིན་གཏོང་གསར་འགོད་པ་སྤྲེལ་ཉི་མ་རྒྱལ་མཚན། ༡༩༧༨ལོར་མཚོ་སྔོན་པོ་སྤྲེལ་ནག་ཏུ་སྐྱེས།  ༡༩༩༤ལོར་ཆོས་སྒོར་ཞུགས་ནས་རབ་ཏུ་བྱུང་། ༡༩༩༧ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཞུགས་ནས་༢༠༠༢་ལོར་སློབ་མཐར་ཕྱིན། ༢༠༡༣ལོ་ནས་༢༠༡༥་བར་བོད་ལྗོངས་ནང་བསྟན་སློབ་གླིང་དུ་ཞུགས་ནས་འབྲིང་རིམ་རམ་འབྱམས་ཞིབ་འཇུག་པའི་ཡོན་གནས་བླངས།  ༢༠༡༤་ནས་བཟུང་མཚོ་སྔོན་པོ་ཐེབ་རྒྱ་ཆོས་བརྩིགས་དགོན་གྱི་དགེ་རྒན་དང་དགོན་དམ་ཁང་གི་འགོ་གཙོ་བཅས་ཀྱི་འགན་ཁུར་ཡོད།  

      5-1 ངའི་མིང་ལ་རྟ་ནག་ལུང་རིགས།  སྐབས་ལྔ་བའི་མཐར་ཕྱིན་སློབ་མ།  ཕ་ཡུལ།  མཚོ་སྔོན་པོའི་རྟ་ནག    ད་ལྟ་ས་གནས་ཡུལ་ཚོར་རྟ་ནག་པའི་རིག་གནས་ལས་ཤག་ཅེས་པ་ཞིག་གཉེར་ཡོད།    13209740449  

9

      6-1 སྐབས་དྲུག་པའི་དྲ་ལམ་འཕྲིན་གཏོང་གསར་འགོད་པ་དཀོན་མཆོག་བསམ་འགྲུབ།   ད་ལྟ་རྨ་ལྷོ་ཁུལ་རྨ་ལྷོ་རྫོང་མི་རིགས་སློབ་འབྲིང་ན་དགེ་རྒན་བྱེད་ཀྱིན་ཡོད། ཁ་པར་ཨང་གྲངས།༡༨༡༤༦༣༨༥༥༥༢  དྲྭ་མིང་ལ། མེ་ལྕེབས་ཟེར།

    6-2 སྐབས་དྲུག་པའི་དྲ་ལམ་འཕྲིན་གཏོང་བ།  བན་ཤུལ་འབུམ་རྩེ་ཡག  ཕ་ཡུལ་མང་རྫོང་བན་ཤུལ་རུ་སྡེ། ༢༠༡༣ལོར་ནུབ་བྱང་མི་རིགས་སློབ་གླིང་ནས་དངོས་གཞི་མཐར་ཕྱིན། ད་ལྟ་མང་རྫོང་དུ་དགེ་རྒན་གྱི་བྱ་བ་གཉེར་གྱིན་ཡོད། ༢༠༠༩ལོ་ནས་༢༠༡༥ལོའི་བར་དུ་སྤྱི་ཚོགས་ཀྱི་དགེ་ལས་བྱ་འགུལ་མི་གཤིས་གསོ་སྦྱོང་འཛིན་གྲྭ་ཞེས་པའི་ན་གཞོན་གྱི་ཟབ་སྦྱོང་འཛིན་གྲྭ་ཞིག་དང་། བློ་གསར་ཟབ་སྦྱོང་སློབ་གྲྭ་ཞེས་པའི་དབྱར་དགུན་གནང་གི་སློབ་མའི་ཟབ་སྦྱོང་འཛིན་གྲྭ་གཉིས་བསྡུས། འབྲེལ་གཏུག་ཁ་པར༡༨༩༩༧༤༤༢༠༢༨  

      7-1 སྐབས་བདུན་པ་དང་གསོ་རིག་སྐབས་གཉིས་པའི་དྲ་ལམ་འཕྲིན་གཏོང་གསར་འགོད་པ་རྭ་རྒྱ་མགོན་པོ་སྐྱབས 1982ལོར་རྨ་ཡུལ་མགོ་ལོག་རྭ་རྒྱའི་འབྲོག་ཁྱིམ་ཞིག་ཏུ་སྐྱེས།  དགེ་བའི་བཤེས་གཉེན་ཆེན་པོ་འཇིགས་མེད་རྒྱལ་མཚན་མཆོག་གི་ཐུགས་རྗེའི་སྨོན་ལམ་ཟབ་མོ་ལ་བརྟེན་ནས་གངས་ལྗོངས་མི་འགྱུར་ཤེས་རིག་ནོར་བུའི་སློབ་གླིང་ཆེན་མོ་དང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་གཉིས་ཀའི་སྒོ་ཐེམ་རིམ་པར་བརྒྱུད་ཅིང་།  ད་ལྟ་རྨ་ཆེན་རྫོང་བོད་ཡིག་སློབ་འབྲིང་གི་འཛིན་གྲྭ་གཉིས་ཀྱི་འཛིན་བདག་དགེ་རྒན་གྱི་ལས་འགན་ཁུར་ཡོད་པས་རང་ཚོད་ཀྱིས་བྱ་བར་བྲེལ་ཟིང་ཆེ་བར་སྣང་ཡང་མ་ཡུམ་སློབ་གྲྭ་ཆེན་མོར་ཞབས་ཞུ་ཕྲན་ཙམ་རེ་བསྒྲུབ་ཐུབ་ནའང་རང་གི་གཟི་བརྗིད་དུ་བགྲང་ཆོག་ཆོག་རེད་ཅེས་པའི་སྡོམ་ཚིག་ནི་ཡ་ཆུང་སེམས་ངོས་སུ་མེ་ལྟར་འབར་བཞིན་ཡོད་དོ།།    སྐད་འཕྲིན་ཨང་གྲངས17797040222ཁ་པར། 17797040222

      7-2 དངོས་མིང:སྙིང་རྒྱལ། མིང་གཞན། ཨོཾ་སྲས་བདེ་གྲོལ། སྐྱེས་ཡུལ་མཚོ་སྔོན་ཁྲི་ཀ་འཕྲང་དམར་ཡུལ་ཚོ། ༡༩༩༤-༢༠༠༠བར་རང་རྫོང་གི་སློབ་གྲྭ་ཆུང་འབྲིང་ལ་ཞུགས། ༢༠༠༠-༢༠༠༤བར་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་ཞུགས་སློབ་མའི་གོ་རིམ་བརྒྱུད་དེ་མཐར་ཕྱིན། ༢༠༠༤-༢༠༠༨བར་དབྱིན་ཡིག་དང་བོད་ཡིག་གཙོས་རྒྱལ་ཁབ་ཕྱི་ནང་གི་རིག་གནས་ལ་སྦྱངས་པ་བྱས། ནང་སྒོས་རྩོམ་སྒྲིག་པ་དང་གསར་འགོད་པ་སོགས་ཀྱི་ལས་ཀར་འཇུས་མྱོང་། ༢༠༠༨-༢༠༡༤བར་མཚོ་སྔོན་དགེ་ཐོན་སློབ་ཆེན་དང་ནུབ་བྱང་མི་རིགས་སློབ་ཆེན་སོགས་ནས་སློབ་མཐར་ཕྱིན། ཉེ་ལམ་ཁམས་སྡེ་དགེ་ཞེ་ཆེན་བྱམས་བརྩེ་དྭ་ཕྲུག་སློབ་གྲྭའི་སློབ་གཙོ་ཡི་ལས་ཀ་གཉེར་བཞིན་ཡོད། སྐད་འཕྲིན་ཨང་གྲངས།1075414144 སྙིང་རྒྱལ་ཐར། 13897498388

  8-  མིང་། ཨ་རིག་མཁས་བཟང་།  ཁབ།  འདྲེན་བྱེད། སྐབས་བརྒྱད་པའི་མཐར་ཕྱིན་སློབ་མ།    སྐྱེས་སྐར། ༡༩༨༧ལོའི་སྤྱི་ཟླ་༢ཚེས་༢༡ཉིན་སྐྱེས།  སྐྱེས་ཡུལ། མཚོ་སྔོན་ཞིང་ཆེན་མདོ་ལ་རྫོང་ཨ་རིག་སྡེ་བ།   ཆེད་ལས། བོད་ཀྱི་སྐད་ཡིག་རྩོམ་རིག  བསླབ་གནས། སློབ་ཆེན་དངོས་གཞི།  བརྩམས་ཆོས། ཁབ་སོགས་སྙན་རྩོམ་འགའ་རེ།  མཚན་སྨག་གིས་བདས་པའི་ང་ཚོ་སོགས་འབོལ་རྩོམ་འགའ་རེ།  ལ་མགོའི་ལུག་རྫི་སོགས་གཞས་ཚིག་འགའ་རེ།   གཞན་ཡང་རྩོམ་འཇུག་ལྡེ་མིག་དང་དག་ཡིག་ལྡེ་མིག་ལྟ་བུའི་སློབ་དེབ་ཆུང་ཆུང་གཉིས། ད་ལྟའི་ལས་གནས། རྒྱལ་ཁབ་རིམ་པ་དང་བོའི་རྒྱང་སྒྲོག་མདོ་འཛིན་པ། མདོ་ལ་རྫོང་དམངས་སྲོལ་རིག་གནས་མཐུན་ཚོགས་ཀྱི་ཚོགས་གཙོ། མཚོ་བྱང་ཁུལ་ཐོན་མིའི་སློབ་ཚོགས་ཀྱི་ཚོགས་གཙོ།

    9-1 སྐབས་དགུ་བའི་དྲྭ་ལམ་འཕྲིན་གཏོང་བ། བན་ཤུལ་འབྲུག་ལྷ་རྒྱལ། འབྲུག་ལྷ་རྒྱལ།   ཕ་ཡུལ།  མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་སུམ་མདོ་བན་ཤུལ་སྡེ་བ། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་དགུ་བའི་མཐར་ཕྱིན་སློབ་མ།    རྗེས་སུ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་འགྲིམས། ད་ལྟ་ཚོང་ལས་རེ་གཉེར་བཞིན་ཡོད། 15309746682  

     9-2 སྐབས་དགུ་བའི་དྲྭ་ལམ་འཕྲིན་གཏོང་བ། འབོ་ར་རྨ་ཆེན་སྐྱབས།  སྐྱེས་ཡུལ། མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་ཆེན་རྫོང་རྭ་རྒྱ་གྲོང་རྡལ་སུ་རིག་སྡེ་བ། ༢༠༠༣ ནས་༢༠༠༦་བར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་སློབ་གཉེར་བྱས། ༢༠༠༦ ནས་༢༠༠༨ བར་ནུབ་བྱང་མི་རིགས་སློབ་ཆེན་དུ་སློབ་སྦྱོང་བྱས།  ༢༠༡༠ལོ་ནས་ཕ་ཡུལ་མགོ་ལོག་དགའ་བདེ་རྫོང་གཙང་སྐོར་ཞོལ་མ་ལྟེ་གནས་བཅའ་སྡོད་སློབ་ཆུང་དུ་དགེ་རྒན་གྱི་བྱ་བ་སྒྲུབ་བཞིན་ཡོད།

  10 མཐར་ཕྱིན་སྐབས་བཅུ་བའི་དྲྭ་ལམ་འཕྲིན་གཏོང་བ།  རུས་མིང་། ཁྲོ་རྒྱལ།
    ༢༠༠༣ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཞུགས་པ་དང་དེ་ནས་༢༠༠༧ལོར་སློབ་མཐར་ཕྱིན།
    ལོ་དེའི་ཟླ་བ་བརྒྱད་པར་མཚོ་སྔོན་བོད་དབྱིན་ཞིབ་འཇུག་མཐོ་རིམ་སློབ་གྲྭ་རུ་སློབ་སྦྱོང་བྱས་ཤིང་༢༠༠༩ལོར་ནུབ་བྱང་མི་རིགས་སློབ་ཆེན་དུ་ཞུགས་པ་དང་༢༠༡༣ལོར་དེ་གར་སློབ་མཐར་ཕྱིན་པ་ཡིན།
    ད་ལྟ་རྨ་ཆེན་བྱམས་པ་དམངས་རྒྱས་ཚོགས་པའི་རྐང་འཛིན་དགེ་རྒན་གྱི་བྱ་བ་སྒྲུབ་ཀྱིན་ཡོད། 

14

    མིང་བསྟན་འཛིན། སྨྱུག་མིང་། གཉན་བུ། ཕ་ཡུལ་བླ་བྲང་ཧོར་གཙང་། མར་སྟེང་ཡུལ་ཚོ། ༢༠༠༥ལོར་མ་ཡུམ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཞུགས་ཤིང་སྐབས་དང་པོའི་བོད་ཡིག་ཆེད་སྦྱོང་དུ་ཞུགས་ནས ༢༠༠༩ ལོར་མཐར་ཕྱིན། ལོ་དེའི་དགུན་ཁ་ནས་མགོ་ལོག་ཁུལ་རྨ་ཡུལ་སེང་ལྕམ་འབྲུག་མོའི་སློབ་གྲྭ་རུ་དགེ་མིང་ཙམ་བཟུང་ནས་ལོ་བཞིར་བསྡད་ཅིང་། ༢༠༡༢ལོའི་དབྱར་མཇུག་ལ་ཁྲིན་ཏུའུ་ཧི་མ་ལའི་རིག་མཛོད་ཁང་དུ་དཔེ་ཆ་དཔར་སྐྲུན་གྱི་གོ་རིམ་ཁྲོད་ལོ་གསུམ་རིང་དེ་འབྲེལ་གྱི་ལས་ཀ་འདྲ་མིན་ལས་མྱོང་། ད་ལོ་སྟེ༢༠༡༥ནས་སྔར་གྱི་སེང་ལྕམ་འབྲུག་མོའི་སློབ་གྲྭ་རུ་དགེ་རྒན་གྱི་མིང་འཛིན་ཞོར་དུ་སློབ་གཙོ་གཞོན་པའི་འགན་ཁུར་ཡོད།   ཁ་པར།15695351345

8

     མིང་། རྟ་མགྲིན་ཚེ་རིང་། མིང་གཞན། ཨ་སྲས་ནོར་བུ།  ས་གནས། ཀན་སུའུ་ཞིང་ཆེན་མདོ་ལྷོ་ཁུལ་བསང་ཆུ་རྫོང་ཨ་མཆོག་གྲོང་རྡལ་བཀྲ་སྡེ་ཡུལ་ཚོ། ད་ལྟའི་གནས་བབས། རང་ཕ་ཡུལ་ན་གློག་འཕྲིན་དང་འཁྱེར་འཕྲིན་མཐུན་གཉེར་ཁང་གཉིས་མཉམ་འབྲེལ་སྒོས་ཐོན་མིའི་གློག་རྡུལ་ཚན་རྩལ་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་་དུ་ཚོང་ལས་གཉེར་བཞིན་ཡོད ། ཁ་པར།18298666888

13

       15-1  ངའི་མིང་ལ་བསམ་འགྲུབ་ཚེ་རིང་ཟེར།  ཕ་ཡུལ་ཡུལ་ཤུལ་ཁུལ་ནང་ཆེན་རྫོང་ནས་ཡིན་ལ། སྐབས་བཅོ་ལྔ་བའི་མཐར་ཕྱིན་འཛིན་གྲྭའི་སློབ་མ་ཡིན། ད་ལྟ་མདོ་སྟོད་ཀྱི་དགོན་སྡེ་ཞིག་ན་སློབ་གཉེར་གྱི་གཟུགས་བརྙན་ཙམ་འཛིན་ཁུལ་གྱིས་བདོག    བཀྲ་ཤིས་བདེ་ལེགས། 

    14 -1-1 ངའི་མིང་ལ་འབྲོག་སངས་ཟེར།  ཕ་ཡུལ་རྔ་བ་རྫོང་ནས་ཡིན་ལ། སྐབས་བཅུ་བཞི་བའི་འཛིན་གྲྭ་དང་བོའི་སློབ་མ་ཡིན། ད་ལྟ་སློབ་གཉེར་གྱི་གཟུགས་བརྙན་ཙམ་འཛིན་ཁུལ་ཡིན།  ཐོག་མའི་ཁས་ལེན་བཞིན་ད་ལྟ་ད་དུང་ཡང་ཤོག་ཧྲུལ་ཀློག་གིན་བསྡད་ཡོད་ལ་མི་ཚེའི་ལྷག་མ་གང་ཡོད་ཀྱང་དེ་ལ་བསྔོ་འདང་ཤག་ཤག་བྱས་ཡོད།

      14-1-2 མིང་།  ཆོས་མགོན་སྐྱབས།  སྐབས་བཅུ་བཞི་བའི་འཛིན་གྲྭ་དང་བོ།   ཕ་ཡུལ།  ཁྱུང་མཆུ་རྫོང་།  མ་ཡུམ་སློབ་གྲྭ་ནས་མཐར་ཕྱིན་རྗེས་ལྷ་ས་དང་ལན་གྲུ་སོགས་ནས་ལོ་བཞི་ལ་དབྱིན་ཡིག་སྦྱངས་ཤིང་ད་དུང་སྔར་བཞིན་སྤྱོང་བཞིན་ཡོད།  ཞོར་དུ་ནུབ་བྱང་སློབ་ཆེན་དུ་ཟུར་ཞུགས་སློབ་མ་བྱས་ནས་བསྡད་ཡོད།  ཁ་པར། ༡༣༠༠༨༧༢༢༡༠༥ 

༡

   10-1    མིང་། བསོད་ནམས་རབ་སྣང་། སྐྱེས་ཡུལ། རྨ་ཆེན་རྫོང་རྭ་རྒྱ་གྲོང་རྡལ་རྒྱ་བཟའ་སྡེ་བ།  ༡༩༩༢ལོར་སྐྱེས་ཤིང་༢༠༠༠ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཞུགས་ནས༢༠༠༧ལོར་མཐར་ཕྱིན།   ༢༠༠༨ལོར་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་བོ་རུ་ཞུགས་ཤིང༢༠༡༠ལོར་སློབ་མཐར་ཕྱིན། ༢༠༡༠ལོར་པེ་ཅིང་མི་རིགས་སློབ་གྲྭ་ཆེན་མོ་རུ་ལོ་གཅིག་ལྷག་ལ་སློབ་སྦྱོང་བྱས་མཐར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་སྡེ་ཁག་ཏུ་ཞུགས་ནས་2014ལོར་དངོས་གཞི་སློབ་མཐར་ཕྱིན། སློབ་གྲྭ་འགྲིམ་པའི་ཞོར་དུ་དབྱར་དགུན་གནང་གི་དུས་ཚོད་བེད་སྤྱད་དེ་རང་ནུས་གང་ཡོད་ཀྱི་ས་གནས་མང་ཚོགས་ཁྲོད་ཀྱི་ཡིག་རྨོངས་པའི་སྡེ་ལ་དམིགས་ཏེ་རྨོངས་སེལ་གསབ་སྦྱོང་འཛིན་གྲྭ་བསྡུ་ཁུལ་བྱས་མྱོང་། ད་ལྟ་རྭ་རྒྱ་རིག་མཛོད་དཔེ་ཁང་དང་རླབས་གསར་རིག་གནས་ལས་ཤག་གཉིས་གཉེར་ནས་ཡོད།

      11-1 སྐབས་བཅུ་གཅིག་པའི་དྲ་ལམ་འཕྲིན་གཏོང་བ། པད་མ་རིག་འཛིན།   ཕ་ཡུལ།   རྔ་བ་ཁུལ་མཛོད་དགེ་རྫོང་ཐང་སྐོར་ཡུལ་ཚོ། དགའ་ཕྱོགས།  འབྲོག་ལས་ལས་རིགས་དོ་དམ་དང་གཉེར་སྐྱོང་།   ཁ་པར།  ༡༣༣༡༧༢༤༢༢༢༢

    11-2 མིང་། བློ་བཟང་ཉི་མ།   སྐྱེས་ཡུལ།  རྭ་རྒྱ་སུ་རིག་སྡེ་བ།  སྐྱེས་ལོ།  ༡༩༩༣ ༦ ༡༥ ཉིན། སྐབས་བཅུ་གཅིག་པའི་མཐར་ཕྱིན་སློབ་མ།  ལས་གནས།  མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭའི་དགེ་རྒན་ཡིན། ཁ་པར།  ༡༣༨༩༧༡༥༧༨༥༨

     13-1    མཚན། ཆོས་ཚ་སྟོབས་ལྡན་རྡོ་རྗེ།     མི་རིགས། བོད།     གྲྭ་གྲོང་། གྲྭ་བ།     སྐྱེས་སྐར།1983.3.5    སློབ་ཞུགས་དུས།2006    མཐར་ཕྱིན་དུས།2010     ལས་གནས། རྩོམ་སྒྲིག་པ།    སློབ་གླིང་དུ་ཡོད་དུས་ཀྱི་གནས་ཚུལ། རྩོམ་སྒྲིག་པའི་འགན་ཁུར་མྱོང་།   སློབ་མཐར་ཕྱིན་རྗེས་ཀྱི་གནས་ཚུལ། ནུབ་བྱང་མི་རིགས་སློབ་ཆེན་སོགས་གཙོས་སློབ་གླིང་རེ་འགའ་ན་སློབ་སྦྱོང་བྱེད་བཞིན་ཡོད།     འབྲེལ་གཏུག་ཁ་པར།18794018779   སྐད་འཕྲིན།582040989གླེང་མོལ།582040989

     13-2 སྐབས་བཅུ་གསུམ་པའི་དྲ་ལམ་འཕྲིན་གཏོང་བ། འཇམ་དབྱངས་སྦྱིན་པ།  ཕ་ཡུལ།  ཀླུ་ཆུ་ཟམ་ཚ།   ༢༠༡༠ ལོའི་མཐར་ཕྱིན་སློབ་མ་ཡིན། ད་ལྟ་ཁོ་བླ་བྲང་བཀྲ་ཤིས་འཁྱིལ་ན་ཡོད། འབྲེལ་གཏུག་ཁ་པར། 13519425256  

    14-2-1  ཆོས་སྐྱོང་རྒྱལ། 1990.9.12ཉིན་བྲག་དཀར་རྫོང་ཧོལ་ཁ་ཧྲོང་བོ་སྡེ་བར་སྐྱེས། སློབ་གྲྭ་ཆུང་འབྲིང་རིམ་པར་བརྒྱུད། 2007ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཞུགས། 2011ལོར་དེ་ནས་མཐར་ཕྱིན་རྗེས། དཀར་མཛེས་རྟའུ་རྫོང་གཡུ་ཁོག་ཏུ་དགེ་རྒན་ལ་སོང་། 2014ལོར་མཚོ་སྔོན་མི་རིགས་སློབ་ཆེན་དུ་ཞུགས།  མ་འོངས་པར་དགེ་རྒན་ཞིག་བྱ་བའི་རེ་བ་ཆེ། 

    14-2-2 དངོས་མིང་ལ་བྱམས་པ་རྒྱ་མཚོ། སྤྱི་ལོ་༡༩༨༨ལོར་ཕ་ཡུལ་རྐང་ཚར་སྐྱེས། ༢༠༠༩ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཞུགས་ཏེ་༢༠༡༢ལོར་མཐར་ཕྱིན། ད་སྐབས་རྐང་ཚའི་རུ་མང་དགོན་བཤད་སྒྲུབ་དར་རྒྱས་གླིང་དུ་ཆོས་རིག་སྒྲོན་མེ་ཚན་ཆུང་ཟེར་བ་ཞིག་ལས་ཕ་སྐད་དོ་དོམ་དང་ཆོས་རིག་ཟབ་སྦྱོང་འཛིན་གྲྭ་ཞེས་པ་ཞིག་གཉེར་གྱིན་མཆིས། གཞན་དེང་གི་དྲ་བར་ཁྲི་གཤོག་སྙེ་མའི་རྩོམ་རིག་འཕྲིན་སྟེགས་ཞེས་པར་རྩོམ་སྒྲིག་གི་ལས་ཀ་ཆུང་ཆུང་ཞིག་གཉེར་གྱིན་མཆིས། 

 

  16-1 མིང་།     རྒྱ་འདུ་སངས་རྒྱས།     ཕ་ཡུལ། ཀན་སུའུ་ཞིང་ཆེན་མདོ་ལྷོ་ཁུལ་བསང་ཆུ་རྫོང་ཨ་མཆོག་ཡ་རུ་རྒྱུད་ཡུལ་ཚོ།         གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་བཅུ་དྲུག་པའི་མཐར་ཕྱིན་སློབ་མ། ད་ལྟའི་ལས་གཞི། གངས་ལྗོངས་མུན་སེལ་སྣང་བྱིན་སློབ་གྲྭའི་དགེ་རྒན་གྱི་མིང་ཙམ་འཛིན་ཁུལ་བྱས་ཡོད། ལས་ཞོར། ཨ་མཆོག་༼སྤྲིན་གྱི་མེ་ཏོག་༽རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པ་བཅས་ཀྱི་འགན་ཁུར་མུས་སུ་ཡོད།   ཁ་པར་ཨང་གྲངས། ༡༥༩༩༧༠༩༠༢༣༣

     16-2 སྐབས་བཅུ་དྲུག་པའི་མཐར་ཕྱིན་འཛིན་གྲྭ་དང་བོའི་དྲ་ལམ་འཕྲིན་གཏོང་བ། མིང་།གཙང་རྡོ། ཕ་ཡུལ། རྭ་རྒྱ་གཙང་ལྷ་སྡེ།  ལས་རིགས། བརྙན་ལེན་དང་སྒྲིག་སྦྱོར། འབྲེལ་གཏུག་ཨང་གྲངས།15109738894

17-2 ངའི་མིང་ལ་ཐེབ་ཐོགས་ཕྲུག་ཟེར། སྐབས་བཅུ་བདུན་པའི་མཐར་ཕྱིན་འཛིན་གྲྭའི་གསར་འགོད་པ་ཡིན། ཉིས་སྟོང་བཅུ་གསུམ་ལོར་མ་ཡུམ་སློབ་གྲྭ་ནས་མཐར་ཕྱིན་ཏེ་ལྷོ་ནུབ་མི་རགས་སློབ་ཆེན་དང་མཚོ་སྔོན་དགེ་ཐོན་སོགས་སུ་སློབ་གཉེར་བྱས། ཀླུ་ཚང་དགོན་དང་ལྷ་མོ་དྲེལ། ཆོས་བརྩིགས་དགོན་སོགས་སུ་ཐོས་བསམ་བྱས་མྱོང་།  ད་ལྟ་མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཡོངས་འཛིན་བོད་ཡིག་འཚོལ་བཤེར་ཁང་དུ་ཡོད། ལས་ཞོར་དུ་དཔེ་ཆ་ཆིག་སྟོང་ལྷག་བཀླགས་ཏེ་དཔེ་ཀློག་ཟིན་བྲིས་བཀོད། ད་རུང་མུ་ནས་བོད་ཀྱི་མཁས་གྲུབ་སྔ་མའི་གསུང་རབ་གང་མང་ཞིག་ལ་མཇལ་འདོད་ཡོད།

3

 17-2  དངོས་མིང་ཚེ་རིང་སྦྱིན་པ།སྨྱུག་མིང་། སེར་སྐོར་འཇམ་ཚེ། ཕ་ཡུལ་མགོ་ལོག་ཁུལ་དགའ་བདེ་རྫོང་གོང་སྟོད་ཡུལ་ཚོ་སེར་སྐོར་སྡེ་བ། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནས་སྐབས་བཅུ་བདུན་པའི་མཐར་ཕྱིན་སློབ་མ་ཡིན་ལ་ད་རུང་མུ་མཐུད་དུ་སློབ་གྲྭ་འགྲིམ་བཞིན་ཡོད།

   16-1-1 དངོས་མིང་ལ་བཀྲ་ཤིས་རྒྱ་མཚོ་དྲྭ་མིང་ལ་རྨ་ལྷོ་དགུ་མདུད་ཟེར།  སྤྱི་ལོ་1985ལོར་རྨ་ལྷོ་སོག་རྫོང་ཁུ་སིན་ཡུལ་ཚོའི་བེ་སི་སྡེ་བའི་རུ་ཁག་གསུམ་པའི་འབྲོག་ཁྱིམ་ཞིག་ཏུ་སྐྱེས་ཤིང་།  སྤྱི་ལོ་1998ལོར་རབ་དུ་བྱུང་ནས་ཤིང་བཟའ་དགོན་བཀྲ་ཤིས་བདེ་ལེགས་འཁྱིལ་བའི་གླིང་གི་ཚོགས་གྲལ་དུ་ཞུགས་ཏེ་ཡི་གེའི་སྦྱོར་བཀླག་ནས་ཁ་དོགས་དཀར་དམར་བསྡུས་ཆུང་བསྡུས་འབྲིང་སོགས་ཕར་ཕྱིན་གྱི་བར་སློབ་གཉེར་གྱི་གཟུགས་ཙམ་བྱས།  2008ལོར་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་དུ་ཞུགས་ནས་སུམ་རྟགས་དག་གསུམ་དང་སྙན་ངག་ལོ་རྒྱུས་སོགས་སློབ་རིམ་ལྟར་བསྦྱངས་ནས་2013ལོར་སྐབས་བཅུ་དྲུག་པའི་མཐར་ཕྱིན་འཛིན་གྲྭ་ནས་མཐར་ཕྱིན།  2016ལོར་ཤིང་བཟའ་དགོན་གྱི་གྲྭ་རྒྱུན་གསོ་སྐྱོངའཛིན་གྲྭའི་དགེ་རྒན་དུ་བཞག   2018ལོར་མཚོ་སྔོན་ནང་བསྟན་སློབ་གླིང་གི་བཀའ་བཞི་འཛིན་གྲྭར་རྒྱུགས་འཕྲོད།  ད་ལྟ་སློབ་གཉེར་བྱེད་ཞར་དུ་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གི་གསར་འགོད་པ་དང་རྨ་ལྷོ་སོག་རྫོང་གི་བརྩེ་སེམས་ཚོགས་པའི་ཚོགས་མི་བྱས་ཡོད །འབྲེལ་གཏུག་ཁ་པར།  1511099222

     16-2   མིང་།  པདྨ་ཚེ་རིང་།   མཐར་ཕྱིན་སྐབས་བཅུ་དྲུག་པ།   སྡོད་གནས།  ཁྲི་ཀ  གསར་འགོད་ལས་འགན།  བརྙན་ལེན་སྒྲིག་སྦྱོར་ཚན་ཆུང་།  ཚབ་ཨང་། 2018021 ཁ་པར།  15597354666

   18-1  མིང་ལ་ཨོ་རྒྱན་རབ་གསལ་ཟེར་ཞིང་༡༩༩༣ལོར་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ཡུལ་ཤུལ་རྫོང་ཟུར་མང་ཡུལ་ཚོར་སྐྱེས།༢༠༡༠ལོར་ཕ་ཡུལ་ནས་དམའ་འབྲིང་མཐར་ཕྱིན་ཏེ་ལོ་དེའི་ཟླ་བདུན་པའི་ནང་ནས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཞུགས་ཤིང་༡༠༡༥ལོར་སྐབས་བཅོ་བརྒྱད་པའི་མཐར་ཕྱིན་སློབ་མ་ཞིག་གི་མིང་ཁུར་ནས་མཐར་ཕྱིན།

18-2  མིང་། ཐེབ་རྟ་མགྲིན་ཐར། ཕ་ཡུལ་མཚོ་ལྷོ་ཁུལ་གསེར་ཆེན་རྫོང། སྐབས་བཅོ་བརྒྱད་པའི་གསར་འགོད་པ། ཁ་པར། ༡༣༩༠༩༧༤༩༩༣༩

    19-1འཇིགས་མེད་གྲགས་པ། ས་གནས། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་ཟམ་ཚའི་འབྲོག  ལས་རིགས་གྲྭ་བ།  ཆུང་དུས་ནས་རབ་ཏུ་བྱུང་སྟེ་སྟག་ཚང་ལྷ་མོ་གསེར་ཁྲི་དགོན་དགའ་ལྡན་བཤད་སྒྲུབ་པད་དཀར་གྲོལ་བའི་གླིང་གི་ཆོས་སྒོར་ཞུགས། གངས་ལྗོངས་ཤེས་རིག་ནོར་བུའི་གླིང་གི་མཐར་ཕྱིན་སྐབས་བཅུ་དགུ་བའི་སློབ་མའི་མིང་ཙམ་ཁུར།  མ་ཡུམ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནས་སློབ་སྦྱོང་གི་ཞོར་དུ་འབྲིང་རིམ་ནས་ནང་ཁུལ་རྩོམ་སྒྲིག་པ་དང་ལུས་རྩལ་སྣེ་ཁྲིད་པའི་འགན་ཁུར། མཐོ་གཉིས་སྐབས་དགེན་དམ་པའི་བཀའ་གསུང་བཞིན་ནང་ཁུལ་ཤེས་རིག་འགྲན་གླིང་གི་སྣེ་ཁྲིད་པ་དང་སློབ་གླིང་སྤྱིའི་རྩོམ་སྒྲིག་ཚན་ཆུང་གི་ཚོགས་མིའི་འགན་ཁུར། གཞན་ཡང་སྤྱི་ལོ་2015ལོའི་མ་ཡུམ་སློབ་གླིང་གི་སྐབས་ཉེར་གཅིག་པའི་ལུས་རྩལ་འགྲན་ཚོགས་ཆེན་མོའི་གཙོ་འགན་པ་དང་། གཏམ་བཤད་ནོར་བུའི་ཕྲེང་བའི་སྐབས་དང་བོའི་འགོ་འཛིན་པ་སོགས་བྱས་མྱོང་།ད་ལྟ་བླ་བྲང་བཀྲ་ཤིས་འཁྱིལ་སོགས་སུ་སློབ་སྦྱོང་ལ་འབད་ཁུལ་བྱེད་བཞིན་ཡོད།

   19-2 ཀརྨ་ཚུལ་ཁྲིམས་རྣམ་རྒྱལ། ༡༩༩༢ལོར་ཆུ་དམར་ལེབ་ཆུ་དམར་ཡུལ་ཚོ་མཚོ་ཁྲི་སྡེ་བར་སྐྱེས། ལོ་བརྒྱད་ནས་སྡེ་བའི་སློབ་གྲྭར་ཞུགས། དེ་ནས་རིམ་བཞིན་ལྷ་ས་དང་ན་གོར་མོ། ཟི་ལིང་། ལན་ཀྲུའུ། ཁྲིན་ཏུའུ་སོགས་སུ་སློབ་གཉེར་དུ་བྱས། ༢༠༡༠ལོར་མ་ཡུམ་སློབ་གྲྭ་སྟེ། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཞུགས། ༢༠༡༥ལོར་མཐར་ཕྱིན། ད་ལྟ་ཆུ་དམར་ལེབ་ཏུ་སྒེར་གཉེར་ཕྱུགས་ལས་མཐུན་གཉེར་ཁང་དང་སྣ་མང་གསོ་སྦྱོང་ལྟེ་གནས་ཤིག་བསྐྲུན་པར་འབད་ཀྱིན་ཡོད།

   མིང་ལ་འཇམ་དབྱངས་ཆོས་འཕེལ་ཟེར། ཕ་ཡུལ་མཚོ་བྱང་རྐང་ཚ་ཡིན།  རང་ས་གནས་ནས་མཐོ་འབྲིང་བར་འགྲིམས་ཤིང་། ཉིས་སྟོང་བཅུ་གསུམ་ལོར་མ་ཡུམ་སློབ་གླིང་དུ་ཞུགས། ཉིས་སྟོང་བཅུ་དྲུག་ལོའི་ཟླ་བདུན་པར་མཐར་ཕྱིན་སྐབས་བཅུ་དགུ་བའི་མིང་ཙམ་ཁུར།  ད་ལྟ་ཡིན་ནའང་མུ་ནས་མུ་རུ་སློབ་སྦྱོང་བྱེད་མོས་ཡོད།

འབྲེལ་གཏུག་ཁ་པར། ༡༥༩༩༧༠༠༧༡༦༥


    ངའི་མིང་ལ་མཁའ་འགྲོ་རྒྱལ་ཟེར་ཞིང་གོ་བཞི་ལོའི་སྟོན་ཁར་མཚོ་ལྷོ་མང་རའི་འབྲོག་སྡེ་ཞིག་ཏུ་ལང་ཚོའི་མྱུ་གུ་འབུས།  ཆུང་དུས་ནས་ན་མཉམ་དག་དང་ལྷན་དུ་སློབ་གྲྭ་ཆུང་འབྲིང་གི་སྒོ་ཐེམ་འགྲིམས། ཉིས་སྟོང་བཅུ་གསུམ་ལོར་སྐལ་བ་བཟང་བོས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཞུགས་ཐུབ་པ་བྱུང་བས་ལོ་ངོ་གསུམ་གྱི་རིང་ལ་དགེ་རྒན་བཀའ་དྲིན་ཅན་ཚོའི་ཐུགས་ཀྱིས་བསྐྱངས། ཉིས་སྟོང་བཅུ་དྲུག་ལོར་སྐབས་བཅུ་དགུ་བའི་མཐར་ཕྱིན་སློབ་མའི་མིང་ཙམ་ཁུར་ཏེ་སློབ་མཐར་ཕྱིན། ད་ལྟ་སློབ་སྦྱོང་གི་རྒྱུན་སྐྱོང་བཞིན་ལགས།

འབྲེལ་གཏུག་ཁ་པར། 15597088850

  20. མིང་། སངས་རྒྱས་རྒྱལ།  ཕ་ཡུལ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཧང་ངེ་རྫོང་ངམ་བྲག་དཀར་རྫོང་དུ་སྐྱེས། ཆུང་དུས་སྡེ་བའི་སློབ་ཆུང་འགྲིམས་པ་ནས་རིམ་བཞིན་རྫོང་མི་རིགས་ཆ་ཚང་སློབ་འབྲིང་དང་། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་།  ལྷ་སའི་ལམ་བཟང་སྐད་ཡིག་སློབ་གྲྭ། བླ་བྲང་བཀྲ་ཤིས་འཁྱིལ། ནུབ་བྱང་མི་རིགས་སློབ་ཆེན་སོགས་སུ་སློབ་གཉེར་བྱས། ད་ལྟ་མཚོ་སྔོན་མི་རིགས་སློབ་ཆེན་གྱི་རབ་འབྱམས་ཞིབ་འཇུག་འདོན་བཞིན་ཡོད།

  21-1   མིང་།  ཚེ་རིང་ཕུན་ཚོགས།   ཕ་ཡུལ།   ལི་ཐང་།   སློབ་ཞུགས་དུས་2012.9.8  སློབ་མཐར་ཕྱིན་དུས།  2018.7.8   སློབ་ཚོགས་ནང་ཁུལ་གྱི་ལས་འགན།    གསར་འགོད་པ།   བསླབ་གནས།   ཆེད་ལས་མཐོ་འབྲིང་མཐར་ཕྱིན།   ཁ་པར།  13548052184   སྒྲིག་ཨང་།  tmjy 140040   སྐད་འཕྲིན།   Phuntsog9456


  21-2  མིང་།  བཀྲ་ཤིས།  ཕ་ཡུལ།   མགོ་ལོག་རྭ་རྒྱ།   སློབ་ཞུགས་དུས་2012.9.8  སློབ་མཐར་ཕྱིན་དུས།  2018.7.8 སློབ་ཚོགས་ནང་ཁུལ་གྱི་ལས་འགན།   གསར་འགོད་པ།   བསླབ་གནས།   ཆེད་ལས་མཐོ་འབྲིང་མཐར་ཕྱིན།    ཁ་པར།  15695356652   སྒྲིག་ཨང་།  tmjy 140041   སྐད་འཕྲིན།  BERewaj

    22-1  ངའི་མིང་ལ་བསོད་ནམས་ལྷུན་གྲུབ་ཟེར།   ༡༩༩༧ལོར་ཁམས་ནང་ཆེན་དུ་སྐྱེས་ཤིང་། སྔ་རྗེས་སུ་དེ་གའི་སློབ་གྲྭ་ཆུང་འབྲིང་དང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་སོགས་སུ་སློབ་སྦྱོང་བྱས།  ད་ལྟ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་དུ་སློབ་སྦྱོང་བྱེད་བཞིན་ཡོད།  དགའ་ཕྱོགས་ལྟར་དཔེ་ཀློག་གི་ཞོར་དུ་གསར་རྩོམ་གྱི་བྱ་བར་གཉེར་ཏེ་གཞུང་སྒེར་གྱི་དུས་དེབ་དང་དྲྭ་ལམ་ཁག་ཏུ་སྙན་རྩོམ་དང་།  ལྷུག་རྩོམ།  དཔྱད་རྩོམ་ཐོར་བུ་རེ་བཀོད་མྱོང་།  སྐབས་ཉེར་གཉིས་པའི་མཐར་ཕྱིན་འཛིན་གྲྭ་དང་བོ།

    22-1 མིང་།  ཐུབ་བསྟན་དར་རྒྱས། ཕ་ཡུལ།   མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དར་ལག་རྫོང་།  སློབ་ཞུགས་དུས་2016.9.8  སློབ་མཐར་ཕྱིན་དུས།  201.7.8   སློབ་ཚོགས་ནང་ཁུལ་གྱི་ལས་འགན།    གསར་འགོད་པ།   བསླབ་གནས།   ཆེད་ལས་མཐོ་འབྲིང་མཐར་ཕྱིན།   ཁ་པར།  17697326676   སྒྲིག་ཨང་།  tmjy 140043  སྐད་འཕྲིན།         15597685851

  22-2  ངའི་མིང་ལ་་རིན་ཆེན་ནོར་བུ་ཟེར།  སི་ཁྲོན་ཞིང་ཆེན་སེར་ཤུལ་རྫོང་དུ་སྐྱེས།  སློབ་གྲྭ་ཆུང་འབྲིང་རིམ་བཞིན་བརྒྱུད་རྗེས་ཉིས་སྟོང་བཅུ་དགུ་ལོར་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་ནས་སློབ་མཐར་ཕྱིན་པ་ཡིན་ལ།  ལོ་དེའི་མཐར་ཕྱིན་འཛིན་གྲྭ་གཉིས་པ་ཡིན།  ད་ལྟ་རང་འཛིན་གྲྭའི་གསར་འགོད་པའི་མིང་ཙམ་འཁུར་ཞོར་སློབ་གཉེར་གྱི་ལམ་ན་ཡོད།
ཁ་པར་ཨང་གྲངས།  18909758705

  22--2 ངའི་མིང་ལ་བཀྲ་ཤིས་ཟེར་ཞིང་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཁྱུང་མཆུ་རྩྭ་ཐང་ནས་སྐྱེས།  གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་གཉིས་པའི་མཐར་ཕྱིན་སློབ་མ་ཡིན།  ད་ཆ་ངེད་གངས་དཀར་བུ་རྒྱུད་དམ་མཐར་ཕྱིན་འཛིན་གྲྭ་གཉིས་པའི་གསར་འགོད་པ་དང་།  སློབ་གཉེར་ཐན་ཐུན་གྱི་ཞོར་དུ་དགེ་རྒན་དཀྱུས་མ་ཞིག་གི་ངང་ཚུལ་བཟུང་ཡོད། 
ཁ་པར་ཨང་གྲངས།  15609758082

23-1   མིང་ལ་རྒྱུ་ཐ་མཐོང་དགའ་ཟེར།  ཕ་ཡུལ།   སི་ཁྲོན་དཀར་མཛེས་ཁུལ་བྲག་མགོ་རྫོང་།   2017ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཞུགས་ཤིང་2020ལོར་སློབ་མཐར་ཕྱིན།   སློབ་མཐར་ཕྱིན་རྗེས་སློབ་གླིང་གི་དྲ་བའི་གསར་འགོད་པའི་འགན་ཁུར་ཡོད།      བསླབ་གནས།   ཆེད་ལས་མཐོ་འབྲིང་མཐར་ཕྱིན།    སྒྲིག་ཨང་།  tmjy 140048     ཁ་པར།  18111312700


23-1   མིང་ལ་སེང་ཆུང་ཟེར།  ཕ་ཡུལ།   མགོ་ལོག་གཅིག་སྒྲིལ་བར་གཞི་ཡུལ་ཚོ།    2016ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཞུགས་ཤིང་2020ལོར་སློབ་མཐར་ཕྱིན།   སློབ་མཐར་ཕྱིན་རྗེས་སློབ་གླིང་གི་དྲ་བའི་གསར་འགོད་པའི་འགན་ཁུར་ཡོད།      བསླབ་གནས།   ཆེད་ལས་མཐོ་འབྲིང་མཐར་ཕྱིན།    སྒྲིག་ཨང་།  tmjy 140049     ཁ་པར།  18009755879

23-2   མིང་ལ་སྐལ་བཟང་ལུང་རིགས་ཟེར།  ཕ་ཡུལ།   ཀན་ལྷོ་ཀླུ་ཆུ།   2017ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཞུགས་ཤིང་2020ལོར་སློབ་མཐར་ཕྱིན།   སློབ་མཐར་ཕྱིན་རྗེས་སློབ་གླིང་གི་དྲ་བའི་གསར་འགོད་པའི་འགན་ཁུར་ཡོད།      བསླབ་གནས།   ཆེད་ལས་མཐོ་འབྲིང་མཐར་ཕྱིན།    སྒྲིག་ཨང་།  tmjy 140047     ཁ་པར།  17697057095

 23-2    མིང་ལ་རྒྱ་མཚོ་ཟེར།  ཕ་ཡུལ།   སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་རྔ་བ་རྫོང་།    2017ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཞུགས་ཤིང་2020ལོར་སློབ་མཐར་ཕྱིན།   སློབ་མཐར་ཕྱིན་རྗེས་སློབ་གླིང་གི་དྲ་བའི་གསར་འགོད་པའི་འགན་ཁུར་ཡོད།      བསླབ་གནས།   ཆེད་ལས་མཐོ་འབྲིང་མཐར་ཕྱིན།    སྒྲིག་ཨང་།  tmjy 140046     ཁ་པར།    17683077727

  24-1  མིང་།  གཡང་དྲུང་དར་རྒྱས།   2017.9.9ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཞུགས་ཤིང་2021.ལོར་སློབ་མཐར་ཕྱིན།   སློབ་མཐར་ཕྱིན་རྗེས་སློབ་གླིང་གི་དྲ་བའི་གསར་འགོད་པའི་འགན་ཁུར་ཡོད།      བསླབ་གནས།   ཆེད་ལས་མཐོ་འབྲིང་མཐར་ཕྱིན།    སྒྲིག་ཨང་།  tmjy 140052     ཁ་པར།  17509759256

   24-1  མིང་།  ཀུན་དགའ་ཚེ་རིང་།    2017ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཞུགས་ཤིང་2021.ལོར་སློབ་མཐར་ཕྱིན།   སློབ་མཐར་ཕྱིན་རྗེས་སློབ་གླིང་གི་དྲ་བའི་གསར་འགོད་པའི་འགན་ཁུར་ཡོད།      བསླབ་གནས།   ཆེད་ལས་མཐོ་འབྲིང་མཐར་ཕྱིན།    སྒྲིག་ཨང་།  tmjy 140053     ཁ་པར།  18080988444


  24- མིང་།  བཀྲ་ཤིས་ཚེ་རིང་།  2017ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཞུགས་ཤིང་2021ལོར་སློབ་མཐར་ཕྱིན།   སློབ་མཐར་ཕྱིན་རྗེས་སློབ་གླིང་གི་དྲ་བའི་གསར་འགོད་པའི་འགན་ཁུར་ཡོད།      བསླབ་གནས།   ཆེད་ལས་མཐོ་འབྲིང་མཐར་ཕྱིན།    སྒྲིག་ཨང་།  tmjy 140050     ཁ་པར།    18227721833

  24- མིང་།  སྟག་ལྷ།   2017ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཞུགས་ཤིང་2021ལོར་སློབ་མཐར་ཕྱིན།   སློབ་མཐར་ཕྱིན་རྗེས་སློབ་གླིང་གི་དྲ་བའི་གསར་འགོད་པའི་འགན་ཁུར་ཡོད།      བསླབ་གནས།   ཆེད་ལས་མཐོ་འབྲིང་མཐར་ཕྱིན།    སྒྲིག་ཨང་།  tmjy 140051     ཁ་པར།  17887820101


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། tqiw བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
8384538
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།