སློབ་གླིང་དྲ་ཚིགས་གསར་འགོད་ཚན་ཆུང་།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2021 ལོའི་ཟླ 9 ཚེས 20 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སློབ་གླིང་གི་རྩ་འཛུགས། »སློབ་གླིང་དྲ་ཚིགས་གསར་འགོད་ཚན་ཆུང་།
སློབ་གླིང་དྲ་ཚིགས་གསར་འགོད་ཚན་ཆུང་།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2016-01-07ལྟ་ཀློག (6190)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

སྤྱི་ཚོགས་སྟེང་བཞུགས་པའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་ཚིགས་གསར་འགོད་པ།

 

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་བའི་གསར་འགོད་ལྷན་ཚོགས་ཀྱི་སྒྲིག་ཡིག

དང་བོ།  གསར་འགོད་ལྷན་ཚོགས་ཀྱི་ཚོགས་མི་རེ་རེས་གསར་འགོད་པའི་འགན་དང་ལེན་བྱས་ཏེ་དུས་ལྟར་འཕྲིན་གཏོང་བ་དང་།  རང་དྲྭ་བའི་ཕྱོགས་ཡོངས་ལ་ཤུགས་སྣོན་གནང་རྒྱུ།    

གཉིས་པ།  ཟླ་རེར་གསར་འགོད་པ་རེ་ནས་མ་མཐའ་ཡང་གཞན་བཤུས་ཙམ་མ་ཡིན་པའི་གསར་འགོད་དང་བཅར་འདྲི་གལ་ཆེན་སོགས་རྩོམ་ཡིག་ཚད་ལྡན་གཅིག་ངེས་པར་དུ་འདི་ག་རྩོམ་སྒྲིག་ཁང་ལ་མཁོ་སྤྲོད་གནང་དགོས།

གསུམ་པ།  འདིར་མཁོ་སྤྲོད་བྱས་ཟིན་པའི་བརྩམས་ཆོས་རྣམས་ལ་རང་དྲ་བའི་རྩོམ་སྒྲིག་ཚན་ཆུང་གི་དཔྱད་བསྡུར་ཞིབ་མོ་གནང་བ་བརྒྱུད་ནས་ཚད་ལྡན་རྩོམ་ཡིག་དག་འཕྲིན་གཏོང་བའི་མིང་དང་བཅས་དྲྭ་ངོས་སུ་དུས་ལྟར་འགོད་རྒྱུ། 

བཞི་བ།  གསར་འགོད་པ་སུས་ཀྱང་སྤྱི་ཚོགས་ཀྱི་མཐུན་སྒྲིལ་དང་རྒྱལ་ཁབ་ཀྱི་ཆབ་སྲིད་ལ་འགལ་བའི་རྩོམ་ཡིག་སོགས་མཁོ་སྤྲོད་བྱས་མི་ཆོག  རྩོམ་ཡིག་མཁོ་སྤྲོད་སྐབས་རྩོམ་ཁུངས་གསལ་བོ་འབྲི་དགོས། 

ལྔ་བ།  ལོ་རེར་རང་དྲ་བའི་གསར་འགོད་ལྷན་ཚོགས་ཀྱི་བྱ་བའི་གྲུབ་འབྲས་ལ་སྤྱི་བསྡོམས་ཆེན་པོ་ཐེངས་གཅིག་བྱ་རྒྱུ་དང་། ཕུལ་བྱུང་གསར་འགོད་པ་གཉིས་བདམས་ནས་རང་དྲ་ཚིགས་སུ་མཚམས་སྦྱོར་གནང་རྒྱུ་ཡིན་པར་མ་ཟད།  གསར་འགོད་ཀྱི་བྱ་བར་འགན་མི་འཁུར་བའི་རིགས་ལ་ཐག་གཅོད་བྱ་རྒྱུ། 

དྲུག་པ།   རང་དྲ་ངོས་སུ་བདམ་ཐོན་བྱུང་བའི་རྩོམ་ཡིག་རྣམས་དུས་ལྟར་གསར་འགོད་པ་རེ་རེས་བརྒྱུད་འགོད་བྱ་དགོས་པར་མ་ཟད། རང་དྲ་བའི་གསར་འགོད་ལྷན་ཚོགས་ཀྱི་བྱ་བར་ནམ་ཡང་རྒྱབ་སྐྱོར་དང་རམ་འདེགས་བྱེད་པ་ལས་ནང་ཕུན་ཚུན་གྱི་མཐུན་སྒྲིལ་ལ་གནོད་པའི་སྐད་ཆ་སོགས་བཤད་མི་ཆོག  

བདུན་པ།  གནས་ཚུལ་ཁྱད་པར་བའི་དབང་གིས་དུས་ལྟར་རྩོམ་ཡིག་མཁོ་སྤྲོད་གནང་མི་ཐུབ་མཁན་ཡོད་ན་སྔ་མོ་ནས་གསར་འགོད་ལྷན་ཚོགས་ཀྱི་ནང་དུ་ཡར་ཞུ་གནང་དགོས།  

བརྒྱད་པ། དྲ་བའི་གསར་འགོད་པ་སུས་ཀྱང་རང་རེའི་དྲ་བ་དང་འབྲེལ་བ་མེད་པའི་པར་རིས་དང་རྩོམ་ཡིག  གསར་འགྱུར་སོགས་བསྐུར་མི་ཆོག  

དགུ་བ།  གསར་འགོད་པ་སུ་ཡིན་ཡང་རང་དྲ་བའི་དགེ་སྐྱོན་གྱི་ཐད་ལ་བསམ་ཚུལ་བརྗོད་པའི་དབང་ཆ་ཡོད་པར་མ་ཟད།   གསར་འགོད་པ་ཕན་ཚུན་བར་ལའང་རེ་སྐུལ་དང་བསམ་ཚུལ་བརྗོད་པའི་དབང་ཆ་ཡོད།  

༢༠༡༥   ༩   ༤ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་བའི་རྩོམ་སྒྲིག་ཁང་གིས།