གྲུ་གཟིངས་ཀྱི་གཏམ་རྒྱུད།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བཅད་རྩོམ། »གྲུ་གཟིངས་ཀྱི་གཏམ་རྒྱུད།
གྲུ་གཟིངས་ཀྱི་གཏམ་རྒྱུད།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2016-01-07ལྟ་ཀློག (3360)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

གྲུ་གཟིངས་ཀྱི་གཏམ་རྒྱུད།    

                   ཧོར.ཞི་བདེ་རྒྱ་མཚོ།      
ང་ཡི་ལུས་འདི་བྲན་གཡོག་མི་ཡིས་བསྐྲུན།།
འགྲོ་འདུག་འདམ་ཀ་མི་ཆེན་དཔོན་གྱིས་བྱས།།
ཆུ་མོ་གཞུང་ནས་སྙན་ཚིག་རྐྱང་རྐྱང་བྲིས།།
ཁྲུང་ཁྲུང་དཀར་མོར་ཕྱི་མིག་ལན་གཅིག་འཕངས།།

ལུས་ཀྱི་ན་ཆུང་མཚོ་འདིས་དམ་ལ་བཏགས།།
སྙིང་གི་སྨོན་ལམ་ཁྲིམས་འདིའི་ཕྱི་ལ་བཏབ།།
མགོ་ནག་མི་དང་འགྲོགས་པའི་ངལ་དུབ་ཀྱིས།།
རི་སྤྱང་སྔོན་མོར་སྐྱོ་བའི་གཞས་ཞིག་བཏང་།།

ཕྱི་རོལ་ནོར་གྱི་ངོ་སོ་མི་ཡིས་བསྟད།།
ནང་རོལ་མི་ཡི་སེམས་གཅོང་མི་ཡིས་བཟོས།།
གོ་ལོག་མི་ཡི་དུང་སོ་དཀར་མོ་འདིས།།
གཏུམ་ཆེན་སྲུང་མའི་ཚོགས་ལ་སྐྲག་ཞིག་བསླངས།།

མགྲོན་པོའི་དགོད་སྒྲ་མཚོ་མོའི་ཀློང་ལ་ཟུག།
བདག་པོའི་ཞེ་རྩ་དངུལ་གྱི་འོད་ལ་ཟུག།
ཉམ་ཆུང་གཉའ་བར་བབས་པའི་ཕུར་བ་འདི།།
ལྷ་དབང་གཉིད་ལ་ཤོར་རྐྱེན་བདག་ལ་ཟུག།

མཐོ་བ་གནམ་ན་སྟོན་པའི་གླིང་ཞིག་ཡོད།།
ང་ཡི་བདག་པོ་ལྷ་ལ་དད་མི་ཤེས།།
མཚོ་འདིའི་གཏང་ན་མཛད་མེད་གཏེར་ཞིག་ཡོད།།
ང་ཡི་བདག་པོ་ཀླུ་དང་འགྲོགས་མི་ཤེས།།

སྒེས་ཁུང་ཆུང་ཆུང་ཞིག་སྣང་འོག་ན།།
ཉི་ཟླའི་དྲོད་འཇམ་ཙམ་གྱི་སྐྱིབས་འོག་ན།།
གནའ་བོའི་ཕུན་ཚོགས་ཀློག་པའི་ངལ་གསོ་འདི།།
ང་ཡི་བདག་པོའི་ལུང་བསྟན་ལྷག་མ་ཡིན།།

ཡོད་ཚད་འཕུར་སོང་བསམས་པས་སྡོད་མ་ཚིགས།།
གཟིམ་ཤག་རྐ་ཆུས་འཇིག་སྙམ་བློ་མ་བདེ།།
ཕྱི་ཡི་ངོ་མཚར་ཐོས་པས་གཉིད་མ་ཁུགས།།
ཅ་ནེ་ཆག་གྲུམ་འཆོར་སྙམ་བློས་མ་ཐོངས།།

མི་ཡི་ཡུལ་ན་རྩེད་མོ་རྫུན་མ་ཞིག།
ང་ཡི་ཐུགས་ན་ངར་འཛིན་ངོ་མ་ཞིག།
བདག་པོའི་རྗེས་ན་མུག་ཕྲུག་ནད་པ་ཞིག།
ཆུ་མོའི་གཞུང་ན་འཆི་མ་མཛད་མེད་ཅིག།

ཐོ་རེངས་བྱ་ཕོས་འབོད་བརྡ་ལན་གསུམ་བརྒྱབ།།
གཙང་བོའི་འགྲམ་ནས་འབྱུང་བོ་ཁྱུ་གཅིག་བཅུས།།
སྨག་རིམ་ཁྲོད་ནས་དུང་བརྡ་ཐེངས་གསུམ་བཏང་།།
རི་ཚོགས་གཉིད་ལ་ཡུར་བའི་ལྷིང་འཇགས་གཤགས།།

མདུན་ན་ཆུ་སྲིན་ལྟོགས་པའི་བྲེད་ཤ་རྒོད།།
རྒྱབ་ན་མགོ་ནག་མི་ཡི་ཁ་རླངས་འབར།།
ད་ནི་གསོན་རེ་བྲལ་བ་ཤིན་དུ་གསལ།།
ཁྲུང་ཁྲུང་དཀར་མོར་ཕྱིར་མིག་ཡང་གཅིག་འཕངས།།   

སྐབས་དང་པོའི་མཐར་ཕྱིན་སློབ་མ་དཀོན་མཆོག་རྒྱ་མཚོའམ་ཧོར.ཞི་བདེ་རྒྱ་མཚོས་གངས་རྒྱན་མེ་ཏོག་སྟེང་དུ་བཀོད་ཡོད།

རྩོམ་ཡིག་མཁོ་སྤྲོད་པ། སྐར་ཆེན།


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ། ཨ་བུ་འབྲོང་།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 52t8 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23531442
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།